ཕྱི་ཟླ་ ༤ ༢༠༡༣

འཐུས་མི་རྣམ་པར་སྐལ་བཟང་གོ་སྐབས་བཟང་པོ་ཐོབ་ཡོད།

༈ སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་བཅོ་ལྔ་པའི་འཐུས་ཚོགས་ཀྱི་འཐུས་མི་རྣམ་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། བཙན་བྱོལ་བོད་མིའི་སྲིད་སྐྱོང་༸མི་རྗེ་བློ་བཟང་སེངྒེ་མཆོག་བཅས་ཁུལ་འདིར་ཞབས་སོར་བཀྲིན་ཆེ་སྐབས་ལྷན་དུ་སྐུ་དཔར་བསྒྲོན་པའི་སྐལ་བཟང་གོ་སྐབས་ཐོབ་པ།

དེ་ལས་མང་བ།

ས་གནས་སོ་ལོ་ཐོན་ཚོགས་ཆུང་གིས་བོད་བསྟན་སྲིད་ཆེད་བསྔོ་སྨོན།

ཕྱི་ཟླ་༤ཚེས་༢༨ ཉིན་སུད་སུ་ས་གནས་སོ་ཐོན་ཚོགས་ཆུང་གིས་བོད་བསྟན་སྲིད་ཆེད་སྐུ་ལུས་མཆོད་མེར་ཕུལ་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་ཞལ་འདོན་བསྔོ་སྨོན་བསྡུས་པ་ཞིག་ཚོགས་སོང་།

དེ་ལས་མང་བ།

ཡོ་ནཱའི་ལོ་འཁོར་དཔྱིད་ཀའི་དུས་སྟོན།

དེ་ཡང་སུད་སི་ས་གནས་ཡོ་ནཱར་ལོ་ལྟར་དཔྱིད་ཀའི་དུས་སྟོན་ཞིག་ཉིན་གསུམ་རིང་འཚུགས་བཞིན་ཡོད་པ་ལྟར་ལོ་འདིར་ཡང་ཕྱི་ཟླ་ ༤ ཚེས་ ༢༦/ ༢༨ རེས་གཟའ་པ་སངས་ནས་ཉི་མ་བར་ཡིན་འདུག

དེ་ལས་མང་བ།

བོད་མི་གཉིས་ནས་རང་ལུས་མེར་སྲེག་བཏང་བ།

༄༅༎ཕྱི་ལོ་༢༠༡༣ ཕྱི་ཟླ་༤ ཚེས་༢༤ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་༦།༤༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཟླ་བ། རང་ལོ་༢༠ ཡིན་པ་ཁོང་དང་། གྲྭ་དཀོན་མཆོག་འོད་ཟེར། རང་ལོ་༢༣ ཡིན་པ་ཁོང་གཉིས་ཀྱིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་འདུ་ཁང་འགྲམ་གྱི་གཡས་ཟུར་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་གདུག་རྩུབ་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག

དེ་ལས་མང་བ།

སུད་སི་བོད་རིགས་མི་མང་ནས་གདུང་སེམས་མཉམ་སྐྱེད་མཆོད་འབུལ་ཞུས་པ།

ཕྱི་ལོ་ ༢༠༡༣ ཟླ་བ་ ༤ པའི་ཚེས་ ༢༡ རེས་གཟའ་ཉི་མ་ཕྱི་དྲོའི་ཆུ་ཚོད་ ༡༧།༠༠ ནས་ ༡༨།༣༠ བར་རི་ཀོན་ཆོས་འཁོར་དགོན་དུ་མཁན་རིན་པོ་ཆེས་དབུས་པའི་དགེ་འདུན་རྣམ་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག ཕྱི་དྲིལ་བཀའ་བློན་མཆོག

དེ་ལས་མང་བ།

ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༤ ཚེས་ ༢༠ ཉིན་སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་ལ་གསར་འཕྲིན་དྲ་རྒྱ་ཚོགྶ་ཆུང་ནས་བཅར་འདྲི་ཞུ་བ།

༄༅། ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༤ ཚེས་ ༢༠ ཉིན་སྲིད་སྐྱོང་མཁས་དབང་༸མི་རྗེ་སྐོུ་བློ་བཟང་སེངྒེ་མཆོག་སུད་སི་ཁུལ་གྱི་གཞུང་འབྲེལ་ཆིབས་བསྒྱུར་གནང་བར་་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། སུད་སི་དང་། ལེཀ་ཏེན་སིཊཡན་བོད་རིགས་མི་མང་གསར་འཕྲིན་དྲ་རྒྱ་ཚོགྶ་ཆུང་ནས་བཅར་འདྲི་དོན་ཚན་ཁག་ཅིག་ཞུ་རྒྱུར།

དེ་ལས་མང་བ།

རི་ཀོན་ཆོས་འཁོར་དགོན་པའི་གཡས་གཡོན་དུ་གཙང་སྦྲ་གང་ལེགས་ཞིག་གནང་ཡོད་འདུག

ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༦ རེས་གཟའ་སྤེན་པའི་ཉིན་སུད་སི་ས་གནས་ར་པར་སི་ལྦིལ་ཡོ་ན་ Rapperswil Jona  ཚོགས་ཆུང་གི་ཚོགས་མི་རྒྱ་མོ་ཚང་བསྟན་འཛིན་ནོར་བུ་ལགས་ཀྱིས་མ་སྐུལ་དང་བླང་ཐོག་ས་གནས་ཀྱི་ཚོགས་མི་དང་བླང་བ་འགའ་ཤས་དང་བོད་པའི་གྲོགས་པོ་སུད་སིའི་ཡུལ་མི་སྐུ་ཞབས Hans Stutz

དེ་ལས་མང་བ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉིན་ལྔའི་རིང་སུད་སིར་ཆོས་འབྲེལ་གནང་ཡོད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྔ་འགྱུར་རིག་འཛིན་ཐེག་མཆོག་གླིང་གི་དབུ་འཛིན་ནམ་མཁའ་རིན་པོ་ཆེས་གསོལ་འདེབས་ཞུས་པ་ལྟར་སུད་སི་ཁུལ་དུ་ཆོས་འབྲེལ་དང་། མི་མང་བཀའ་སློབ། གཙུག་ལག་སློབ་ཁང་། སུད་སི་གྲོས་ཚོགས་བཅས་སུ་ཆིབས་བསྒྱུར་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།

དེ་ལས་མང་བ།

༧གོང་ས་མཆོག་སུད་སི་གྲོས་ཚོགས་ནང་གཞུང་འབྲེལ་གདན་ཞུ།

དེ་རིང་ཕྱི་ཚེས་༡༦ ཉིན་སུད་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་མཱ་ཡ་གྷི་ར་ཧྥི་ (Maya Graf) མཆོག་གིས་གདན་ཞུ་ལྟར། ༧གོང་ས་མཆོག་སུད་སི་གྲོས་ཚོགས་ནང་ཆེད་ཕེབས་ཀྱིས་སུད་སི་གྲོས་ཚོགས་འཐུས་མི་ཚོ་དང་མཇལ་ཕྲད་གནང་ཡོད་འདུག

དེ་ལས་མང་བ།

ཕོལ་ཁེཏ་སི་ཝིལ་ཚོགས་ཆུང་ནས་སྨོན་ལམ་སྨིན་སྒྲུབ་ཞུས་པ།

༄༅།།ཕོལ་ཁེཏ་སི་ཝིལ་ཚོགས་ཆུང་ནས་བོད་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏང་གིས་སྐུ་ལུས་མེ་མཆོད་འཕུལ་བའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་རྗེས་དྲན་གདུང་སེམས་མཉམ་སྐྱེས་མཆོད་འབུལ་སྨོན་ལམ་སྨིན་སྒྲུབ་ཞུས་པ།

དེ་ལས་མང་བ།

དཔལ་ལྡན་མཁས་དབང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སུད་སིར་ཕེབས་འབྱོར་བདེ་བར་བྱུང་བ།

༄༅། །ཕྱི་ལོ་ ༢༠༡༣ ཟླ་བ ༤ ཚེས་ ༡༠ དགོང་དྲོའི་ཆུ་ཚོད་ ༨ ཡོལ་ཙམ་ལ་སྲིད་སྐྱོང་མཆོག་འཛུ་རིག་གནམ་ཐང་དུ་ཕེབས་འབྱོར་བདེ་བར་བྱུང་ཡོད་པ་དང་།ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་

དེ་ལས་མང་བ།

དགའ་ལྡན་ཕོ་བྲང་ཡིག་ཚང་ནས་རང་དབང་དང་རང་བཙན་གྱི་ཁྱད་པར་ཡོངས་ཁྱབ་གསལ་བསྒྲགས།

༄༅༎ཉེ་ཆར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་བཀུར་འོས་སྤྱི་འཐུས་ཤིག་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོས་ལྗགས་རྩོམ་གནང་བའི་བདེན་གསོལ་སྨོན་ཚིག་ནང་། “ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།” ཞེས་པ་དང་། ལྷ་མོའི་འཕྲིན་བསྐུལ་དུ་ “རང་དབང་དཔལ་ལ་རེ་བཞིན་རྟག་གནས་ན།།” ཞེས་པ་དང་།

དེ་ལས་མང་བ།

སྦ་སལ་ཚོགས་ཆུང་ནས་མཆོད་འབུལ།

༆། །ཕྱི་ལོ་ ༢༠༡༣ ཟླ་བ་ ༤ ཚེས་ ༧ ཉིན་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་སྦ་སལ་ཚོགས་ཆུང་ནས་བོད་རྒྱལ་ཁབ་དང་མི་རིགས་གིས་ཆེད་དུ་རང་ལུས་མཆོད་མེ་འབུལ་བའི་

དེ་ལས་མང་བ།

ལྷག་དཀར་སྲུང་བརྩི་དང་སྦྲགས་རྒྱལ་ཚོགས་མདུན་བོད་དོན་ཞུ་གཏུག་ཐེངས་བརྒྱད་པ་སྤེལ་འདུག

ཕྱི་ལོ་ ༢༠༡༣ ཟླ་༤ ཚེས་ ༣ ཉིན་སླར་ཡང་ཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ། ལྷག་དཀར་སྲུང་བརྩིའི་སྒོ་ནས་ཁྱིམ་ཚང་གཉིས་ཀྱིས་བོད་ནང་གི་ཆེས་ཛ་དྲག་གི་གནས་སྟངས་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་ཡོད་འདུག

དེ་ལས་མང་བ།

མཆོད་འབུལ་སྨོན་ལམ།

ཕྱི་ལོ་ ༢༠༡༣ ཟླ་བ་ ༣ པའི་ཚེས་ ༢༩ རེས་གཟའ་པ་སངས་ཉིན་རྒྱབ་ཆུ་ཚོད་ ༡༤།༠༠ ནས་ ༡༧།༠༠ བར་རི་ཀོན་ཚོགས་ཆུང་ཚོགས་ཁང་དུ་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེའི་དབུས་པས་དགེ་འདུན་པ་རྣམ་པ། སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་ལགས་དང་གང་གཞོན་ཚང་ངག་དབང་རྒྱལ་མཚན་ལགས། ས་གནས་འཐུས་མི་དང་

དེ་ལས་མང་བ།