ཕྱི་ཟླ་ ༦ – ༢༠༡༣

༢༠༡༣ ཕྱི་ཟླ་ ༦ ཚེས་ ༢༨ རེས་གཟའ་པ་སངས་དགོང་དྲོ་ཛུས་རིག་གྲོང་ཁྱེར་རྒྱ་ནག་གཞུང་ཚབ་ཏུ་ཞི་བའི་ངོ་རྒོལ་བྱས་པ།
དེ་ཡང་བཀའ་འཕྲོལ་སྔོན་ཚུད་ནས་ཞུས་ཐོབ་བཞིན་ཛུས་རིག་མེ་འཁོར་བབས་ཚུགས་ཉེ་འདབ་སྦུ་རུགལི་པིལཱ་ཚ་ས་ཁུལ་དུ་སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་འཐུས་ཚོགས་སྐབས་བཅོ་ལྔ་པའི་གོ་སྒྲིག་ཞུས་དོན་མི་གྲངས་ ༢༥༠ སྐོར་འདུ་འཛོམས་ཀྱིས་ཁྲོམ་གཞུང་དུ་གོམ་བགྲོད་དང་བཅས་རྒྱ་གཞུང་ལས་ཁང་དུ་ཞི་བའི་ངོ་རྒོལ་བྱས་ཤིང་།

ས་ར་ཟླ་བ་རྒྱལ་མཚན་ནས་སུད་སི་མངའ་སྡེ་འབེ་ལི་ཛོ་ནར་ལས་འགུལ་སྤེལ་བ།
ཕྱི་ལོ་༢༠༡༣ ཟླ་བ་ ༦ ཚེས་ ༢༢ ཉིན་མངའ་སྡེ་འབེ་ལི་ཛོ་ན་ཉེ་འགྲམ་འཇུ་འབེ་ཡསེ་ཀོ་ས་གནས་ཟ་ཁང་མི་ལེ་ཕིའོ་རི་ཞེས་པར་ད་སྐབས་བོད་ནང་སྤུན་ཟླ་གྲངས་ ༡༡༩ སྐུ་ལུས་མེ་མཆོད་ཕུལ་བའི་ཛ་དྲག་གི་གནས་ཚུལ་གསལ་བསྒྲགས་ཡོང་ཆེད་དེ་སྔོན་བོད་རང་བཙན་ཡི་པའི་ལོ་རྒྱུས་ཕོ་ལི་ཡེ་འདྲ་པར་གཟིགས་འབུལ་ཞུ་རྒྱུ་དང་།
དེ་ལས་མང་བ། ས་ར་ཟླ་བ་རྒྱལ་མཚན་ནས་སུད་སི་མངའ་སྡེ་འབེ་ལི་ཛོ་ནར་ལས་འགུལ་སྤེལ་བ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེནཔོ་མཆོག་གི་སྐུ་དཔར་ཉར་ཚགས་ཆོག་པ།
གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན་བོད་མདོ་སྨད་མཚོ་ལྷོ་ཁུལ་སོགས་ལ་རྒྱ་གཞུང་དབང་འཛིན་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེནཔོ་མཆོག་གི་སྐུ་དཔར་མཐོང་སྒྲོལ་རིན་པོ་ཆེ་ཉར་ཚགས་ཆོག་པ་བཅས་ཀྱི་སྲིད་བྱུས་ཤིག་ཁྱབ་སྤེལ་བྱེད་ཀྱི་ཡོད་འདུག་པ་ནི། རྒྱ་གཞུང་འགོ་ཁྲིད་ཚོས་ད་ཕན་ལོ་མང་ནོར་ཚབས་མཁྲེགས་བཟུང་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་གི་ཡོད་པའི་རྣམ་པར་ངོས་འཛིན་ཞུ་ཆོག

འཆི་མེད་རྡོ་རྗེས་སྤྱི་དངུལ་བལ་སྒོར་འབུམ་ ༨༨ ལྐོག་ཟ་བྱས་པའི་གསལ་བསྒྲགས།
༄༅། །བལ་ཡུལ་འཇོ་ཁེལ་བསམ་གྲུབ་གླིང་ས་གནས་འགོ་འཛིན་ལས་ཁང་གི་རྩིས་པ་ཟུར་པ་འཆི་མེད་རྡོ་རྗེས་བཟོ་གཞིས་འགོ་འཛིན་དང་བཟོ་གཞིས་འགན་འཛིན་ལྷན་ཚོགས་གཉིས་ཀྱི་བཀའ་འཁྲོལ་དང་ཤེས་རྟོགས་མེད་པར། ས་ཆ་ཉོ་སྒྲུབ་བྱས་ཚུལ་གྱི་ཡིག་ཆ་དང་རྩིས་ཁྲ་རྫུན་བཟོ་བྱས་ཏེ་སྤྱི་དངུལ་བལ་སྒོར་འབུམ་ ༨༨ སྒེར་ཟོས་བྱས་པའི་གནས་ཚུལ་

སོ་ལོ་ཐུརན་ས་གནས་བོད་རིགས་མི་མང་ས་གནས་ཚོགས་ཆུང་གིས་དང་བླང་དཔྱ་དངུལ་འབུལ་བསྡུ།
དེ་རིང་ཕྱི་ཟླ ༦ ཚེས་ ༡༦ ཉིན་སུད་སི་ས་གནས་སོ་ལོ་ཐུརན་བོད་རིགས་མི་མང་ས་གནས་ཚོགས་ཆུང་གི་ཟླ་རེའི་ནང་བོད་བསྟན་སྲིད་ཆེད་བསྔོ་སྨོན་མཆོད་འབུལ་གནང་བ་དང་སྟབས་བསྟུན། ས་གནས་མི་མང་གིས་ཕྱི་ལོ ༢༠༡༣ ལོའི་དང་བླང་དཔྱ་ཁྲལ་བསྡུ་འབུལ་གནང་ཡོད་འདུག
དེ་ལས་མང་བ། སོ་ལོ་ཐུརན་ས་གནས་བོད་རིགས་མི་མང་ས་གནས་ཚོགས་ཆུང་གིས་དང་བླང་དཔྱ་དངུལ་འབུལ་བསྡུ།

༢༠༡༣ ཕྱི་ཟླ་ ༦ ཚེས་ ༡༤ ཉིན་གྱི་འཇི་ནི་ཝར་སྤེལ་བའི་ལས་འགུལ།
དེ་ཡང་སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་ ༡༥ པའི་ས་གནས་འཐུས་ཚོགས་ནས་གྲོས་ཆོད་གཏན་འབེབས་བྱས་པ་གཞིར་བཟུང་སུད་སི་གྲོང་ཁྱེར་འཇི་ནི་ཝར་གཏན་གཞི་བྱས་པའི་མཉམ་སྦྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་བཅས་པར། བོད་ནང་གི་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད་དུ་རང་དབང་གི་སྐུ་ཚབ་ཚོགས་ཆུང་ཞིག་གཏོང་དགོས་པའི་ཞུ་བསྐུལ་གྱི་ལས་འགུལ་ཞིག་སྤེལ་བ་དང་། དེ་དག་མུ་མཐུད་འཇུག་སྐྱོང་ཞུ་བཞིན་ཡོད།
དེ་ལས་མང་བ། ༢༠༡༣ ཕྱི་ཟླ་ ༦ ཚེས་ ༡༤ ཉིན་གྱི་འཇི་ནི་ཝར་སྤེལ་བའི་ལས་འགུལ།

སུད་སི་མདོ་ཁམས་ཆུ་སྒང་གི་དུས་དྲན་སྲུང་རྩིའི་སྐོར།
༄། ཕྱི་ལོ་༢༠༡༣ ཟླ་༦ ཚེས་ ༨ རེས་གཟའ་སྤེན་པ་ཉིན་མོར་མདོ་ཁམས་ཆུ་སྒང་བསྟན་སྲུང་དྭངས་བླང་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༥ འཁོར་བའི་གལ་ཆེ་བའི་ཉི་མོ་ཞིག་ལ་སུད་སིར་གནས་བཞུགས་མདོ་ཁམས་ཀྱི་སྤུན་ཟླ་རྣམ་པས་དུས་དྲན་སྲུང་བརྩིས་ཞུས་ཡོད།
དེ་ལས་མང་བ། སུད་སི་མདོ་ཁམས་ཆུ་སྒང་གི་དུས་དྲན་སྲུང་རྩིའི་སྐོར།
ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་ལ་བོད་ཞུ་གཏུག་ལས་འགུལ་ཐེངས་བཅུ་གཉིས་པ།
ཕྱི་ཟླ ༦ ཚེས ༥ ཉིན་ཆུ་ཚོད་སུད་སི་གྲོང་ཁྱེར་ལུའུ་ཙན་ (Luzern) ནང་གནས་སྡོད་བྱེད་མཁན་ལྷུན་འགྲུབ་ཚང་ཀརྨ་བཀྲིས་ཚེ་རིང་དང་སྟག་ཚང་དཀོན་ཅོག་ཁྱིམ་ཚང་གཉིས་ཀྱིས་སུད་སི་ཇི་ནེ་ཝི་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་བཅུ་གཉིས་པ་སྤེལ་ཡོད་འདུག
དེ་ལས་མང་བ། ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་ལ་བོད་ཞུ་གཏུག་ལས་འགུལ་ཐེངས་བཅུ་གཉིས་པ།
བོད་ནང་བོད་མི་བརྒྱ་དང་བཅུ་ལྷག་གིས་རང་ལུས་མེར་བསྲེགས་བཏང་བའི་འབྱུང་རྐྱེན་གང་ཡིན་གསལ་འདོན་བྱེད་པའི་གློག་བརྙན་ནུས་ཤུགས་ལྡན་པ་ཞིག་རེད།
ཨ་རིའི་རླུང་འཕྲིན་ཁང་ནས་འདོན་འགྲེམས་གནང་བ།

དྲུག་བཞིའི་དུས་དྲན་ལ་གདུང་སེམས་མཉམ་བསྐྱེད།
ཕྱི་ལོ ༢༠༡༣ ལོའི་ཟླ་༦ ཚེས ༤ ཉིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་དྲུག་བཞིའི་དུས་དྲན་ལ་གདུང་སེམས་མཉམ་བསྐྱེད་ཆེད། སུད་སི་ནང་གི་གྲོང་ཁྱེར་ཆེ་ཁག་བཞིའི་ནང་དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་ཡིག་ཆ་ཁག་དང་། བོད་གནས་འགྲེལ་བརྗོད་ཀྱི་ཡིག་ཆ་ཁག་འགྲེམས་སྤེལ་གྱི་ལས་འགུལ་ཞིག་སྤེལ་ཡོད་འདུག

སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་ཚོགས་ཆུང་སྦ་སལ་ནས་མཆོད་འབུལ།
ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢ ཉིན་སྦ་སལ་ས་གནས་ཚོགས་ཆུང་གི་ཚོགས་མི་ ༥༠ སྐོར་འདུ་འཛོམས་ཀྱིས་ བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཤིན་ཏུ་བརྙེད་པར་དཀའ་བའི་མི་ལུས་རིན་པོ་ཆེ་མཆོད་མེ་ཕུལ་བའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་བཀྲིན་རྗེས་དྲན་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་བསྔོ་སྨོན་མཆོད་འབུལ་རྒྱ་ཆེ་གནང་བ་དང།
དེ་ལས་མང་བ། སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་ཚོགས་ཆུང་སྦ་སལ་ནས་མཆོད་འབུལ།
སུད་སི་རི་ཀོན་བོད་ཡིག་སློབ་གྲྭ་ལོ་ངོ་ ༣༠ འཁོར་བའི་དུས་དྲན།
སུད་སི་རི་ཀོན་བོད་ཡིག་སློབ་གྲྭ་བཙུགས་ཏེ་ལོ་ངོ་སུམ་ཅུ་འཁོར་བའི་དུན་དྲན་སྲུང་བརྩི་ཞུས། སྤྱིར་དེང་གི་ཆར་སུད་སིའི་ནང་བོད་རིགས་འབོར་ཆེན་གང་ཙམ་ཡོད་པས། སུད་སི་ས་གནས་གྲོང་སྡེ་བཅོ་ལྔའི་ནང་བོད་ཡིག་སློབ་གྲྭ་ཁག་བཅོ་ལྔ་ཙམ་ཡོད་པ།
དེ་ལས་མང་བ། སུད་སི་རི་ཀོན་བོད་ཡིག་སློབ་གྲྭ་ལོ་ངོ་ ༣༠ འཁོར་བའི་དུས་དྲན།