ཕྱི་ཟླ་ ༡ ༢༠༡༤

བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམས་སྤེལ་ཞུ་བ།

ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༨ རེས་གཟའ་སྤེན་པ་ཉིན་ས་གནས་ཝེ་ལྡན་སུ་ཝིལ་བོད་རིགས་མི་མང་གིས་བོད་དོན་དང་འབྲེལ་བའི་ད་ལྟ་བོད་ཀྱི་གནས་བབས་ཀྱི་ཡིག་ཆ་ ༦༠༠༠ ཙམ་འགྲེམས་སྤེལ་རྒྱ་ཆེ་གནང་། འགྲེམ་ཡིག་འགྲེམས་སྤེལ་ཞུ་རྒྱུའི་ལས་འགུལ་འདི་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིགས་འཛུགས་ཀྱིས་གོ་སྒྲིག་འཆར་བཀོད་འོག

དེ་ལས་མང་བ།

སིང་གྷ་ལན་བོད་ཡིག་སློབ་གྲྭའི་དྲ་རྒྱ་སྒོ་འབྱེད།

དྲ་རྒྱ་འདི་ནི་སནཌི་གྷལན་བོད་སློབ་འགན་འཛིན་གཙོས་བའི་དོན་གཉེར་ཅན་ཁག་ཅིག་གིས་ལོ་གཅིག་རིང་འབད་འབུངས་ལྷོད་མེད་བྱས་པའི་འབྲས་བུ་དང་། སུད་སི་ནང་གི་བོད་སློབ་ཁག་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་བོད་ཡིག་ལ་དོ་སྣང་ཡོད་རིགས་ཚང་མར་ལོ་གསར་པའི་ལེགས་སྐྱེས་སུ་བཏེགས་པའི་རྔན་པ་རྩ་ཆེན་ཞིག་ཡིན་ཞེས་འཁོད་འདུག

དེ་ལས་མང་བ།

སླར་ཡང་ཁྱིམ་ཚང་གཉིས་ཀྱིས་བོད་དོན་ཞུ་གཏུག་ལས་འགུལ་འགོ་འཛུགས།

ཕྱི་ལོ་༢༠༡༤ལོའི་ཟླ་༡ ཚེས་ ༡ ཉིན་སུད་སི་གནས་སྡོད་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་དང་། སྟག་ཚང་དཀོན་ཅོག་ཁྱིོམ་ཚང་གཉིས་ཀྱིས་འདས་པའི་ལོ་ངོ་གཅིག་རིང་ལས་འགུལ་སྤེལ་ཟིན་པ་ལྟར། སླར་ཡང་ཕྱི་ལོ་༢༠༡༤ ལོའི་གནམ་ལོ་གསར་ཚེས་ཉིན་དང་སྟབས་བསྟུན། ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་མུ་མཐུད་དབུ་འཛུགས་གནང་ཡོད་འདུག

དེ་ལས་མང་བ།

ཨར་གྷའོ་ཚོགས་ཆུང་ནས་མཆོད་འབུལ་འཚོགས།

༢༠༡༣ ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་ཉིན་གུང་ཚོུད་ ༡༣ ནས་ ཕྱི་དྲོའི་ཆུ་ཚོད་ ༡༨ བར་ས་གནས་ཨར་གྷའོ་ཚོགས་ཆུང་ནས་ཚོགས་མི་ ༦༠ ལྷག་འདུ་འཛོམས་ཀྱིས་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་འདྲེན་མཆོག་བླ་ན་མེད་པ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་རིས་མེད་སྐྱེས་ཆེན་དམ་པ་འཚོ་བཞུགས་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་།

དེ་ལས་མང་བ།