ཕྱི་ཟླ་ ༡༠ – ༢༠༡༣
འཛུ་རིག་གྲོང་ཁྱེར་གྱི་ནང་དུ་ཡིག་ཆ་ ༤༠༠༠ འགྲེམས་སྤེལ་བྱས་པ།
༢༠༡༣ ལོའི་ཟླ་བ་ ༡༠ ཚེས་ ༢༦ ཉིན་འཛུ་རིག་གྲོང་ཁྱེར་གྱི་ནང་དུ་འཛུ་རིག་ཚོགས་ཆུང་གི་ཚོགས་མི་བཅུ་བཞིས་མཉམ་ཞུགས་ཀྱིས་བོད་ནང་བོད་མིའི་ཛ་དྲག་གི་གནས་སྟངས་སྐོར་ཡིག་ཆ་ ༤༠༠༠ འགྲེམས་སྤེལ་བྱས་པ་ཡིན།
དེ་ལས་མང་བ། འཛུ་རིག་གྲོང་ཁྱེར་གྱི་ནང་དུ་ཡིག་ཆ་ ༤༠༠༠ འགྲེམས་སྤེལ་བྱས་པ།

འཇི་ནི་ཝར་རྒྱལ་ཚོགས་མདུན་དུ་རྔམ་སྟོན་ཁྲོམས་སྐོར་དང་བཅས་བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅོ་བརྒྱད་པ།
ཕྱི་ཟླ་ ༡༠ ཚེས་ ༤ ནས་ཕྱི་ཚེས ༢༢ བར་སྤྱི་ལེ ༣༩༠ ལྷག་ལ་ཉིན་གྲངས་ ༡༨ རིང་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་ འཐུས་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་བོད་དོན་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་ཉིན་མཐའ་མ་ཡིན་པ་དང་། དབྱིན་ཡིག་དང་། འཇར་མན། ཧྥི་རན་སི་བཅས་སྐད་ཡིག་གསུམ་གྱི་ནང་བོད་ཀྱི་ད་ལྟའི་གནས་བབ་དང་།

བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅུ་བདུན་པ།
ཕྱི་ཚེས་ ༢༠ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བཅུ་བདུན་པ་དེ་ཡིན། ཉིན་འདིར་སུད་སུ་ས་གནས་ Cheserex ནས་ Geneva

བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅུ་དྲུག་པ།
ཕྱི་ཚེས་ ༡༩ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཀྱི་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བཅུ་དྲུག་པ་དེ་ཡིན། ཉིན་འདིར་སུད་སུ་ས་གནས་ Rolle ནས་ས་གནས་ Cheserex བར་སྤྱི་ལེ་ ༡༨ ཙམ་གོམ་བགྲོད་གནང་།

བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅོ་ལྔ་པ།
ཕྱི་ཚེས་ ༡༨ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་བོད་དོན་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བཅོ་ལྔ་པ་དེ་ཡིན། ཉིན་འདིར་སུད་སུ་ས་གནས་ Lausanne ནས་གྲོང་ཁྱེར Rolle བར་སྤྱི་ལེ་༢༩ ལ་གོམ་བགྲོད་གནང་ཡོད། གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་སྐྱེས་པ་གྲངས ༤༦ དང་བུད་མེད་ ༡༨ བཅས་ཁྱོན་གྲངས་ ༦༤ ཡོད་ཅིང་། ལས་བྱེད་དྲུག་བཅས་མཉམ་ཞུགས་གནང་ཡོད། ཡིག་ཆ་གྲངས་ཆིག་སྟོང་ལྷག་འགྲེམས་སྤེལ་གནང་ཐུབ་པ་བྱུང་།

བོད་དོན་ཞི་བའི་གོམ་བགྲོད་དང་འབྲེལ་བའི་ས་གནས་སྦེན་མི་མང་གིས་ལས་འགུལ་དང་ཕེབས་བསུ་ཞུས་པ།
༈ བོད་དོན་ཞི་བའི་གོམ་བགྲོད་དང་འབྲེལ་བའི་ས་གནས་སྦེན་མི་མང་གིས་ལས་འགུལ་དང་ཕེབས་བསུ་ཞུས་པ། སུད་སི་དང་། ལིཀ་ཏེནསིཊཡན་བོད་རིགས་མི་མང་། ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་བཞིན་གདུང་སེམས་མཉམ་བསྐྱེད་བོད་དོན་ཞི་བའི་གོམ་བགྲོད་ཕྱི་ཚེས ༢༠༡༣ / ༡༠/༤ ཉིན་དབུ་འཛུགས་གནང་སྟེ་ཕྱི་ཚེས་ ༡༣ ཉིན་འདི་ག་སུད་སིའི་རྒྱལ་ས་སྦེན་ ༼Bern༽
དེ་ལས་མང་བ། བོད་དོན་ཞི་བའི་གོམ་བགྲོད་དང་འབྲེལ་བའི་ས་གནས་སྦེན་མི་མང་གིས་ལས་འགུལ་དང་ཕེབས་བསུ་ཞུས་པ།

བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅོ་བཞི་པ།
ཕྱི་ཚེས་ ༡༧ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བཅོ་ལྔ་པ་དེ་ཡིན། ཉིན་འདིར་སུད་སུ་ས་གནས་Oron-la Ville ནས་གྲོང་ཁྱེར Lausanne བར་སྤྱི་ལེ་༡༩ ལ་གོམ་བགྲོད་གནང་།
བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅུ་གསུམ་པ།
ཕྱི་ཚེས་ ༡༦ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་བོད་དོན་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བཅུ་གསུམ་པ་ཡིན། ཉིན་འདིར་སུད་སི་ས་གནས་ Romont ནས་ Oron-la vill བར་སྤྱི་ལེ་ ༡༧ ལྷག་ཙམ་གོམ་བགྲོད་གནང་ཡོད།
བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅུ་གཉིས་པ།
ཕྱི་ཚེས་ ༡༥ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་བོད་དོན་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བཅུ་གཉིས་པ་ཡིན། ཉིན་འདིར་སུད་སི་གྲོང་ཁྱེར Fribourg ནས་ Romont

བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅུ་གཅིག་པ།
ཕྱི་ཚེས་༡༤ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བཅུ་གཅིག་པ་ཡིན། ཉིན་འདིར་སུད་སུ་རྒྱལ་ས་ Bern ནས་གྲོང་ཁྱེར། Fribourg

ཧོར་གྷན་བོད་ཡིག་སློབ་གྲྭས་ཨོ་ལེམ་པིག་ལུས་རྩལ་དང་རྩེད་མོའི་འདུ་འཛོམས་ཞིག་གོ་སྒྲིག་ཞུས
༄༅། ཉེ་ཆར་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་སུད་སི་ས་གནས་ཧོར་གྷན་གྱི་སློབ་གྲྭའི་རྩེད་ཐང་དུ། ཧོར་གྷན་བོད་ཡིག་སློབ་གྲྭས་ ཕཱྀཊ་ཕཱོར་ཊི་བྷེཊ་ (Fit for Tibet) ཞེས་པའི་རྗོད་གཞིའི་ཐོག་སུད་སི་བོད་ཡིག་སློབ་གྲྭའི་སློབ་ཕྲུག་ཚོའི་ཆེད་དུ་བོད་པའི་ཨོ་ལེམ་པིག་ལུས་རྩལ་དང་རྩེད་མོའི་འདུ་འཛོམས་ཞིག་གོ་སྒྲིག་ཞུས་པ་རེད།
དེ་ལས་མང་བ། ཧོར་གྷན་བོད་ཡིག་སློབ་གྲྭས་ཨོ་ལེམ་པིག་ལུས་རྩལ་དང་རྩེད་མོའི་འདུ་འཛོམས་ཞིག་གོ་སྒྲིག་ཞུས

བོད་དོན་ཞི་བའི་གོམ་བགྲོད་ཉིན་བཅུ་བ།
ཕྱི་ཚེས་ ༡༣ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བཅུ་པ་ཡིན། ཉིན་འདིར་སུད་སུ་ས་གནས་ Krauchthall ནས་ས་གནས་བར་སྤྱི་ལེ། ༢༤ ལྷག་ལ་གོམ་བགྲོད་གནང་ཞིང་། གྲོང་ཁྱེར་ Bern ནང་བརྒྱུད་སྐབས་སུད་སི་གྲོས་ཚོགས་མདུན་ཐང་ནས་གོམ་བགྲོད་པ་རྣམས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་།

ཞི་བའི་གོམ་བགྲོད་ཉིན་དགུ་བ།
ཕྱི་ཚེས་༡༢ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་དགུ་པ་ཡིན། དེ་རིང་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་སྐྱེས་པ་གྲངས་ ༢༩ དང་། བུད་མེད་གྲངས་༡༤ བཅས་ཁྱོན་༤༢ ཙམ་དང་། ལས་བྱེད་དྲུག་བཅས་མཉམ་ཞུགས་གནང་ཡོད། ཡིག་ཆ་གྲངས་ཆིག་སྟོང་ལྷག་འགྲེམ་སྤེལ་གནང་ཐུབ་སོང་།

བོད་དོན་ཞི་བའི་གོམ་བགྲོད་ཉིན་བརྒྱད་པ།
དེ་རིང་ཕྱི་ཚེས ༡༡ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བརྒྱད་པ་ཡིན། གོམ་བགྲོད་པ་རྣམས་སུད་སི་ས་གནས་Murgenthal ནས་ས་གནས Koffingenབར་སྤྱི་ལེ་ ༢༥ ལྷག་ལ་གོམ་བགྲོད་གནང་སོང་ལ།

བོད་དོན་ཞི་བའི་གོམ་བགྲོད་ཉིན་བདུན་པ།
དེ་རིང་ཕྱི་ཚེས ༡༠ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བདུན་པ་ཡིན། ཉིན་འདིར་ཡང་གནམ་གཤིས་ཧ་ཅང་སྡུག་ཅིང་ཞོགས་པ་ནས་དགོང་ཁའི་བར་ཆར་བ་ཤུགས་ཆེན་བཏང་བ་དང་ལྷག་རླུང་ཤུགས་ཆེན་པོ་གཡུག་པ་དང་གོམ་བགྲོད་པ་རྣམས་ཀྱི་གྱོན་གོས་སོགས་ཆར་ཞོད་ཀྱིས་བརླན་ཞིང་གྲང་འདར་བརྒྱབ་པ་བཅས་དཀའ་ངལ་ཆེན་པོ་ཕྲད་ཀྱང་།

བོད་དོན་ཞི་བའི་གོམ་བགྲོད་ཉིན་དྲུག་པ།
དེ་རིང་ཕྱི་ཚེས ༩ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་དྲུག་པ་ཡིན། ཉིན་འདིར་གནམ་གཤིས་ཡག་འདུག་ལ། གོམ་བགྲོད་པ་རྣམས་སུད་སི་ས་གནས་Brugg ནས་ས་གནས Aargau བར་སྤྱི་ལེ་ ༢༠ མ་ཟིན་ཙམ་ལ་གོམ་བགྲོད་གནང་སོང་།

བོད་དོན་ཞི་བའི་གོམ་བགྲོད་ཉིན་ལྔ་པ་སྟེ་ ༢༠༡༣/༡༠/༠༨ རེས་གཟའ་ཟླ་བ།
དེ་རིང་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་ལྔ་པ་ཡིན། ཉིན་འདིར་ཡང་གནམ་གཤིས་ཡག་པོ་དེ་ཙམ་མེད་ཀྱང་ཆར་བ་ཤུགས་ཆེན་བཏང་མ་བྱུང་སྟབས་གོམ་བགྲོད་པ་རྣམས་ལ་དཀའ་ངལ་ཐོལ་བ་སྤྲད་མ་སོང་། གོམ་བགྲོད་ཉིན་ལྔ་བ་པ་དེ་སུད་སི་ས་གནས་ Dietikon ནས་ས་གནས་ Brugg བར་སྤྱི་ལེ ༢༠ ལྷག་ལ་གོམ་བགྲོད་གནང་ཞིང་།
དེ་ལས་མང་བ། བོད་དོན་ཞི་བའི་གོམ་བགྲོད་ཉིན་ལྔ་པ་སྟེ་ ༢༠༡༣/༡༠/༠༨ རེས་གཟའ་ཟླ་བ།

བོད་དོན་ཞི་བའི་གོམ་བགྲོད་ཉིན་བཞི་བ།
ཕྱི་ཚེས་༧ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་བཞི་པ་ཡིན། ཉིན་འདིར་ཡང་གནམ་གཤིས་ཡག་པོ་དེ་ཙམ་མེད། གོམ་བགྲོད་ཉིན་བཞི་པ་དེ་སུད་སི་ས་གནས་Effretikon ནས་ས་གནས་Dietikonབར་སྤྱི་ལེ ༢༥ ལྷག་ལ་གོམ་བགྲོད་གནང་ཞིང་།

བོད་དོན་ཞི་བའི་གོམ་བགྲོད་ཉིན་གསུམ་པ།
ཕྱི་ཚེས་༦ ཉིན་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་གདུང་སེམས་མཉམ་བསྐྱེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཉིན་གསུམ་པ་ཡིན། ཉིན་འདིར་གནམ་གཤིས་ཡག་པོ་མེད་ཅིང་ས་གནས་དེར་ཆར་ཞོད་ཅུང་ཆེ་ཙམ་འབབ་ཀྱིན་ཡོད།གོམ་བགྲོད་ཉིན་གསུམ་པ་དེ་སུད་སི་ས་གནས་Elgg ནས་ས་གནས་ Effretikon

བོད་དོན་ཞི་བའི་གོམ་བགྲོད་ཀྱི་ཉིན་གཉིས་པ།
༈ སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་འཐུས་ཚོགས་ནས་གོ་སྒྲིག་གིས། ༢༠༡༣ ཕྱི་ཟླ་ ༡༠ ཚེས་ ༤ ནས་ཚེས་ ༢༢ བར་སུད་སི་ས་གནས་སནཌི་གྷ་ལན་མངའ་སྡེ་ནས་འཇིན་ནི་ཝར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་བར་ཉིན་གྲངས་ ༡༨ རིང་ཀི་ལོ་མི་ཊར་ ༣༨༨ ལྷག་ཙམ་རིང་བོད་དོན་དྲིལ་བསྒྲགས་དང་བཅས་ཞི་བའི་གོམ་བགྲོད་གནང་བཞིན་ཉིན་གཉིས་པ།

ཉིན་དང་པོའི་ཞི་བའི་གོམ་བགྲོད་གང་ལེགས་བྱུང་སོང་།
༈ བོད་རྒྱལ་ལོ་ ༢༡༤༠ རབ་གནས་ཆུ་སྦྲུལ་ཁྲུམས་ཟླའི་ཚེས་ ༣༠ ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༤ སུད་སི་མངའ་སྡེ་སནཌི་གྷ་ལན་ནས་འཇི་ནི་ཝ་བར་ཉིན་གྲངས་ ༡༨ ཀི་ལོ་མི་ཊར་ ༣༨༨ མངའ་སྡེ་ཁག ༡༥ ཙམ་ནང་བོད་དོན་ཞི་བའི་གོམ་བགྲོད་འགོ་འཛུགས་ཀྱི་ལས་རིམ་འགོ་འཛུགས་ཞུས་པ། ཉིན་འདིར་གནམ་གཤིས་ཆར་པ་བཏང་ནས་སྐྱོ་པོ་བྱུང་སོང་ནའང་། གྲ་རྟེན་ལེ་འགྲིག་བྱུང་སོང་།
ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་དགོས་དམིགས་གཙོ་བོ།
༈ སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་འཐུས་ཚོགས་ནས་གོ་སྒྲིག་གིས། ༢༠༡༣ ཕྱི་ཟླ་ ༡༠ ཚེས་ ༤ ནས་ཚེས་ ༢༢ བར་སུད་སི་ས་གནས་སནཌི་གྷ་ལན་མངའ་སྡེ་ནས་འཇིན་ནི་ཝར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་བར་ཉིན་གྲངས་ ༡༨ རིང་ཀི་ལོ་མི་ཊར་ ༣༨༨ ལྷག་ཙམ་ཞིག་ཞི་བའི་གོམ་བགྲོད་གནང་རྒྱུ་བཅས་ཡིན་ལ།
དེ་ལས་མང་བ། ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་དགོས་དམིགས་གཙོ་བོ།

ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ཉི་ཤུ་བ།
ཕྱི་ལོ་༢༠༡༢ ལོའི་ཟླ་༡༢ ཚེས ༡༠ ཉིན་ནས་འགོ་བཙུག་སྟེ་སུད་སི་ནང་གནས་སྡོད་སྟག་ཚང་དཀོན་ཅོག་དང་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཁྱིམ་ཚང་གཉིས་ཀྱིས་ལས་ཀའི་དུས་ཚོད་བྲེལ་ཟིང་ཇི་ལྟར་ཆེ་ཡང་འགྲོ་གྲོན་སྒེར་ངོས་ནས་བཏང་སྟེ་རྒྱལ་ཚོགས་མདུན་དུ་ཟླ་རེར་ཐེངས་གཉིས་རེ་རྒྱུན་ཆགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་གྱིན་ཡོད་པ་དང་། ད་ལོའི་ཕྱི་ཟླ ༡༠ ཚེས་ ༢ ཉིན་ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ཉི་ཤུ་བ་དེ་སྤེལ་ཡོད་འདུག
དེ་ལས་མང་བ། ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ཉི་ཤུ་བ།