ཕྱི་ཟླ་ ༤ ༢༠༡༡

གནོད་ཐེབས་མི་མང་གིས་སེམས་མི་ཕམ་པར་འབད་བརྩོན་གནང་དགོས།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༤ཚེས་༢༩ཉིན། ཟླ་འདིའི་ཕྱི་ཚེས་༢༩ཉིན། ཉི་ཧོང་ནང་༣པའི་༡༡ཉིན་གྱི་གོད་ཆག་བྱུང་ནས་ཞག་པོ་༤༩ལོན་པར་གྷོ་ཁོ་ཁོའུ་ཇེ་ལྷ་ཁང་དུ་༧གོང་ས་མཆོག་གིས་བསྔོ་སྨོན་ཆུ་ཚོད་གཅིག་རིང་མཛད་ཡོད་འདུག

དེ་ལས་མང་བ།

བཀའ་ཤག་གི་མཁས་དབང་བློ་བཟང་སེང་གེ་ལགས་ལ་འཚམས་འདྲི།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༤ཚེས་༢༩ཉིན། ཟླ་འདིའི་ཕྱི་ཚེས་༢༨ཉིན། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྐབས་གསུམ་པའི་བཀའ་ཁྲི་བློ་བཟང་སེང་གེ་ལགས་ལ་འཚམས་འདྲི་གནང་འདུག

དེ་ལས་མང་བ།

སུད་སི་ནང་བོད་ཨ་མདོ་རྔ་པ་རྫོང་གི་ཆེད་དུ་ཞི་རྒོལ་གནང་པ།

ད་རིང་ཕྱི་ཚེས་༢༦གྱི་ཕྱི་དྲོ་ཕྱག་ཚོད་༦་༣༠ནས་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་གོ་སྒྲིག་ཞུས་པས་ས་གནས་འཛུ་རིག་ཏུ་མི་མང་༤༥༠ལྷག་སྐོར་ནས་

དེ་ལས་མང་བ།

༧གོང་ས་མཆོག་ལ་བརྟན་བཞུགས་དང་ལས་བྱེད་ཚོའི་དམ་བཅའ།

ཟླ་འདིའི་ཚེས་༢༢ ཉིན་བཙན་བྱོལ་བོད་གཞུང་གི་ལས་བྱེད་ཚོའི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་ཤིག་ཕུལ་ཡོད་པ་དང་། སྐབས་དེར་གཞུང་གི་སྲི་ཞུ་བ་རྣམས་ཀྱིས་༧གོང་ས་མཆོག་ལ་གསོལ་འདེབས་ཞུ་དགོས་རིགས་དང་། སྤངས་བླང་གི་དམ་བཅའ་ཕུལ་ཡོད་པ་རེད།

དེ་ལས་མང་བ།

ཡུ་རོབ་གྲོས་ཚོགས་ཀྱི་ཀིརྟི་དགོན་པར་རྒྱབ་སྐྱོར་གྱི་བསྒྲགས་གཏམ།

ད་སྐབས་ཀིརྟི་དགོན་གྱི་གྲྭ་པ་བཀག་ཉར་བྱས་པ་རྣམས་མྱུར་དུ་གློད་གྲོལ་དང། དགོན་པ་ནས་བསྐྲད་པ་རྣམས་བསྐྱར་འཇུག་གིས་སློབ་གཉེར་གྱི་གོ་སྐབས་འབུལ་དགོས་པ།

དེ་ལས་མང་བ།

བལ་ཡུལ་དུ་ཟས་བཅད་ངོ་རྒོལ་དང་ཉེན་རྟོག་པའི་དམ་དྲག

བལ་ཡུལ་དུ་ཀ་ཐཱ་མན་ཀྲུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་མི་ཞེ་གསུམ་ཙམ་ནས་མཆོད་འཇོར་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཚོགས་ཁང་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

དེ་ལས་མང་བ།

རྒྱ་གཞུང་གིས་བོད་ཀྱི་ཆོས་དད་རང་དབང་ལ་གུས་བརྩི་དགོས་པའི་འབོད་སྐུལ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༤ཚེས་༡༥ཉིན། ཕྱི་ཚེས་༡༤ཉིན། ཨ་རིའི་ནང་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་གསར་བསྒྲགས་ཤིག་གི་ཐོག བོད་ཤར་ཕྱོགས་རྔ་བ་ཀིརྟི་དགོན་པར་རྒྱ་ནག་གིས་དྲག་གནོན་མུ་མཐུད་ནས་བྱེད་བཞིན་པར་སྐྱོན་བརྗོད་དང༌།

དེ་ལས་མང་བ།

བལ་གཞུང་གིས་བོད་མི་རྩིས་སྤྲོད་བྱ་རྒྱུར་ཁས་ལེན་བྱས་པ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༤ཚེས་༡༢ཉིན། བལ་ཡུལ་གཞུང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་རིགས་དམ་དྲག་བྱ་རྒྱུ་ཁས་ལེན་བྱས་འདུག་པ་དང༌། གནས་ཚུལ་འདི་ཉེ་ཆར་ཨ་རིའི་གཞུང་དང་ཡོ་རོབ་གྲོས་ཚོགས་ཀྱིས་བལ་ཡུལ་གཞུང་ལ་བོད་མི་སྐྱབས་བཅོལ་བར་ལྟ་ཚུལ་ཐད་སྐྱོན་བརྗོད་བྱས་མ་ཐག་བྱུང་བའི་གནས་ཚུལ་ཞིག་རེད།

དེ་ལས་མང་བ།

སློབ་སྦྱོང་ལ་ཁ་གཡར་ནས་བཙོན་ཁང་ནང་འཁྲིད་རྩིས་འདུག་ཟེར།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༤ཚེས་༡༢ཉིན། ཟླ་འདིའི་ཚེས་༡༢ཉིན་བོད་ཨ་མདོ་རྔ་པའི་ནང་གི་ཛ་དྲག་གི་གནས་ཚུལ་ཐོན་པ་ལྟར་ན། ཉིན་ཤས་གོང་ནས་གྲྭ་པ་དགུང་ལོ་ ༡༨ ནས་ ༤༠བར་ཚང་མ་ས་གནས་གཞན་ཞིག་ལ་སློབ་སྦྱོང་གི་མིང་ཐོག་ནས་འགྲོ་དགོས་ཚུལ་བཤད་ཡོད་པ་དང།

དེ་ལས་མང་བ།

ཨ་རིའི་༢༠༡༠ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༤ཚེས་༡༡ཉིན། ཟླ་འདིའི་ཕྱི་ཚེས་༨ཉིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་༢༠༡༠ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་དུ་རྒྱ་ནག་གིས་ཁྲིམས་རྩོད་པ་དང་སྤྱི་ཚོགས་ལས་འགུལ་བ། ཟིན་བྲིས་པ། གསར་འགོད་པ་སོགས་ལ་དམ་དྲག་ཆེན་པོ་བྱས་སྟེ། དྲ་ཐོག་འབྲེལ་འདྲིས་དང་སྨྲ་བརྗོད་རང་དབང་སོགས་ཀྱི་ཐད་ལ་སྟངས་འཛིན་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བཞིན་ཡོད་པའི་གནས་ཚུལ་སོགས་བཀོད་ཡོད་པ་རེད།

དེ་ལས་མང་བ།

ཡོ་རོབ་གྲོས་ཚོགས་ཀྱིས་བལ་ཡུལ་གཞུང་ལ་སྐྱོན་བརྗོད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༤ཚེས་༨ཉིན། རྒྱུན་དུ་རྒྱ་ནག་གཞུང་གིས་གནོན་ཤུགས་ཀྱིས་རྐྱེན་པས་བལ་ཡུལ་གཞུང་གིས་བལ་ཡུལ་དུ་གནས་སྡོད་བྱེད་མཁན་བོད་མི་དང༌། བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་ལ་སྐྱབས་བཅོལ་ཡོང་མཁན་བོད་མི་རྣམས་ལ་དཀའ་ངལ་ཤུགས་ཆེ་སྤྲོད་བཞིན་པར་བརྟེན།

དེ་ལས་མང་བ།

སྒྱུ་རྩལ་བ་གྲགས་ཅན་ཨའེ་ཝེ་ཝེ་རྒྱ་གཞུང་གིས་འཛིན་བཟུང་བྱས་པ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༤ཚེས་༧ཉིན། ཟླ་འདིའི་ཕྱི་ཚེས་༣ཉིན། རྒྱ་ནག་གི་དེང་རབས་སྒྱུ་རྩལ་བ་གྲགས་ཅན་ཨའེ་ཝེ་ཝེ་ལགས་ཤང་ཀང་དུ་སྐྱོད་སྐབས་པེ་ཅིང་གི་གནམ་ཐང་ནས་ཉེན་རྟོག་པས་འཛིན་བཟུང་བྱས་སྟེ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

དེ་ལས་མང་བ།

སུད་སི་ས་གནས་གྷེ་ལ་རུ་སི་ཚོགས་ཆུང་ནས་མཆོད་འབུལ་གནང་བ།

༄༅། །སྐུའི་ཚ་བོ་འཇིགས་མེད་ནོར་བུ་ལགས་ཨ་རིའི་ཧྥུ་ལོ་རའི་ཌཱ་མངའ་སྡེའི་ནང་དུ་བོད་དོན་ཞི་བའི་གོམ་བགྲོད་ཀྱི་སྐབས་སུ་རླངས་འཁོར་ཞིག་གིས་བརྒྱབ་ནས་འདས་གྲོངས་སུ་སོང་ནས་ཞག་ ༤༩ འཁོར་བ་དང་ཉེ་དུས་ཉེ་ཧོང་དུ་ས་ཡོམ་ཆུ་ཀློག་མི་མང་པོ་རྐྱེན་འདས་སུ་

དེ་ལས་མང་བ།

རྒྱལ་གཅེས་དཔའ་བོ་གྲྭ་འཇམ་དབྱངས་སྦྱིན་པ་ལགས་འདས་གྲོངས་སུ་གྱུར་བ།

༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་བའི་ངོ་རྒོལ་སྒེར་ལངས་བྱུང་སྐབས་རྒྱལ་སྤྱིའི་གསར་འགོད་པ་བླ་བྲང་དགོན་པར་འབྱོར་རྗེས་རྒྱ་ནག་གཞུང་གི་དམ་བསྒྲགས་ཤུགས་ཆེ་ཡོད་མིན་ལ་མ་ལྟོས་པར་བོད་ཀྱི་བདེན་དོན་ཆེད། བོད་མིར་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་།

དེ་ལས་མང་བ།

ཡབ་མེས་ཚོའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་དགོས།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༤ཚེས་༤ཉིན། ཕྱི་ཚེས་༢ཉིན། རྒྱ་གར་གྱི་སྲིད་འཛིན་དམ་པ་སྐུ་ཞབས་ཨར་ཝེན་ཁ་ཊ་རཱ་མན་དམ་པ་མཆོག་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པའི་དུས་དྲན་ཐོག ༧གོང་ས་མཆོག་གིས་རྒྱ་གར་གྱི་གཞོན་སྐྱེས་ཚོས་རང་གི་སྲོལ་རྒྱུན་བཟང་པོ་འཚེ་བ་མེད་པའི་ལྟ་སྤྱོད་སོགས་རྒྱུན་འཛིན་དང་འཛམ་གླིང་ཡོངས་སུ་དར་སྤེལ་གཏོང་དགོས་པའི་ཐུགས་སྐུལ་གནང་འདུག

དེ་ལས་མང་བ།