ཕྱི་ཟླ་ ༩ ༢༠༡༣

སུད་སི་གྲོང་ཁྱེར་སྦ་སལ་དུ་ཚོགས་འདུ་དང་བོད་དོན་ཐོག་བགྲོ་གླེང་ཉིན་གསུམ་རིང་གནང་སོང་།

༢༠༡༣ ཟླ ༩ ཚེས་ ༢༧/༢༨/༢༩/ ཉིན་གསུམ་རིང་ཡོ་རོབ་བོད་དོན་རྒྱབ་སྐྱོར་ཚོགས་པ་སུད་བོད་མཐུན་གྲོགས་ཚོགས་པ་སོགས་རྒྱལ་ཁབ་ཁག་མོང་པོ་ནས་མཉམ་རུབ་ཐོག་སུད་སི་གྲོང་ཁྱེར་སྦ་སལ་དུ་ཚོགས་འདུ་དང་བོད་དོན་ཐོག་བགྲོ་གླེང་ཉིན་གསུམ་རིང་གནང་སོང་།

དེ་ལས་མང་བ།

འཛུ་རིག་ཚོགས་ཆུང་གིས་ཞབས་རིམ་ཞུས།

ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༩ པའི་ཚེས་ ༢༡ རེས་གཟའ་སྤེན་པའི་སྔ་དྲོ་འཛུ་རིག་ཚོགས་ཆུང་གིས་༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་བོད་ཀྱི་བདེན་མཐའ་མྱུར་ཏུ་གསལ་རྒྱུ།གཞན་ཡང་འཛམ་གླིང་ཞི་བདེ་ཡོང་བ་སོགས་ཀྱི་ཆེད་དུ་བསྟན་སྲིད་ཞབས་རིམ་ཞིག་མི་མང་ལས་ཁུངས་ནང་གསོག་བསྒྲུབས་ཞུས།

དེ་ལས་མང་བ།

༸སྐུའི་བླ་སྨན་པ་ཨེམ་རྗེ་ཚེ་དབང་རྟ་མགྲིན་མཆོག་ལ་བཅར་འདྲི་ཞུས་པ།

༄༅། ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༩ ཚེས་ ༡༩ ༸སྐུའི་བླ་སྨན་པ་ཨེམ་རྗེ་ཚེ་དབང་རྟ་མགྲིན་མཆོག་ལ་སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་གསར་འཕྲིན་དྲ་རྒྱ་ཚོགྶ་ཆུང་ནས་བཅར་འདྲི་དོན་ཚན་ཞུས་པ།

དེ་ལས་མང་བ།

ཐུགས་ཕམ་སྐྱེས་གཞི་དང་བོད་མིའི་ལས་འགན་གནང་ཕྱོགས་ཐད་བགྲོ་གླེང་།

ཕྱི་༩ ཚེས་༡༥ རེས་གཟའ་ཉི་མའི་ཉིན་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་༧གོང་ས་མཆོག་གི་ཐུགས་ཕམ་སྐྱེས་གཞི་དང་བོད་པའི་ལས་འགན་གནང་ཕྱོགས་ཐད་བགྲོ་གླེང་རྒྱས་པ་ཞིག་གནང་སོང་།

དེ་ལས་མང་བ།

༸བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཤེས་རིག་སྒྲོན་མེའི་གཟེངས་རྟགས་ཕུལ།

ཕྱི་ལོ་༢༠༡༣ ལོའི་ཟླ་༩ ཚེས་ ༡༤ རེས་གཟའ་སྤེན་པའི་ཉིན་སུད་སི་སུ་རྒྱལ་ཡོངས་བོད་སློབ་ཉིན་མོའི་དུས་དྲན་དང་སྟབས་བསྟུན། ཡུ་རོབ་བོད་སློབ་ཁག་ཐུན་མོང་གིས་སྐུའི་གཅུང་མོ་༸བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཤེས་རིག་སྒྲོན་མེའི་གཟེངས་རྟགས་འབུལ་བཞེས་གནང་ཡོད་འདུག

དེ་ལས་མང་བ།

རྒྱལ་ཚོགས་ལ་ཉེས་མེད་བོད་མི་གཉིས་ཀྱི་ཚེ་སྲོག་སྐྱོབ་དགོས་པའི་འབོད་སྐུལ།

ཕྱི་ལོ་༢༠༡༣ ལོའི་ཟླ་ ༩ ཚེས་༩ ཉིན་ནས་ཕྱི་ཚེས ༢༧ བར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་འཚོག་བཞིན་པའི་གོ་སྐབས་དང་བསྟུན། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱིས་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་ཞི་རྒོལ་སྐད་འབོད་ལས་འགུལ་ཞིག་གོ་སྒྲིག་ཞུས་ཏེ།

དེ་ལས་མང་བ།

ཚོགས་ཆུང་སྦ་སལ་ནས་བོད་ཟས་མོག་མོག་བཙོང་པ།

༄༅། ཕྱི་ལོ་ ༢༠༡༣ ཟླ་བ་ ༠༩ ཚེས་ ༠༧ ཉིན་སུད་སི་དང་ལིཀ་ཊེན་སིཊཡན་བོད་རིགས་མི་མང་ས་གནས་ཚོགས་ཆུང་སྦ་སལ་ནས་འཛམ་གླིང་རྒྱལ་ཁབ་སོ་སོའི་རང་གིས་ཐུན་མོང་མ་ཡིན་པའི་རིགས་གཞུང་འཁྲབ་སྟོན་བྱེད་པའི་དུས་སྐབས་འདུག་པ་དམ་འཛིན་གྱིས་འདི་གར་བོད་ཀྱི་གླུ་གཞས་རྐང་བྲོ་དང་གཡག་རྩེད་སོགས་འཁྲབ་སྟོན་བྱས་པ་མ་ཟད།

དེ་ལས་མང་བ།

བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་དང་ཚོགས་མི་གསར་བསྐོ་གནང་བ།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༥ རེས་གཟའ་ཕུར་བུ་ནས་ཉིན་གསུམ་རིང་རྡ་ས་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༦ པ་འདི་བཞིན་དབུ་འཛུགས་གནང་ཡོད། དེ་ཡང་དེ་ཉིན་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་བཀའ་ཤག་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང།

དེ་ལས་མང་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་གསོལ་རས་སྩལ་ཏེ་ལོ་ངོ་ ༥༣ འཁོར་བའི་མང་གཙོའི་དུས་ཆེན་བོད་གཞུང་མང་གཉིས་ནས་སྲུང་བརྩི་གཟབ་རྒྱས་ཞུས་པ།

༄༅། །བོད་རྒྱལ་ལོ་ ༢༡༣༩ ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢ ཉིན་ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་བོད་གཞུང་དམངས་ཡོངས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་ཏེ་ལོ་ངོ་ ༥༣ འཁོར་བའི་དུས་ཆེན་མཛད་སྒོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།

དེ་ལས་མང་བ།