ཕྱི་ཟླ་ ༡༡ ༢༠༡༢

༢༠༡༣ ལོའི་ཡུ་རོབ་བོད་ཚོགས་ཁག་ཐུན་མོང་གི་སུམ་ཅུ་དུས་དྲན་

༄༅།། ཕྱི་ལོ་༢༠༡༢ ཟླ་༡༡ པའི་ཚེས་༢༤ ཉིན་སྦེལ་ལྗམ་གྲོང་ཁྱེར་ཨན་ཏེཝར་པན་དུ་ཡུ་རོབ་སྤྱི་འཐུས་རྣམ་གཉིས་དབུ་བཞུགས་ཐོག་ཡུ་རོབ་ཁུལ་གྱི་བོད་རིགས་ཚོགས་པ་དང་། བོད་དོན་ལས་འགུལ་ཚོགས་པ་ཁག་གི་ཚོགས་གཙོ་དང་རྒྱུན་ལས་སྐུ་ཚབ་ལྷན་འཛོམས་ཐོག་འཆར་ལོའི་གསུམ་བཅུའི་དུས་དྲན་མཉམ་འབྲེལ་ཡུ་རོབ་སྤྱི་མཐུན་གྱི་རྒྱལ་ས་བྷུར་སལ་དུ་སྲུང་རྩིས་བྱ་རྒྱུ་ཐག་བཅད།

དེ་ལས་མང་བ།

ཀླུ་ཆུ་ཟམ་ཚ་རུ་རང་ལུས་མེར་སྲེག་བཏང་སྟེ་ཞི་རྒོལ་གནང་འདུག

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༩ ཏེ་དེ་རིང་ཉིན་མོའི་བོད་ནང་གི་ཆུ་ཚོད་ ༢ ཡས་མས་ཙམ་ལ། བོད་མདོ་སྨད་ཀླུ་ཆུ་རྫོང་ཟམ་ཚ་ཞང་ལོ་ཚོ་སྡེ་བའི་རང་ལོ་ ༣༡ ཡིན་པའི་རྒྱལ་གཅེས་པ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ས་གནས་ཡུལ་ཚོའི་སྲིད་གཞུང་གི་སྒོ་འགྲམ་དུ་རང་ལུས་མེར་སྲེག་བཏང་སྟེ།

དེ་ལས་མང་བ།

གསེར་རྟ་རྫོང་ཐོག་ཏུ་རང་ལུས་མེར་སྲེག་གི་ཞི་རྒོལ་གནང་བ།

༄༅། འདི་གར་བང་ཆེན་གསར་འགོད་པ་ཆོས་ཉིད་འོས་ཟེར་ལགས་ཀྱིས་བཏང་གནས་ནང་འཁོདདོན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཐོག་ནས་བོད་མི་དབང་རྒྱལ་ཟེར་བ་ཞིག་གིས་རྒྱ་གཞུང་གི་བཙན་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས། རང་ལུས་མེར་སྲེག་བཏང་ཡོད་འདུག

དེ་ལས་མང་བ།

སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༧ ཉིན་བླ་བྲང་བསང་ཁོག་ཞང་ཐོག་ཏུ་བོད་རིགས་ན་གཞོན་རང་ལོ་ ༡༨ ཡིན་པ་དངུལ་རྭའི་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག

དེ་ལས་མང་བ།

དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་རྒྱབ་གཉེར་སྙན་ཐོ་ཕྱག་ལེན་མཇུག་སྐྱོང་གནང་ཕྱོགས་སྐོར།

༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༥ ནས་ཚེས་ ༢༨ བར་ལྷན་ཚོགས་གནང་བའི་ཐག་གཅོད་ཇི་བྱུང་བཅས་བཀོད་པ་འདིར་གནོན།

དེ་ལས་མང་བ།

བཙུན་མ་སངས་རྒྱས་སྒྲོལ་མ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་

༄༅། །ཕྱི་ལོ ༢༠༡༢ ཟླ་ ༡༡ ཚེས་ ༢༥ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༡༠ ཡས་མས་སུ། མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོའི་བར་སྐོར་སྡེ་བའི་རང་ལོ་ ༡༧ ཡིན་པའི་རྒྱལ་གཅེས་པ་བཙུན་མ་སངས་རྒྱས་སྒྲོལ་མ་ལགས་ཀྱིས། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ཞི་རྒོལ་ཆེད།

དེ་ལས་མང་བ།

ཀླུ་ཆུ་རྫོང་དུ་མགོན་པོ་ཚེ་རིང་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་བ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཟླ་བའི་ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦།༠༠ ཡས་མས་སུ་བོད་མདོ་སྨད་ཀན་ལྷོ་ཀླུ་ཆུའི་ཨ་ལ་སྦོག་ཚ་སྡེ་བ་ནས་རང་ལོ་ ༢༤ ཡིན་པའི་རྒྱལ་གཅེས་པ་མགོན་པོ་ཚེ་རིང་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་འདུག

དེ་ལས་མང་བ།

ཨ་མཆོག་དཀོན་མཆོག་ཚེ་རིང་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་བ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༦ ཉིན་གྱི་ཕྱི་དྲོ་བོད་མདོ་སྨད་བླ་བྲང་ཨ་མཆོག་ཞང་བན་ཀན་སྡེ་བའི་རང་ལོ་ ༡༨ ཡིན་པའི་རྒྱལ་གཅེས་དཔའ་པ་དཀོན་མཆོག་ཚེ་རིང་ལགས་ཀྱིས། ཨ་མཆོག་རྒྱ་གར་ཐང་གི་གཏེར་ཁ་སྔོག་སའི་སྒོ་འགྲམ་ཏུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་བྱས་ཏེ་སྐུ་གྲོངས་འདུག

དེ་ལས་མང་བ།

༢༠༡༣ ལོའི་གསུམ་བཅུའི་དུས་དྲན་སྲུང་བརྩི་འི་ཐད་ལ་གྲོས་བསྡུར་ཚོགས་འདུ་འཚོགས་པ།

ཁ་སང་ཕྱི་ཟླ་༡༡ པའི་ཚེས་༢༤ སྟེ་གཟའ་སྤེན་པའི་ཉིན། སྤེལ་ལྗམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་གྲོང་ཁྱེར་ཨན་ཁྲིེར་ཝར་ཕན་དུ། འཆར་ལོའི་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ལས་འགུལ་དེ་ཡུ་རོབ་བོད་རིགས་ཚོགས་པ་ཁག་དང་བོད་དོན་ལས་འགུལ་ཚོགས་པ་ཁག་མཉམ་འབྲེལ་

དེ་ལས་མང་བ།

མདོ་ལྷོ་ཀླུ་ཆུའི་ཡུལ་དུ་རང་ལོ་ ༢༣ ཡིན་པ་རྟ་མགྲིན་སྐྱབས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་

༄༅། །ཕྱི་ཚེས་ ༢༢ དགོང་མོ་ཆུ་ཚོད་ ༡༠ ཡས་མས་སུ་མདོ་ལྷོ་ཀླུ་ཆུའི་ཡུལ་དུ་རང་ལོ་ ༢༣ ཡིན་པའི་རྒྱལ་གཅེས་པ་རྟ་མགྲིན་སྐྱབས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག

དེ་ལས་མང་བ།

ཚེས་ ༢༣ ཉིན་ཨ་མདོ་རེབ་གོང་མགོན་ཤུལ་ནས་རང་ལུས་མེར་བསྲེགས་གནས་ཚུལ།

མདོ་སྨད་རེབ་གོང་མགོན་ཤུལ་དམེ་སྐོར་རུ་ཁག་དང་པོ་ནས་ཡིན་པ་རྟ་མགྲིན་རྡོ་རྗེ་༼རང་ལོ་ ༢༩༽ལགས་ཀྱིས། ཚེས་ ༢༣ ཉིན་རྒྱབ་བོད་ནང་གི་ཆུ་ཚོད་བདུན་པའི་སྟེང་། རྡོ་དཀར་མོ་ཞང་སྲིད་གཞུང་གི་སྒོ་ཁ་ནས་རང་ལུས་མེར་བསྲེགས་བཏང་སྟེ། དེ་གར་འདས་གྲོངས་ཕྱིན་འདུག

དེ་ལས་མང་བ།

རྒྱལ་གཅེས་པ་ཚེ་རིང་དོན་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།

རང་ལོ་ ༣༤ ལ་སོན་པའི་རྒྱལ་གཅེས་པ་ཚེ་རིང་དོན་གྲུབ་ལགས་ཀྱིས། ཨ་མཆོག་རྒྱ་གར་ཐང་གི་གཏེར་ཁ་སྔོག་སའི་སྒོ་འགྲམ་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་འདུག

དེ་ལས་མང་བ།

ཟླ་འདིའི་ཕྱི་ཚེས་༡༥ཉིན་སུད་སིའི་རྒྱལ་ས་(བྷེརནེ་)དུ་ཕྱོགས་སྡོད་བོད་རིགས་ཁ་ཤས་མཉམ་འཛོམས་ཀྱིས་རྒྱ་ནག་གཞུང་ཚབ་ཀྱི་སྒོ་འགྲམ་དུ་ངོ་རྒོལ་སྐད་འབོད་ཞི་རྒྱ་ཆེ་བ་ཞིག་གནང་འདུག།།

ཟླ་འདིའི་ཕྱི་ཚེས་༡༥ཉིན་སུད་སིའི་རྒྱལ་ས་(བྷེརནེ་)དུ་ཕྱོགས་སྡོད་བོད་རིགས་ཁ་ཤས་མཉམ་འཛོམས་ཀྱིས་རྒྱ་ནག་གཞུང་ཚབ་ཀྱི་སྒོ་འགྲམ་དུ་ངོ་རྒོལ་སྐད་འབོད་ཞི་རྒྱ་ཆེ་བ་ཞིག་གནང་འདུག།།

དེ་ལས་མང་བ།

རེབ་གོང་དུ་བོད་མི་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་བ།

༄༅།། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༧ ཉིན་གྱི་དགོང་དྲོ་བོད་ནང་གི་ཆུ་ཚོད་ ༤།༠༠ ཡས་མས་སུ་བོད་མདོ་སྨད་རྨ་ལྷོ་རེབ་གོང་སྨད་པ་ཁ་རྒྱ་སྡེ་བ་ནས་ཡིན་པ་རྒྱལ་གཅེས་མ་ལྕགས་མོ་སྐྱིད་ལགས་ཀྱིས། རེབ་གོང་ཁུལ་གྱི་དགའ་བདེ་ཁྲོམ་རའི་བྱང་སྒོའི་ཁ་གཏད་སྲང་ལམ་གྱི་ཁྲལ་བསྡུ་ལས་ཁུངས་ཀྱི་སྒོ་ཁ་ནས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད། ཁོང་གི་ཕའི་མིང་ལ་འབྲུག་བྱམས་དང་མའི་མིང་ལ་སྒྲོལ་མ་འཚོ་འབོད་ཀྱི་ཡོད། ཁོང་ལ་ཕྲུ་གུ་བུ་གཉིས་ཡོད་འདུག

དེ་ལས་མང་བ།

ཕོལ་ཁེདསི་ཝིལ་ཚོགས་ཆུང་གིས་བོད་ཀྱི་རྩ་དོན་ཆེད་ཆོས་ཕྱོགས་ཀྱི་ལས་འགུལ།

ཕྱི་ལོ་༢༠༡༢ ཕྱི་ཟླ་༡༡ ཚེས་༡༦ རེ་གཟའ་སྤ་སངས་ཉིན་སུད་སི་ཕོལ་ཁེདསི་ཝིལ་ཚོགས་ཆུང་གིས་གོ་སྒྲིག་འོག་དགོང་དྲོ་ཚོུད་༧།༣༠ནས་༩།༣༠་བར་བོད་ནང་གི་ཛ་དྲག་གནས་བབས་ལ་གདུང་སེམས་མཉམ་སྐྱེད་དང།

དེ་ལས་མང་བ།

༢༠༡༢ ཕྱི་ཟླ་ ༡༡ ཚེས་ ༡༦ རི་ཀོན་ཆོས་འཁོར་དགོན་དུ་གདུང་སེམས་མཉམ་སྐྱེད་དང་བསྔོ་སྨོན་གསུང་འདོན་ཞུས་པ།

༢༠༡༢ ཕྱི་ཟླ་ ༡༡ ཚེས་ ༡༦ རེས་གཟའ་པ་སངས་དགོང་དྲོ་ཚོུད་  ༡༧་་༠༠/༡༨་་༣༠  བར་རི་ཀོན་ཆོས་འཁོར་དགོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་ཞུ་དགོས་པ་དང་། བོད་བསྟན་སྲིད་དབང་རང་བཅས་ཀྱི་ཆེད་རང་ལུས་ཞུགས་འབུལ་གནང་མི་རྒྱལ་གཅེས་སྙིང་སྟོབས་ཅན་གྱི་དཔའ་བོ་དཔའ་མོ་རྣམ་པར་གདུང་སེམས་མཉམ་སྐྱེད་དང་བསྔོ་སྨོན་གསུང་འདོན་ཞུས་པ།

དེ་ལས་མང་བ།

རེབ་གོང་དུ་ཏིང་འཛིན་སྒྲོལ་མ་ལགས་ཀྱིས་རང་ལུས་ མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༥ ཉིན་བོད་ནང་གི་ཉིན་གུང་ཙམ་ལ་མདོ་སྨད་རེབ་གོང་བཙན་མོ་མགོ་དགེ་སྡེ་བའི་རང་ལོ་ ༢༣ ཡིན་པའི་ཏིང་འཛིན་སྒྲོལ་མ་ལགས་ཀྱིས། སྡེ་བའི་འདུ་ཁང་གི་ཆོས་རྭའི་ནང་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་བྱས་ཡོད་འདུག

དེ་ལས་མང་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་ལ་བོད་མིས་སྙན་ཞུ་ཕུལ་བ།

སུད་སི་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་ཐོབ་ཐང་ལས་ཁང་གི་འགན་འཛིན་ནེ་ཝི་པེ་ལེ་མཆོག་གི་ལག་ཏུ་བདེ་སྡུག་སྙན་ཞུ་དངོས་སུ་འབུལ་ཐུབ་པ་བྱུང་བ་དང་། རྒྱལ་ཚོགས་ལས་ཁང་དུ་མི་མང་སྤྱི་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དབུ་འཛིན་མཆོག་དངོས་སུ་ཐུག་འཕྲད་ཀྱིས་བོད་མི་བཞིས་ཕུལ་བའི་སྙན་ཞུ་ལ་གསན་བཞེས་དང་བཀའ་ལན་གནང་ཡིན་པའི་ཞལ་བཞེས་གནང་ཡོད་པ་རེད།

དེ་ལས་མང་བ།

བོད་མི་བཞིས་ཉིན་གསུམ་རིང་པུས་བཙུགས་ཀྱི་ཞུ་འབོད་ལས་འགུལ་སྤེལ་བཞིན་ཡོད་འདུག

སུད་སི་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སྒོ་འགྲམ་དུ་བོད་མི་བཞིས་བོད་ནང་གི་བོད་མི་ཚོ་བདག་སྤྲོད་མ་གནང་ཚེ་ང་ཚོས་བོད་ནང་གི་བོད་མིའི་རང་ལུས་མེར་བསྲེགས་ཀྱི་མེ་ལྕེ་གསོན་པོ་ཞིག་རྒྱལ་ཚོགས་ཀྱི་སྒོ་འགྲམ་དུ་སྦར་དགོས་པ་ཆགས་ཉེན་ཡོད་པའི་སྙན་ཞུ་ཕུལ་ཏེ་ཉིན་གསུམ་རིང་པུས་བཙུགས་ཀྱི་ཞུ་འབོད་ལས་འགུལ་སྤེལ་བཞིན་ཡོད་འདུག

དེ་ལས་མང་བ།

རེབ་གོང་མདོ་བའི་ན་གཞོན་གཉིས་ཀྱིས་རང་སྲེག་ངོ་རྒོལ།

དེ་རིང་ཕྱི་ཟླ་༡༡་ཚེས་༡༢་ཉིན་མདོ་སྨད་རེབ་གོང་མདོ་བ་ཞང་སྒྲོ་ཚང་སྡེ་བའི་ན་གཞོན་རང་ལོ་༢༤་ལ་སོན་པ་སྙིང་དཀར་བཀྲ་ཤིས་དང་། ཡང་མདོ་བ་ཞང་གི་རང་ལོ་༢༠་ཐམ་པར་སོན་པའི་ན་གཞོན་སྙིང་ལྕགས་འབུམ་ཞེས་པ་གཉིས་ཀྱིས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས།

དེ་ལས་མང་བ།

༢༠༡༢ ཟླ་ ༡༡ ཚེས་ ༡༡ ཉིན་ སྦ་སལ་བོད་རིགས་མི་མང་ནས་མཆོད་མེ་འབུལ་གནང་།

༆། །༢༠༡༢ ཟླ་ ༡༡ ཚེས་ ༡༡ ཉིན་ སྦ་སལ་བོད་རིགས་མི་མང་ ༦༠ ལྷག་གིས་བོད་རྒྱལ་ཁབ་དང་མི་རིགས་གི་རྩ་དོན་ཆེད་རང་ལུས་མཆོད་མེ་འབུལ་ནས་རང་སྲོག་དོར་བ་དང་།

དེ་ལས་མང་བ།

ཨར་གྷའོ་ཚོགས་ཆུང་ནས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆེད་སྨོན་ལམ་མཆོད་འབུལ

ཕྱི་ལོ་ ༢༠༡༢ ཟླ་བ་༡༡ ཚེས་ ༡༠ ཉིན་ས་གནས་ཨར་གྷའོ་ཚོགས་ཆུང་ནས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆེད་སྨོན་ལམ་མཆོད་འབུལ་དང་སྦྲགས་

དེ་ལས་མང་བ།

རེབ་གོང་དུ་སློབ་མས་སྣེ་ཁྲིད་དེ་ཞི་རྒོལ་རྒྱ་ཆེ་སྤེལ་བ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༩ རེས་གཟའ་པ་སངས་ཉིན་གྱི་ཞོགས་པ་རྨ་ལྷོ་ས་ཁུལ་རེབ་གོང་རྫོང་དུ་སློབ་གྲྭ་ཁག་བཞིའི་སློབ་ཕྲུག་སྟོང་ཕྲག་མང་པོས་བོད་ལ་རང་དབང་དགོས་པ་དང། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ། དེ་བཞིན་མི་རིགས་འདྲ་མཉམ་དགོས་པ་སོགས་ཀྱི་འབོད་སྒྲ་བསྒྲགས་ཏེ་རྒྱ་ནག་གཞུང་ལ་ཞི་རྒོལ་རྔམ་སྟོན་བྱས་ཡོད།

དེ་ལས་མང་བ།

རེབ་གོང་དུ་རང་ལུས་མེར་སྲེག་དང་སློབ་ཕྲུག་གི་ངོ་རྒོལ་བྱུང་བ།

༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༨ རེས་གཟའ་ཕུར་བུའི་ཉིན་རེབ་གོང་མདོ་བ་ཞང་ལྡེང་ངེ་འབྲོག་སྡེ་ནས་ཡིན་པ་སྦྱིན་པའམ་སྤྱིན་པ་རྒྱ་མཚོ་ལགས་ཀྱིས། རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག

དེ་ལས་མང་བ།

བོད་མདོ་སྨད་རེབ་གོང་དུ་བུ་མེད་རྟ་མགྲིན་འཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།

༄༅། ། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༧ ཉིན་བོད་ནང་གི་ཆུ་ཚོད་ ༥ དང་ཕྱེ་ཀ་ཙམ་ལ་བོད་མདོ་སྨད་རེབ་གོང་མདོ་བ་ཞང་སྒྲོ་རོང་པོ་སྡེ་བའི་སྒྲོ་ཚང་ཚོ་བའི་རང་ལོ་ ༢༣ ཡིན་པའི་བུད་མེད་རྟ་མགྲིན་འཚོ་ལགས་ཀྱིས་གད་དམར་ཐང་ནས་རང་ལུས་མེར་སྲེག་བཏང་སྟེ།

དེ་ལས་མང་བ།

རྔ་པར་དགེ་འདུན་པ་གསུམ་གྱིས་རང་ལུས་མེར་སྲེག་ལམ་ནས་ཞི་རྒོལ་གནང་བ།

༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༧ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༣ ཡས་མས་ཤིག་ལ་བོད་མདོ་སྨད་རྔ་པ་རྫོང་རྔ་སྟོད་སྒོ་མང་ཞང་ཚོ་དྲུག་སྡེ་བའི་ནང་ཚན་སྔོ་ཤུལ་ཐང་བ་མའི་ཆུ་ཁ་ཚང་གི་སྔོ་ཤུལ་དགོན་གྱི་དགེ་འདུན་པ་རྡོ་རྗེ་ལགས། རང་ལོ་ ༡༥ ཕ་མིང་ལ་ཚེ་རིང་དང་། མ་མིང་ལ་གངས་དཀར་(ལོ་སྔོན་མར་གྲོངས་ཟིན་འདུག་)ཡིན་པ་ཁོང་དང་།

དེ་ལས་མང་བ།

ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས ༤ རེས་གཟའ་ཉི་མའི་ཉིན་སུད་སི་ས་གནས་འཇི་ཎི་ཝར་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་སྐབས་མི་མང་ ༤༠༠ ལྷག་སྐོར་ནས་མཉམ་བཞུགས་གནང་པ།

ས་གནས་འཇི་ཎི་ཝར་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་མི་མང་རྣམ་པ་ཉིན་རྒྱབ་ཆུ་ཚོད་ ༡༣།༣༠ ཐོག་ལྷན་འཛོམས་ཀྱིས་སྣུམ་འཁོར་ནས་བདེན་པའི་མེ་ལྕེ་སྐོར་སྐྱོད་པ་ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་སྐུ་ངོ་ཐུབ་བསྟན་དབང་ཆེན་མཆོག་ཕེབས་དགུག་ཞུས་པའི་རིང་ད་རིང་བོད་ནང་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་ཕྱིན་འདུག་པས་གནས་ཚུལ་མང་ཚོགས་ལ་གསལ་བཤད་གནང་སོང་།

དེ་ལས་མང་བ།

རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་ཕྱིན་འདུག

ཕྱི་ཟླ་༡༡ ཚེས་ ༤ ཉིན་བོད་ནང་རེབ་གོང་ཆུ་མ་སྡེ་བརྒྱད་ཚོ་དགུའི་གྲས་ཀླུ་གཤོང་སྡེ་བ་ནས་ཡིན་པ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་ཕྱིན་འདུག

དེ་ལས་མང་བ།

ཡུ་རོབ་ཁུལ་གྱི་བདེན་པའི་མེ་ལྕེ་ ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༣ སྟེ་ད་རིང་གི་ཉིན་མོ་སུད་སི་རྒྱལ་ས་སྦརན་དུ་ཕེབས་བསུ་ཞུས་པ།

༢༠༡༢ ཕྱི་ཟླ་ ༡༡ ཚེས་ ༣ སྟེ་ད་རིང་གི་ཉིན་མོ་སུད་སི་རྒྱལ་ས་སྦརན་དུ་ཡུ་རོབ་བོད་ཀྱི་བདེན་པའི་མེ་ལྕེ་ཕེབས་བསུའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་ཞུས་ཡོད་པ་རེད། དེ་ཡང་སུད་སི་དང་། ལེཀ་ཏེན་སིཊཡན་བོད་རིགས་མི་མང་དང་། ཡུ་རོབ་བོད་རིགས་གཞོན་ནུ། སུད་སི་བེུད་ཚོགས་པ།

དེ་ལས་མང་བ།

ཕྱི་ལོ་༢༠༡༢་ ཟླ་༡༢ ཚེས་༢ རེ་བཟའ་ས་སྤ་སངས་ཉིན་བདེན་པའི་མེ་ལྕེ་རིན་ཀོན་ཆོས་དགོན་དུ་འབྱོར་བ།

བོད་ཀྱི་རྩ་དོན་ཆེད་རང ལུས་མཆོད་མེར་འབུལ་བ་སོགས་རྒྱལ་གཅེས་དཔལ་པོ་རྣམས་ཀྱིས་སྙིང་སྟོབས་ལ་རྗེས་དྲན་ཡི་རང་དང་བོད་ཀྱི་ཛ་དྲགས་གནས་ཕབས་ལ་གདུང་སེམས་མཉམ་བསྐྱེད་

དེ་ལས་མང་བ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་གཞུང་ལ་རེ་འདུན་ཤུགས་ཆེ་བཏོན་པ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་སྐུ་ན་ཝི་པིལ་ལེ་ Navi Pillay མཆོག་ནས་རྒྱ་ནག་གཞུང་ལ་རེ་འདུན་ཤུགས་ཆེ་བཏོན་པ།

དེ་ལས་མང་བ།

སུད་སི་གྲོང་ཁྱེར་ཛུས་རིག་ཏུ་བདེན་པའི་མེ་ལྕེ་འཁོར་འབྱོར་དགའ་བསུ་ཞུས་པ།

༄༅། ༢༠༡༢ ཟླ་ ༡༡ ཚེས་ ༡ དགོང་གྲོ་ཆུ་ཚོད་ ༦་༠༠ ཐོག་སུད་སི་གྲོང་ཁྱེར་ཛུས་རིག་ཏུ་བདེན་པའི་མེ་ལྕེ་འཁོར་འབྱོར་དགའ་བསུའི་ཆེད་བོད་རིགས་དང་ཡུལ་མི་བདུན་བརྒྱ་ལྷག་ཙམ་འཛོམས་ནས་དགའ་བསུ་ཞུས་པ།

དེ་ལས་མང་བ།