ཕྱི་ཟླ་ ༨ ༢༠༡༡

ཕྱི་ཟླ་ ༨ ཚེས་ ༢༩ རེས་གཟའ་ཟླ་བ་ཉིན་ས་གནས་ཚོགས་ཆུང་ར་པརསེ་ཝིལ། ཡོ་ན་དང། ཨུཛི་ནག ཝ་ཊ་ཝིལ་བཅས་ནས་མི་གྲངས་ ༦༠ བརྒལ་བས་མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་མདུན་ཞི་རྒོལ་གནང་།

༄༅། སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་ནས་གྲོས་ཆོད་གཞིར་བཟུང་བོད་ནང་རྒྱ་དམར་གྱིས་བོད་མིར་བཙན་གནོན་མནར་གཅོད་གདུག་རྩུབ་ཅི་ཙམ་གཏོང་གི་ཡོད་པའི་ཛ་དྲག་གནས་བབ་ལ་མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་བཅས་ནས་བརྟོག་ཞིབ་ཚོགས་ཆུང་འཕྲལ་དུ་གཏོང་ཐབས་དགོས་པ་དང།

དེ་ལས་མང་བ།

སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་གྲྭ་ཚེ་དབང་ནོར་བུ་ལགས་དམ་པ་དེ་ཉིད་ཆེད་ཞི་རྒོལ།

སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་ས་གནས་འཛུ་རིགས་གྲོང་སྡེའི་ནང་མི་མང་མཉམ་འཛོམས་ཐོག་ཉེ་དུས་བོད་ཁམས་དཀར་མཛེས་རྟའུ་ཉ་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་ལགས་དམ་པ་དེ་ཉིད་ནས་རང་མི་རིགས་དང་རྒྱལ་ཁབ་ཆེད་རང་སྲོག་མེར་བསྲེགས་གཏང་གནང་བ་

དེ་ལས་མང་བ།

༢༠༡༡ ལོའི་སུད་སི་ས་གནས་ཚོགས་ཆུང་ཧོར་གྷན་བོད་རིགས་མི་མང་གི་འདི་ལོའི་ དབྱར་སྐྱིད་ཉིན་གཉིས་གཏང་གནང་བ།

ཧོར་གྷན་བོད་རིགས་མི་མང་གི་འདི་ལོའི་དབྱར་སྐྱིད་དེ་ཟླ་བ་ ༨ ཚེས་ ༢༠/༢༡བཅས་ཉིན་གཉིས་རིང་གཏོང་གནང་ཡོད་པ་རེད། ཉིན་དང་པོ་རེས་གཟའ་ཉི་མའི་ཉིན་སུད་སི་ས་གནས་ཁག་ ༡༥ལྷག་ནས་རྐང་རྩེད་པོ་ལོའི་འགྲན་སྡུར་གནང་ཡོད་པ་དང་།མཐའ་མའི་རྒྱལ་ཁ་དེ་སྔར་ལོ་བཞིན་ཆོལ་གསུམ་རུ་ཁག་ལ་ཐོབ་ཡོད་པ་དང་།

དེ་ལས་མང་བ།

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་དམ་བསྒྲགས་མཚམས་འཇོག་དགོས་པའི་རེ་འདུན་བཏོན་པ།

༄༅། །སྐུ་ཞབས་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད།

དེ་ལས་མང་བ།

བོད་ཁམས་དཀར་མཛེས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཞིག་གིས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེ་སྲེག་བཏང་སྟེ་ངོ་རྒོལ་སྐད་འབོད་བྱས་པ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༥ ཉིན་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཐོག་བོད་ཁམས་དཀར་མཛེས་ཁུལ་རྟའུ་ཉ་མཚོ་དགོན་པ་ནས་ཡིན་པ་རང་ལོ་ ༢༩ ལ་སོན་པའི་དགེ་འདུན་པ་ཚེ་དབང་ནོར་བུའམ་ནོར་ཁོ་ལགས་ཀྱིས་ཆུ་མེ་ཟམ་པར་རྡོ་སྣུམ་བཏུངས་ཏེ་རང་གི་ལུས་པོར་རྡོ་སྣུམ་གཏོར་ནས་མེ་སྤར་བ་དང་སྦྲགས།

དེ་ལས་མང་བ།

༢༠༡༡ ལོའི་ཟླ་བ་ ༨ ཚེས་ ༡༣ ཉིན་སུད་སིར་དཔལ་དུས་འཁོར་གྱི་དབང་ཆེན་གནང་བ་དྲན་གསོ་བྱེད་པ་།

༄༅། ༢༠༡༡ ལོའི་ཟླ་བ་ ༨ ཚེས་ ༡༣ ཉིན་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་རི་ཀོན་ཆོས་འཁོར་མགོན་དུ་སུད་སིར་དཔལ་དུས་འཁོར་གྱི་དབང་ཆེན་གནང་བ་དྲན་གསོ་དང་ལྷག་པར་དུ་སྤྱི་ཟླ་ ༨ ཚེས་ ༨ ལ་རང་གཞུང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དངོས་སུ་བོད་གཞིས་བྱེས་གཉིས་ཀྱི་ཆབ་སྲིད་ཀྱི་ལས་ཁུར་གཏམ་བཞེས་འབུལ་པ་དང་མ་འོང་བར་བོད་གཞིས་བྱེས་གཉིས་ཀྱི་བདེན་མཐར་སེལ་བར་བྱེད་པ་། ལ་ལུང་ཕྱོགས་རེས་དང་ཆོས་ལུགས་རེས་མེད་།

དེ་ལས་མང་བ།

བཀའ་ཁྲི་སྐབས་གསུམ་པའི་ཁྲི་འདོན་མཛད་སྒོ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་གཟབ་རྒྱས་ངང་ཚོགས་པ།

༄༅། །བོད་རྒྱལ་ལོ་ ༢༡༣༨ རབ་གནས་ལྕགས་ཡོས་ལོའི་བོད་ཟླ་ ༦ ཚེས་ ༡༠ དང་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་སྐབས་གསུམ་པ་མཁས་དབང་བློ་བཟང་སེང་གེ་མཆོག་གི་ཁྲི་འདོན་མཛད་སྒོ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་གཟབ་རྒྱས་ངང་ཚོགས་ཡོད།

དེ་ལས་མང་བ།

སུད་སིར་ཐེངས་གཉིས་པའི་འབུམ་ཚོགས་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བའི་གནས་ཚུལ།

དེའང་ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་འོག་གུ་རུའི་སྐུ་བརྙན་བཞེངས་རྒྱུ་དང་འབུམ་ཚོགས་ཚོགས་རྒྱུ་གཞིས་བྱས་གཉིས་སུ་ཚ་ཚ་འུར་འུར་བྱས་དང་བྱེད་བཞིན་པ་ལྟར།

དེ་ལས་མང་བ།

བོད་ནང་དུ་ད་ལྟ་སྡུག་སྦྱོང་མནར་སྐྱོད་ཚད་མེད་མེད་མྱོང་བཞིན་པའི་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ ་ZurichནསGenfབར་ཞི་བའི་གོམ་བགྲོད་བྱ་རྒྱུ་།

ཕ་ཪཱན་སི་ས་ལེབ་ཏུ་རྟེན་གཞི་བྱས་པའི་བཤད་སྒྲུབ་ཆོས་འཁོེར་གླིང་ཆོས་ཚཽགས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༡ ཟླ ༨ ཚེས ༡༢ སྔ་དྲོ་ཚོུད་ ༡༠ ཐོག་ཆོས་ཚོགས་དབུ་འབྱེད་རབ་གནས་གནང་ཆེད་ཆིབས་སྒྱུར་གནང་གཏན་འཁེལ་ཡོད།

དེ་ལས་མང་བ།

ཕྱི་ལོ་ ༢༠༡༡ ཟླ ༨ ཚེས ༡༢ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕ་ཪཱན་སི་ས་ལེབ་བཤད་སྒྲུབ་ཆོས་འཁོར་གླིང་དུ་ཆིབས་སྒྱུར་གནང་གཏན་འཁེལ་བ།

ཕ་ཪཱན་སི་ས་ལེབ་ཏུ་རྟེན་གཞི་བྱས་པའི་བཤད་སྒྲུབ་ཆོས་འཁོེར་གླིང་ཆོས་ཚཽགས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༡ ཟླ ༨ ཚེས ༡༢ སྔ་དྲོ་ཚོུད་ ༡༠ ཐོག་ཆོས་ཚོགས་དབུ་འབྱེད་རབ་གནས་གནང་ཆེད་ཆིབས་སྒྱུར་གནང་གཏན་འཁེལ་ཡོད།

དེ་ལས་མང་བ།