ཕྱི་ཟླ་ ༡ ༢༠༡༣

ས་གནས་རུ་ཏི་དང་ཨིཊ་ཝིལ་ཨམ་སེ། ཕོལ་ཀཊ་སཝིལ་ཚོགས་ཆུང་གསུམ་གྱིས་ བོད་ཀྱི་རྩ་དོན་ཆེད་ཆོས་སྲིད་ཀྱི་ལས་འགུལ།

ཕྱི་ལོ་༢༠༡༣ ཕྱི་ཟླ་༡ ཚེས་༡༨ གཟའ་སྤ་སངས་ཉིན་ཆུ་ཚོད་༡༡ ནས་༡༦ བར་རྗི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་སུད་སི་ས་གནས་རུ་ཏི་དང་ཨོཊ་ཝིལ། ཕོལ་ཀཊ་སཝིལ་ཚོགས་ཆུང་གསུམ་གྱི་གོ་སྒྲིགས་ལྟར་རི་ཀོན་ཆོས་འཁོར་དགོན་མཁན་རིན་པོ་ཆེ་མཆོག་དང་ཡོ་རོབ་སྤྱི་ཟུར་གང་གཞོན་ཚང་ངག་དབང་ལགས།

དེ་ལས་མང་བ།

Projekt: Motivation 2013

དེ་རིང་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༩ ཉིན་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཀྱི་ཆེད་གོམ་པ་དང་པོའི་རྣམ་པ་མཚོན་པའི་ལས་འགུལ་༼ Projekt: Motivation 2013༽ ཟེར་བ་ཞིག་ཚོགས་ཆུང་ནས་དབུ་འཛུགས་ཞུས་ཡོད།།

དེ་ལས་མང་བ།

ཁྱིམ་ཚང་གཉིས་ཀྱིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག

འདི་་ག་སུད་སི་གནས་སྡོད་བོད་རིཊ་ཁྱིམ་ཚང་གཉིས་ཀྱིས་བོད་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་སྐྱེད་ཆེད་རྒྱལ་ཚོགས་མདུན་ཐང་དུ་ལོ་གཅིག་རིང་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་གྱི་ཡོད།

དེ་ལས་མང་བ།

ཨར་གྷའོ་ས་གནས་ལས་འགུལ།

ཁ་སང་ཕྱི་ཟླ་ ༡ ཚེས་ ༡༢ ཉིན་ནས་བོད་ཀྱི་ཛ་དྲགས་ཀྱི་གནས་སྟངས་དང་རྒྱལ་བཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཚན་གཞུང་བཅས་ཤོག་ལེ་ ༦ རེ་ས་གནས་ཡུལ་མི་རྣམས་ལ་བཀྲམས་རྒྱུའི་ལས་འགུལ་དབུ་ཚུགས་ཡོད་པ་དང། དེ་ཡང་ཤོག་ངོས་ ༤༠༠༠༠།༠༠ ལྷག་ཙམ་གྲ་སྒྲིག་དང་ཤོག་ལེ་༦ རེ་ལས་ཁུང་ཁག་དང་ཁྱིམ་ཚང་ཁག་གི་ཡིག་སྒམ་ནས་ཡིག་སྒམ་བཀྲམས་ཀྱི་ཡོད་པ་དང། ལས་གུལ་དེ་ཕྱི་ཟླ་༡ ཚེས་༡༢ ནས་ཕྱི་ཟླ་ ༡ ཚེས་༢༠ བར་ཨར་གྷའོ་རྒྱ་ས་ནས་གྲོང་གསེབ་བར་མ་ཆད་པ་བཀྲམས་རྒྱུའི་ལས་འགུལ་བྱེད་བཞིན་འདུག

དེ་ལས་མང་བ།

ཨ་མཆོག་ནས་རང་ལུས་མེར་བསྲེཊ།

དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༢ པ་ཙམ་ལ་བོད་མདོ་སྨད་བླ་བྲང་ཨ་མཆོག་ཞང་ཐོག་ཏུ་བོད་མི་ན་གཞོན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག ཚེ་རིང་བཀྲ་ཤིས་ལགས་ཀྱི་ཕ་མིང་ལ་གདུགས་དཀར་སྐྱབས་དང་མ་མིང་ལ་ཚེ་རིང་སྒྲོལ་མ། སྐྱེས་དམན་གྱི་མིང་ལ་ཡུམ་མཚོ་སྐྱིད་ཞུ་བཞིན་ཡོད་པ་དང་ཁོང་ད་ལྟ་རང་ལོ་ ༢༢ ཡིན་འདུག

དེ་ལས་མང་བ།

བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ།

ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢ ཉིན་རྒྱལ་ཚོགས་ཀྱི་མདུན་དུ་འབར་བཞིན་པའི་བོད་ཀྱི་ཆེད་ལྷག་དཀར་སྲུང་བརྩིའི་སྒོ་ནས་ཞི་རྒོལ་གྱི་ལས་འགུལ་སྤེལ་བ།

དེ་ལས་མང་བ།

༢༠༡༢ ཟླ་ ༡༢ ཚེས་ ༣༡ ཉིན་ས་གནས་རི་ཀོན་དུ་མཆོད་འབུལ།

༢༠༡༢ ཟླ་ ༡༢ ཚེས་ ༣༡ ཉིན་ས་གནས་རི་ཀོན་འཐུས་མི་ནས་གྲ་སྒྲིག་ཞུས་ཏེ། དགོང་དྲོ་ཆུ་ཚོད་ ༡༦ ནས་ ༡༩་ ཐོག་རི་ཀོན་རང་བདེན་ཚོགས་ཆུང་གི་ཚོགས་ཁང་ནང་དུ།

དེ་ལས་མང་བ།

ཨར་གྷའོ་ཚོགས་ཆུང་ནས་མཆོད་འབུལ།

ཕྱི་ཟླ་༡༢ ཚེས་༣༠ ཉིན་ཨར་གྷའོ་ཚོགས་ཆུང་ནས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆེད་དང། བོད་ཀྱི་བདེན་མཐའ་གསལ་ཆེད་སྨོན་ལམ་དང་མཆོད་འབུལ་ཞིག་ཚོགས་ཡོད།

དེ་ལས་མང་བ།