ཕྱི་ཟླ་ ༡༠ ༢༠༡༡

དཀར་མཛེས་སུ་གྲྭ་ཟླ་བ་ཚེ་རིང་གིས་རང་ལུས་མེར་བསྲེག

དཀར་མཛེས་དགོན་པར་བོད་ཚེས་༢༨ དང་༢༩ གཉིས་ལ་སྐུ་ལྔའི་དུས་གཏོར་ཚོགས་བཞིན་པའི་སྐབས་དེ་རིང་སྔ་དྲོ་ཕྱི་ཟླ་༡༠ ཚེས་༢༥ ཉིན་གྱི་སྔ་དྲོ་རྒྱ་ནག་གི་ཆུ་ཚོད་༩ དང་ཕྱེད་ཙམ་གྱི་དུས་སུ་དཀར་མཛེས་དགོན་པའི་དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་ནས་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་།

དེ་ལས་མང་བ།

བོད་ནང་རང་ལུས་ཞུགས་འབུལ་གྱིས་རྩ་དོན་ཆེད་འཐབ་རྩོད་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ཆེད་ད་སུད་སི་ནང་ཞི་རྒོལ་རྒྱ་ཆེ་གནང་པ།

ཕྱི་ལོ་ ༢༠༡༡ ཟླ་བ་ ༡༠ ཚེས་ ༢༣ རེས་གཟའ་ཉི་མའི་ཉིན། བོད་ནང་རང་ལུས་ཞུགས་འབུལ་གྱིས་རྩ་དོན་ཆེད་འཐབ་རྩོད་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ཆེད་བོད་ཕྱིར་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ནས་རང་རང་གནས་ཡུལ་ས་གནས་སུ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་དང་སྤེལ་མུས་བཞིན།

དེ་ལས་མང་བ།

སུད་སི་ས་གནས་རི་ཀོན་ཚོགས་ཆུང་ནས་མཆོད་འབུལ་ཞུས་པ།

ད་ལམ་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ ཉིན་་ས་གནས་རི་ཀོན་འཐུས་མི་གཉིས་ནས་གྲ་སྒྲིག་ཞུས་ཏེ། དགོང་དྲོ་བཟོ་གྲྭའི་ལས་ཀ་ཚར་བ་དང་ཆུ་ཚོད་་༡༨ ཐོག་རི་ཀོན་རང་བདེན་ཚོགས་ཆུང་གི་ཚོགས་ཁང་ནང་དུ།དེང་དུས་བོད་ནང་དུ་བཟོས་ཐབས་བྲལ་བའི་རྫ་དྲག་གི་གནས་སྟང་འོག

དེ་ལས་མང་བ།

ལྡི་ལིར་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ལས་འགུལ་གྱི་གསར་འགོད་བསྒྲགས་གཏམ།

༄༅། །བོད་ནང་དང་ལྷག་པར་བོད་རྔ་པ་ཀིརྟི་དགོན་པའི་སེར་སྐྱ་མི་མང་ནས་གཅིག་རྗེས་ གཉིས་མཐུད་ངང་རང་ལུས་མེར་བསྲེགས་བཏང་བའི་གནད་དོན་དེར་བོད་མི་སྤྱི་དང་བོད་ དོན་རྒྱབ་སྐྱོར་བ་ཚང་མ་བློ་འཚབ་ཆེན་པོ་བྱུང་ཞིང་།

དེ་ལས་མང་བ།

རྔ་པ་རྫོང་དུ་ཡང་བསྐྱར་རང་ལུས་མེར་བསྲེག་གི་ངོ་རྒོལ་བྱས་འདུག

ཟླ་འདིའི་༡༥ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༥༠ ཙམ་ལ་ཨ་མདོ་རྔ་པའི་ཁྲོམ་གཞུང་དུ་ནོར་བུ་དགྲ་འདུལ་ཞེས་པ་ཞིག་གིས་རང་ལུས་མེར་བསྲེག་བཏང་ཞིང་། བོད་ཁ་བ་ཅན་ལ་རང་དབང་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་ངོ་རྒོལ་སྐད་འབོད་བྱས་པ་དང། ཁོང་གི་ལུས་ཐོག་གི་མེ་བསད་ནས་རྒྱ་ནག་གཞུང་གིས་ཉེན་རྟོག་པས་ཁྲིད་ཡོད་འདུག

དེ་ལས་མང་བ།

ཕྱི་ལོ་ ༢༠༡༡ ཟླ་བ་ ༡༠ ཚེས་ ༡༥ ཉིན་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་ཕུན་ཚོགས་བཀྲིས་དམ་ཉིད་ཀྱི་ཆེད་ལོ་མཆོད་དང་། བོད་ནང་རང་སྲོག་ཞུགས་འབུལ་གནང་བའི་རྒྱལ་གཅེས་དཔའ་པོ་རྣམས་ཀྱི་ཆེད་བསྔོ་སྨོན་ཟབ་རྒྱས་ཞུས་པ།

དེ་ཡང་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་དང་རི་ཀོན་ཆོས་འཁོར་དགོན་གཉིས་ཀྱིས་གོ་སྒྲིག་འོག་ས་གནས་ཚོགས་ཆུང་སོ་ལུ་ཐུརན། ཐུར་སྦིན་ཐལ། སནཌི་གྷ་ལན་བཅས་ནས་རི་ཀོན་ཆོས་འཁོར་དགོན་དུ་ཕྱི་ཟླ་ ༡༠ ཚེས་ ༡༥ སྔ་དྲོ་ཆུ་ཚོད་ ༩་་༣༠ ནས་ ༡༢་་༠༠ བར་རིན་པོ་ཆེ་དམ་པ་ཉིད་དང་བོད་ནང་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རྒྱལ་གཅེས་ལྷག་བསམ་གྱི་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་མེར་བསྲེག་གིས་

དེ་ལས་མང་བ།

ས་ར་ཟླ་བ་རྒྱལ་མཚན་ལགས་ཇི་ནེ་ཝ་རྒྱལ་སྤྱིའི་མདུན་ཐང་དུ་ལོ་གཅིག་རིང་ཞི་རྒོལ།

ས་གནས་གྷེ་རུ་སི་ནས་ཡིན་པ་ས་ར་ཟླ་བ་རྒྱལ་མཚན་ལགས་རང་ལོ་ ༦༠ ཕེབས་པ་འདི་ལོ་གསུམ་བཅུའི་དུས་དྲན་ཉིན་མོ་ནས་འགོ་བརྩམས་ཏེ་ལོ་གཅིག་ནང་ཟླ་རེ་ཚེས་ ༡༠ ཉིན་གཅིག་རིང་ལ་ལས་འགུལ་གནང་རྒྱུ་དམ་བཅའ་གཏན་པོ་བཞག་གནང་ཡོད།

དེ་ལས་མང་བ།

ས་གནས་ཚང་མར་དུས་གཅིག་ལ་ལས་འགུལ་སྤེལ་རྒྱུ་ཡིན།

༢༠༡༡ ལོའི་ཟླ་༡༠ ཚེས་༡༢ ཉིན། དེ་རིང་སྔ་དྲོ་ཆུ་ཚོད་༡༡ ཐོག་བཀའ་སྤྱི་གཉིས་ཐུན་མོང་གི་ཐོག་ནས་གསལ་འགོད་ལྷན་ཚོགས་ཤིག་བསྐོང་སྟེ། རྒྱལ་སྤྱིའི་ཐོག་གཙོ་བོ་བཀའ་ཤག་གིས་འགན་ཁུར་ནས། བོད་དོན་རྒྱབ་སྐྱོར་འཚོལ་ཐབས་དང་། རྒྱ་གར་ནང་དུ་སྤྱི་འཐུས་ལྷན་ཚོགས་ཀྱིས་འགན་ཁུར་ཏེ། ལས་འགུལ་སྤེལ་རྒྱུ་ཡིན་ཞེས་བརྗོད་སོང་།

དེ་ལས་མང་བ།

ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་ལས་འགུལ་སྤེལ་རོགས།

ཟླ་འདིའི་ཚེས་༡༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་འདིའི་ཐད་བཀའ་སྤྱི་ལྷན་རྒྱས་ཚོགས་འཛོམས་ཐོག ཞིབ་ཕྲའི་བྱེད་སྒོའི་སྐོར་གོ་བསྡུར་གྱིས་རྒྱ་ཁྱབ་ཏུ་ལམ་སྟོན་གནང་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

དེ་ལས་མང་བ།

བོད་རིགས་གཞས་པ་ཞིག་འཛིན་བཟུང་།

ཟླ་འདིའི་ཚེས་༡༡ ཉིན་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རང་ལོ་༡༩ ཙམ་ལ་སོན་པའི་ན་གཞོན་གཞས་པ་ཆོས་མགོན་ལགས་འདི་ལོའི་ཕྱི་ཟླ་༩ ཚེས་༢༥ ཉིན་རྒྱ་ནག་གཞུང་གི་སྤྱི་བདེ་འབྲེལ་ཡོད་ཚན་པས་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག

དེ་ལས་མང་བ།

ཏཱ་ལའི་རུ་ཚོགས་ཀྱིས་བྱས་པ་ཞིག་རེད་ཅེས་རྒྱ་ནག་གིས་བརྗོད་འདུག

བོད་ནང་རང་ལུས་མེར་བསྲེག་གིས་ངོ་རྒོལ་བྱས་པ་དེ་ཚོ་ཚང་མ་ཏཱ་ལའི་རུ་ཚོགས་ཀྱིས་བརྒྱུད་སྐུལ་བྱས་ཏེ་བྱུང་བ་ཞིག་རེད་ཅེས་རྒྱ་གཞུང་གིས་སྐྱོན་བརྗོད་བྱས་འདུག

དེ་ལས་མང་བ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་བཅོ་བརྒྱད་པའི་སྐབས་བོད་ནང་གི་འགྲོ་བ་མིའི་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་རེ་འདུན་བཏོན་པ།

ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༣ ཉིན་རྒྱལ་ཚོགས་ནང་དེབ་བསྐྱོད་ཡོད་པའི་གཞུང་མིན་ཚོགས་པ་ཁག་ཅིག་ནས་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ ཐོག་ལྷན་ཚོགས་འདི་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་ནང་གསལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྣམས་སྲུང་སྐྱོབ་དང་གོང་སྤེལ་གཏོང་དགོས་འདུན་བཏོན་གནང་འདུག

དེ་ལས་མང་བ།

སྔ་འགྱུར་རྙིང་མ་ཚེ་བཅུ་ཚོགས་པ་ཀུན་བཟང་མདོ་སྔགས་གླིང་དབུ་བརྙེས་ནས་ལོ་ ༤༠ འཁོར་བའི་དུས་དྲན།

༧རྒྱལ་ཀུན་བརྩེ་བའི་རང་གཟུགས་པད་ཀར་འཆང་། །ངུར་སྨྲིག་གར་དུ་རོལ་བ་སྙིགས་མའི་མགོན། །ཞི་བདེའི་རྒྱལ་ཐབས་བསྙེན་པའི་འཁོར་བསྒྱུར་ཆེ། །༧གོང་ས་ལྷ་མིའི་རྣམ་འདྲེན་སྤྱི་བོར་མཆོད།།བོད་རྒྱལ་ལོ་ ༢༡༣༨ བོད་ཟླ་ ༨ ཚེས་ ༣།༤ ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༩ ཚེས་ ༣༠ དང་ཕྱི་ཟླ་ ༡༠ ཚེས་ ༡ བཅས་ཉིན་གཉིས་རིང་ས་གནས་

དེ་ལས་མང་བ།

ཀིརྟི་དགོན་པའི་གྲྭ་པ་ཞིག་གིས་རང་ལུས་མེར་བསྲེག་གི་ངོ་རྒོལ།

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༣ ཉིན་ཨ་མདོ་རྔ་པ་རྫོང་ནས་ཀིརྟི་དགོན་པའི་དུས་འཁོར་གྲྭ་ཚང་གི་གྲྭ་སྐལ་བཟང་དབང་ཕྱུག་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་འདུགབཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༣ ཉིན་སྤེལ་བའི་གནས་ཚུལ་ནང་འཁོད་དོན།

དེ་ལས་མང་བ།

བོད་གསེར་རྟ་རྫོང་དུ་བོད་མི་བརྒྱ་སྐོར་ཙམ་གྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་པ།

༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ཡི་འཁོར་མོ། ༦༢ འཁོར་བའི་ཉིན་མོར། རྒྱ་ནག་གིས་དབང་བསྒྱུར་བྱས་པའི་བོད་ཡུལ་གང་སར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲི་ལོར་བརྟན་པར་ཤོག་དང་དམངས་དམག་སེམས་པ་གཅིག་འདྲེས་རྒྱ་བོད་ཆུ་དང་ཉ་མོ་སོགས་ཁ་དོན་མི་མཚུངས་པའི་འཕྲེད་དར་དམར་པོའི་ངོས་སུ་རྒྱ་བོད་ཡིག་རིགས་བསྒྲགས་མ་བྲིས་འདུག

དེ་ལས་མང་བ།

རི་ཀོན་དགོན་པར་མཁན་རིན་པོ་ཆེས་དབུས་དགེ་འདུན་སྡེ་དང་མི་མང་ ༡༥༠ འདུ་འཛོམས་ཀྱིས་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་བསྔོ་སྨོན་གནང་པ།

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྔ་པ་ཀིརྟི་དགོན་པའི་གྲྭ་པ་གཉིས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ།རང་ལུས་མེར་བསྲེག་བཏང་ཡོད་འདུག་ཀྱང་། རྐྱེན་འདས་སུ་སོང་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་མི་འདུག རྔ་པ་ཀིརྟི་དགོན་པར་བོད་བསྟན་སྲིད་ཀྱི་དོན་དུ་རང་ལུས་མེར་བསྲེག་གཏོང་མཁན་དགེ་འདུན་པ་ཕུན་ཚོགས་ལགས་ཀྱི་ཚ་བོ་གྲྭ་བློ་བཟང་སྐལ་བཟང་ལགས་དང་།

དེ་ལས་མང་བ།