ཕྱི་ཟླ་ ༣ ༢༠༡༣

དཀོན་མཆོག་བསྟན་འཛིན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།

༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༧ པ་ཙམ་ལ་བོད་མདོ་སྨད་ཀླུ་ཆུ་རྫོང་ཟམ་ཚ་ཡུལ་ཚོའི་རྨོག་རི་སྡེ་བའི་ཕ་ལྷ་ཁོ་ལགས་དང་།

དེ་ལས་མང་བ།

ཁམས་རྫོགས་ཆེན་དགོན་གྱི་མཁན་ཆེན་ཁྲི་ཟུར་མི་ཉག་ལྷ་སྒང་བྲག་དཀར་དགོན་གྱི་སྤྲུལ་སྐུ་དང་ཁོང་གི་ཚ་མོ་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།

༄༅། །འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༧ ཉིན་ཁུངས་ལྡན་གནས་ཚུལ་བཏང་གནས་ནང་འཁོད་དོན་ལྟར་ན། ཁམས་རྫོགས་ཆེན་དགོན་གྱི་མཁན་ཆེན་ཁྲི་ཟུར་ཡིན་པ་མི་ཉག་ལྷ་སྒང་བྲག་དཀར་དགོན་གྱི་སྤྲུལ་སྐུ་ཨ་ཐུབ་བམ་མཚན་གཞན་ལ་ཐུབ་བསྟན་སྙན་གྲགས་རིན་པོ་ཆེ་མཆོག་དང༌།

དེ་ལས་མང་བ།

ལྷ་མོ་སྐྱབས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།

༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༥ ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་སྐྱིད་ཚང་དམེ་ཤུལ་ཞང་གི་མདུན་དུ་ནགས་ཚལ་ཆེན་པོ་ཞིག་ཡོད་པ་དེའི་ནགས་འདབས་སུ། བོད་མི་རང་ལོ་ ༤༣ ལ་སོན་པ་ནགས་སྲུང་བ་ལྷ་མོ་སྐྱབས་ལགས་ཀྱིས། རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག

དེ་ལས་མང་བ།

བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་ཀྱི་བགྲོད་གླེང་ཐེངས་བཅུ་གཅིག་པ་འཛུ་རིག་ནས་འཚོགས།

ཟླ་འདིའི་ཚེས་ཉེར་བཞི་ཉིན་སུད་སིའི་གྲོང་ཁྱེར་འཛུ་རིག་ཏུ་བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་གཅིག་པ་དེ་བོད་ནང་གི་རང་ལུས་མེ་བསྲེག་གི་ལས་འགུལ་དང་བྱེས་པའི་ལས་འགན་ཟེར་པའི་བརྗོད་བྱ་འོག་འཚོགས།

དེ་ལས་མང་བ།

འཛམ་ཐང་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ།

ཕྱི་ཟླ་༣ ཚེས་༢༤ ཉིན་བོད་མདོ་སྨད་འཛམ་ཐང་ནས་རང་ལོ་༣༠ ཡིན་པའི་བོད་རིགས་བུད་མེད་སྐལ་སྐྱིད་ཀྱིས་རྒྱ་གཞུང་ལ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག

དེ་ལས་མང་བ།

ས་སྐྱ་༸གོང་མ་རིན་པོ་ཆེས་དྲག་པོ་གསུམ་སྦྲེལ་གྱི་བཀའ་དབང་གནང་སོང།

ལོ་ཤས་གོང་ནས་ས་སྐྱ་གོང་མ་རིན་པོ་ཆེར་ཡོ་རོབ་ནང་གི་སྔར་འགྱུར་རྙིང་མའི་ཆོས་ཚོགས་རིག་འཛིན་འདུས་སྡེ་དང་ས་སྐྱའི་བརྩེ་ཆེན་ཆོས་ཚོགས་སོགས་ནས་

དེ་ལས་མང་བ།

རྔ་པར་རང་ལུས་མེར་བསྲེགས།

དེ་རིང་ཕྱི་དྲོར་སླར་ཡང་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐོགས་མེད་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་འདུག

དེ་ལས་མང་བ།

ཨ་རི་དང་ཡུ་རོབ་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བ།

༄༅། །སུད་སི་གྲོང་ཁྱེར་ཇི་ནི་ཝར་འཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༢༢ སྐབས་ཨ་རི་དང་ཡུ་རོབ་སྤྱི་མཐུན་ཚོགས་པ། ཇར་མན། ཨོ་སི་ཊི་རི་ཡ། ཅེཀ། སུ་ཝི་ཌེན་སོགས་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས་པའི་དགོས་འདུན་ཤུགས་ཆེ་བཏོན་འདུག

དེ་ལས་མང་བ།

ཀིརྟི་རིན་པོ་ཆེ་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༤ རེས་གཟའ་ཟླ་བའི་ཕྱེད་ཡོལ་དུ་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་དབུ་བླ་བཀའ་ཟུར་ཀིརྟི་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གིས་སུད་སི་གྲོང་ཁྱེར་ཇི་ནི་ཝར་(Geneva) ཕྱོགས་ཕེབས་གནང་སྟེ་ཁུལ་དེར་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་

དེ་ལས་མང་བ།

སུད་སིའི་བུད་མེད་ལྷན་ཚོགས་ཀྱིས་བོད་ཀྱི་བུད་མེད་སྒེར་ལངས

སུད་སིའི་བུད་མེད་ལྷན་ཚོགས་ཀྱིས་བོད་ཀྱི་བུད་མེད་སྒེར་ལངས་བྱས་ནས་ལོ་འཁོར་ལྔ་བཞི་ལོན་པའི་དུས་དྲན་དེ་རིང་དགོང་དྲོ་འཛུ་རིག་གྲོང་ཁྱེར་གྱི་ས་གནས་ werdmullerplatz སུ་རི་ཀོང་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་སུད་སིའི་མི་མང་ཚོགས་པའི་ཚོགས་གཙོ་གངས་གཞོན་ཚང་བློ་བཟང་དང་ཚོགས་གཞོན་བསམ་པ་དོན་འགྲུབ།

དེ་ལས་མང་བ།

བོད་ཡིག་འཛིན་གྲྭ་གསར་འཛུགས།

ཡོ་རོབ་བོད་ཀྱི་གཞོན་ནུས་གོ་སྒྲིག་འོག་སུད་སིར་བོད་སྐད་ཡིག་ཡིག་རྨོངས་སེལ་བའི་བོད་ཡིག་འཛིན་གྲྭ་འགོ་བཙུགས་གནང་སོང་།

དེ་ལས་མང་བ།

ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༨ ཉིན་སུད་སི་གྲོང་ཁྱེར་འཛུ་རིག་ཏུ་བོད་མིའི་རང་དབང་སྒེར་ལངས་ ༥༤ པ་དེ་སྲུང་བརྩི་ཞུས་ཡོད།

ཕྱི་ལོ་༢༠༡༣ ཟླ་༣ ཚེས་༨ ཉིན་སུད་སི་གྲོང་ཁྱེར་འཛུ་རིག་ཏུ་སུད་སི་གནས་བཞུགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་མང་ཆིག་སྟོང་སུམ་བརྒྱ་༼༡༣༠༠༽སྐོར་ནས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།

དེ་ལས་མང་བ།

བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་སྤེལ་བ

ཕྱི་ལོ་༢༠༡༣ ཟླ་༣ ཚེས་༦ ཉིན་འདི་ལོའི་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་སུད་སིའི་ལུ་རྫན་ Luzern གྲོང་ཁྱེར་དང་། སུད་སི་གྲོས་ཚོགས་ལ་བོད་ཀྱི་ཛ་དྲག་གི་གནས་སྟངས་དང་ བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་འབོད་སྐུལ་ལས་འགུལ་ཞིག་སྤེལ་ཡོད་འདུག

དེ་ལས་མང་བ།

༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྒྱལ་ཚོགས་མདུན་དུ་བོད་ནང་གི་སྡུག་བསྔལ་ཞུ་གཏུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར་སྐྱབས་རྗེ་ཀིརྟི་རིནཔོ་ཆེ་མཆོག་སུད་སི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་དོན་ལྟར། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་ཕྱི་ཟླ་༣ཚེས་༥ཉིན་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཡོ་རོབ་སྤྱི་ཟུར་དང

དེ་ལས་མང་བ།

༧སྐྱབས་མགོན་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་སུད་སིར་ཞབས་སོ་བདེ་བར་འཁོད་པ།

ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༤ ཉིན་ ༧ ས་སྐྱ་གོང་མ་རིན་པོ་ཆེ་མཆོག་འདི་ག་སུད་སི་ལ་ཞབས་སོ་འཁོད་གནང་བར་དང་སྔ་འགྱུར་རིག་འཛིན་འདུས་སྡེའི་ཆོས་ཚོགས་ནས་ཕེབས་བསུ་ཟབ་རྒྱས་ཞུས་པ།

དེ་ལས་མང་བ།

སྐྱབས་རྗེ་ཀིརྟི་རིནཔོ་ཆེ་ནས་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ལ་བཀའ་སློབ།

༢༠༡༣ ལོའི་ཟླ་༣ ཚེས་ ༣ རེས་གཟའ་ཉི་མའི་ཉིན་ས་གནས་ཡོ་ནར་ཚོགས་ཁང་དུ་ས་གནས་ཚོགས་གཙོ་སྦྲེལ་པོ་གཙོའི་ཆོས་འཁོར་དགོན་གྱི་དགེ་འདུན་པ་དང་སྤྱི་ཟུར་རྣམ་པ། ས་གནས་དོན་གཅོད་མཆོགཚོགས་པ་ཁག་གི་མཛད་གཙོ་དང་འཐུས་མི་ཡོངས་ནས་བཀའ་ཟུར་སྐྱབས་རྗེ་ཀིརྟི་རིནཔོ་ཆེ་སྐུ་ཕྲེང་བཅུ་གཅིག་མཆོག་དགའ་བསུས་ཕེབས་སུ་ཞུས།

དེ་ལས་མང་བ།

སུད་སིའི་རི་ཀོན་དགོན་དུ་ཆོལ་གསུམ་ཐུན་མོང་གི་མཆོད་འབུལ་སྨོན་ལམ་ཚོགས་པ།

ཕྱི་ལོ་༢༠༡༣ ཟླ་༣ ཚེས་༢ ཉིན་རྒྱབ་ཆུ་ཚོད་༡༢ སྟེང་སུད་སིའི་ས་གནས་རི་ཀོན་ཆོས་འཁོར་དགོན་དུ་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་དམིགས་ནས་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཆོལ་གསུམ་ཐུན་མོང་གིས་གོ་སྒྲིག་ཞུས་པ་དང་། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དང་བླ་སྤྲུལ་དགེ་འདུན་རྣམས་ཀྱིས་གཙོས་ཡོ་རོབ་སྤྱི་ཟུར་རྣམ་པ་དང་།

དེ་ལས་མང་བ།

སུད་སི་བོད་ཀྱི་མི་རབས་གསར་བའི་རྒྱུན་ལས་ཁང་ནས

སུད་སི་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་རྒྱུན་ལས་ཁང་ནས་སྤྱི་ཟླ་༢ཚེས༢༣ཉིན་སུད་སི་རྒྱ་ནག་གཞུང་ཚབ་ཁང་གིས་ལོ་སར་གསོལ་སྟོན་བཏང་བའི་གསར་འགྱུར་གཏོང་བ།

དེ་ལས་མང་བ།