ཕྱི་ཟླ་ ༡༢ – ༢༠༡༢

བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་ཀྱི་བགྲོ་གླེང་ཐེངས་དགུ་བ་འཛུ་རིག་ནས་འཚོགས།
ཟླ་འདིའི་ཚེས་ཉེར་གསུམ་ཉིན་རྒྱབ་ཆུ་ཚོད་དང་པོ་ནས་བདུན་པའི་བར་དུ་འཛུ་རིག་གི་ volkshaus ཚོགས་ཁང་གི་ནང་དུ་བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་ཀྱི་བགྲོ་གླེང་ཐེངས་དགུ་བ་དེ་གཟབ་རྒྱས་ངང་འཚོགས།
དེ་ལས་མང་བ། བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་ཀྱི་བགྲོ་གླེང་ཐེངས་དགུ་བ་འཛུ་རིག་ནས་འཚོགས།

བོད་གནས་མེ་ལྕེའི་ལས་འགུལ།
དེ་རིང་སྤྱི་ཟླ་༡༢ཚེས་༢༣ཉིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག སུད་སི་གྲོང་ཁྱེར་ཛུ་རིག་གི་ཁྲོམ་གཞུང་དུ་མཐུན་ཚོགས་ཀྱི་ཚོགས་མི་རྣམས་གཙོས་པའི་མི་གྲངས་བཅུ་གྲངས་ཤིག་གིས། ལུས་སྟོད་དམར་ཧྲང་ཐོག་འབར་བཞིན་པའི་བོད་ཀྱི་ཛ་དྲག་གི་གནས་བབ་མཚོན་པའི་རི་མོ་དང་ཡིོ་གེ་སོགས་བྲིས་ཏེ། བོད་གནས་ངོ་སྤྲོད་ཀྱི་ཡིག་ཆ་འགྲེལ་སྤེལ་གྱི་ལས་འགུལ་སྤེལ་ཡོད།

ཝི་ནེ་ཏི་ཞེས་པའི་དགུན་ཁྲོམ་སྐབས་ལུ་རྫན་ཚོགས་ཆུང་མཉམ་ཞུགས་བྱས་པ།
ཝེ་ནི་ཏེ་དགུན་ཁྲོམ་འདི་ནི་ལུ་རྫན་བོད་རིགས་ཚོགས་ཆུང་གི་ངོས་ནས་བོད་ཀྱི་རིག་གཞུང་དྲིལ་བསྒྲགས་ཙམ་མིན་པ་ཚོགས་ཆུང་གི་དཔལ་འབྱོར་བསྡུ་འགོད་ཀྱི་དམིགས་རྟེན་གཅིག་པོ་དེ་ཡང་ཡིན། དུས་སྐབས་དེའི་རིང་གནམ་གཤིས་གྲང་ངར་ཆེན་པོ་ཇི་ཙམ་ཡོད་མེད་ལ་མ་ལྟོས་པར་ཚོགྶ་ཆུང་མི་མང་ནས་འཕྱར་གྲུ་མཉམ་འདེགྶ་གནང་བར་རྟེན་དཔལ་འབྱོར་གྱི་མཁེ་འབབ་ཡང་གང་ལེགས་བྱུང་ཡོད།
དེ་ལས་མང་བ། ཝི་ནེ་ཏི་ཞེས་པའི་དགུན་ཁྲོམ་སྐབས་ལུ་རྫན་ཚོགས་ཆུང་མཉམ་ཞུགས་བྱས་པ།

ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༢༣ འཁོར་བའི་དུས་དྲན་རྒྱས་པ་སྲུང་བརྩི་ཞུས་པ།
ཕྱི་ལོ་ ༢༠༡༢ ཟླ་བ་ ༡༢ ཚེས་ ༡༥ ཉིན་སུད་སི་ས་གནས་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ནང་སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་ནས་གོ་སྒྲིག་ཞུས་པས་༸བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༢༣ འཁོར་བའི་དུས་དྲན་རྒྱས་པ་སྲུང་བརྩི་ཞུས་ཡོད་པ་རེད།

སུད་སི་འཇི་ནི་ཝར་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་གནང་པ།
འཛམ་གླིང་ཞི་བདེའི་དེད་དཔོན། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་ཝེ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཉེར་གསུམ་འཁོར་བ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྟེ་ལོ་གྲངས་ ༦༤ འཁོར་བའི་དུས་དྲན་སྲུང་བརྩིས་ཞུས་པ།
དེ་ལས་མང་བ། སུད་སི་འཇི་ནི་ཝར་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་གནང་པ།

ས་གནས་ལོ་ཟན་ཚོགས་ཆུང་ནས་མཆོད་འབུལ་སྨོན་ལམ།
ཕྱི་ལོ་ ༢༠༡༢ ཟླ་བ ༡༢ ཚེས་༨ ཉིན་ས་གནས་ལོ་ཟན་ཚོགས་ཆུང་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་

སུད་སི་རྒྱལ་ཡོངས་བོད་རིགས་ན་ཆུང་བྱིས་པའི་ཕ་སྐད་གཙང་མའི་འགྲན་བསྡུར་སྐབས་དང་པོ།
ཕྱི་ཟླ༡༢ཚེས་༡ཉིན་གྱི་སུད་སིའི་མངའ་སྡེ་སངྒ་ལེན་ས་གནས་ཚོགས་ཆུང་བོད་ཡིག་སློབ་གྲྭའི་གོ་སྒྲིག་འོག སུད་སིའི་ས་གནས་བོད་ཡིག་སློབ་གྲྭ་ཁག་གི་སློབ་ཕྲུག་གང་མང་མཉམ་ཞུགས་ཀྱིས་སུད་སི་རྒྱལ་ཡོངས་བོད་རིིགས་ན་ཆུང་བྱིས་པའི་ཕ་སྐད་གཙང་མའི་འགྲན་བསྡུར་སྐབས་དང་པོ་ཞེས་པའི་ཕ་སྐད་འགྲན་བསྡུར་ཀྱི་མཛད་རིམ་རྒྱས་པ་ཞིག་འཚོགས་སོང་།
དེ་ལས་མང་བ། སུད་སི་རྒྱལ་ཡོངས་བོད་རིགས་ན་ཆུང་བྱིས་པའི་ཕ་སྐད་གཙང་མའི་འགྲན་བསྡུར་སྐབས་དང་པོ།

སྤྱི་ལོ་ ༢༠༡༢ ཟླ་༡༡ཚེས་༣༠ ཉིན་སུད་སི་འཛུ་རིག་ནང་གདུང་སེམས་མཉམ་བསྐྱེད་ལས་འགུལ་སྤེལ་བ།
སྤྱི་ཟླ་༡༡ཚེས་༣༠ཉིན་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་མང་གིས་གོ་སྒྲིག་འོག ཡོ་རོབ་གཞོན་ནུའི་མཐུན་ཚོགས། སུད་བོད་མཛའ་འབྲེལ་ཚོགས་པ། སུད་སི་ས་གནས་བུད་མེད། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་བཅས་མཉམ་ཞུགས་འོག་ཛུ་རིག་གྲོང་ཁྱེར་ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བར་མི་མང་སྟོང་ཕྲག་གཅིག་ཙམ་མཉམ་ཞུགས་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ཆེད་རྒྱ་གཞུང་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད།
དེ་ལས་མང་བ། སྤྱི་ལོ་ ༢༠༡༢ ཟླ་༡༡ཚེས་༣༠ ཉིན་སུད་སི་འཛུ་རིག་ནང་གདུང་སེམས་མཉམ་བསྐྱེད་ལས་འགུལ་སྤེལ་བ།