ཕྱི་ཟླ་ ༦ – ༢༠༡༤
རི་ཀོན་ཆོས་འཁོར་དགོན་དུ་ནང་ཆོས་ཟབ་སྦྱོང་གནང་།
ཕྱི་ལོ་ ༢༠༡༤་༠༦་༢༡ ཉིན་ཞོག་པ་ཆུ་ཚོད་ ༡༠་༣༠ ཐོག་རི་ཀོན་ཆོས་འཁོར་དགོན་གྱི་མཁན་པོ་དགེ་འདུན་རྣམ་པ་དང་འཛིན་སྐྱོང་ལས་བྱེད་པ་རྣམས་ནས་རི་ཀོན་བོད་ཡིག་སློབ་གྲྭའི་སློབ་ཕྲུག་ཁྱོན་བསྡོམས་སུམ་ཅུར་ནང་ཆོས་དང་འབྲེལ་བའི་ཐོག་ཟབ་སྦྱོང་གནང་།

འཇི་ནི་ཝར་ཉིན་བཞི་པར་སྤེལ་བའི་ལས་འགུལ་ལེ་འགྲིགས་བྱུང་པ།
༢༠༡༤ ཕྱི་ཟླ་ ༦ ཚེས་ ༡༣ རེས་གཟའ་པ་སངས་ཉིན་འཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཨ་མའི་མདུན་ཐང་བཅས་སུ་སྐུ་ཕྱག་འཚལ་ཏེ་བོད་རྒྱ་ཞི་མོལ་བསྐུལ་འདེད་བྱེད་པའི་ཉིན་བཞི་བའི་ལས་འགུལ་མཐའ་མ སྔ་དྲོ་ཆུ་ཚོད་ ༠༩།༠༠ ཐོག་དབུ་འཛུགས་གནང་། སྐུ་ཕྱག་གི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་མི་གྲངས་ ༡༩ དང་དེའི་ནང་བུ་མེད་ ༣ སྐྱེས་པ་ ༡༦ བཅས་དང་ལོ་ན་ཆུང་ཤོས་ ༢༣ དང་རྒན་ཤོས་ ༧༠ ཡིན།
དེ་ལས་མང་བ། འཇི་ནི་ཝར་ཉིན་བཞི་པར་སྤེལ་བའི་ལས་འགུལ་ལེ་འགྲིགས་བྱུང་པ།

སུད་སི་རི་ཀོན་ཆོས་འཁོར་དགོན་དུ་ས་ཟླའི་སྲུང་བརྩི་ཞུས།
ཞོགས་ཚོུད་ ༩་་༣༠ ཐོག་གོ་སྒྲིག་ཚོགས་ཆུང་གི་ཚབ་ཏུ་ས་འཐུས་སྒོ་སྤེ་ཡོན་ཏན་ནས། ད་རེ་འདི་གར་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེའི་དབུས་དགེ་འདུན་རྣམ་པ། སྤྱི་ཟུར་གང་གཞོན་ཚང་ངག་དབང་ལགས། མི་མང་གི་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ཀྱི་དབུས་འཐུས་མི་རྣམ་པ།
དེ་ལས་མང་བ། སུད་སི་རི་ཀོན་ཆོས་འཁོར་དགོན་དུ་ས་ཟླའི་སྲུང་བརྩི་ཞུས།
ཕྱི་ཟླ་ ༦ ཚེས་ ༡༢ ཏེ་ཉིན་གསུམ་པར་འཇི་ནི་ཝར་སྤེལ་བཞིན་པའི་ལས་འགུལ།
དེ་རིང་ཕྱི་ཟླ་ ༦ ཚེས་ ༡༢ རེས་གཟའ་ཕུར་བུ་ཉིན་འཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཨ་མའི་མདུན་ཐང་དུ་སྐུ་ཕྱག་འཚལ་ཏེ་བོད་རྒྱ་ཞི་མོལ་སྐུལ་འདེད་བྱེད་པའི་ལས་འགུལ་ཉིན་གསུམ་པ། ལས་འགུལ་ནང་མཉམ་ཞུགས་གནང་མཁན་མི་གྲངས་ ༢༠ དང་དེའི་ནང་བུ་མེད་ ༣ སྐྱེས་པ་ ༡༧ བཅས་དང་ལོ་ན་ཆུང་ཤོས་ ༢༣ དང་རྒན་ཤོས་ ༧༠ ཡིན།
དེ་ལས་མང་བ། ཕྱི་ཟླ་ ༦ ཚེས་ ༡༢ ཏེ་ཉིན་གསུམ་པར་འཇི་ནི་ཝར་སྤེལ་བཞིན་པའི་ལས་འགུལ།

ཕྱི་ཟླ་ ༦ ཚེས་ ༡༡ རེས་གཟའ་ལྷག་པ་ཉིན་འཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་སྐུ་ཕྱག་འཚལ་བ།
དེ་རིང་ཕྱི་ཟླ་ ༦ ཚེས་ ༡༡ རེས་གཟའ་ལྷག་པ་ཉིན་འཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་སྐུ་ཕྱག་འཚལ་ཏེ་བོད་རྒྱ་ཞི་མོལ་སྐུལ་འདེད་བྱེད་པའི་ལས་འགུལ་ཉིན་གཉིས་པ། ལས་འགུལ་ནང་མཉམ་ཞུགས་གནང་མཁན་མི་གྲངས་ ༢༠ དང་དེའི་ནང་བུ་མེད་ ༣ སྐྱེས་པ་ ༡༧ དང་།

གསལ་བསྒྲགས་སྔོན་སོང་བཞིན་འཇི་ནི་ཝར་བོད་དོན་ལས་འགུལ་སྤེལ་བ།
སུད་སི་དང་།ལིཀ་ཏེན་སིཊཡན་ས་གནས་འཐུས་ཚོགས་ཀྱི་གོ་སྒྲིག་འོག་འདི་ལོ་ཕྱི་ཟླ་གསུམ་པ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེེ་སྐུ་ཞབས་སྦན་ཀི་མོན་མཆོག་གི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷན་ཞི་མོལ་ཡོང་ཐབས་བསྐུལ་དེད་གནང་དགོས་པའི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད།
དེ་ལས་མང་བ། གསལ་བསྒྲགས་སྔོན་སོང་བཞིན་འཇི་ནི་ཝར་བོད་དོན་ལས་འགུལ་སྤེལ་བ།

དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་གཏུག་ཚོགས་ཆུང་སུད་སིར་ཕེབས་འབྱོར།
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དབུས་ཚོགས་མི་བཞི་ལས་གྲུབ་པའི་བོད་དོན་ཞུ་གཏུག་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་ཡུལ་གྲུ་ཁག་ཏུ་ཆེད་བཅར་གྱིས་བོད་ཀྱི་ཛ་དྲག་གནས་བབ་ལས་སྐྱོབ་ཐབས་སོགས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བོད་རྒྱ་ཞི་མོལ་ཡོང་ཐབས་བཅས་ཡིན་འདུག
དེ་ལས་མང་བ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་གཏུག་ཚོགས་ཆུང་སུད་སིར་ཕེབས་འབྱོར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་གཏུག་ཚོགས་ཆུང་སུད་སིར་ཕེབས་འབྱོར་བ།
དེ་ཡང་བོད་མི་མང་སྤྱི་འཐུས་ལྷ་ཚོགས་ནས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དབུས་ཚོགས་མི་བཞི་ལས་གྲུབ་པའི་བོད་དོན་ཞུ་གཏུག་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་ཡུལ་གྲུ་ཁག་ཏུ་ཆེད་བཅར་གྱིས་བོད་ཀྱི་ཛ་དྲག་གནས་བབ་ལས་སྐྱོབ་ཐབས་སོགས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བོད་རྒྱ་ཞི་མོལ་ཡོང་ཐབས་བཅས་ཡིན་འདུག
དེ་ལས་མང་བ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་གཏུག་ཚོགས་ཆུང་སུད་སིར་ཕེབས་འབྱོར་བ།

བོད་དོན་ཞུ་གཏུག་ལས་འགུལ་ཐེངས་སུམ་ཅུ་པ།
ཟླ་༦ ཚེས་ ༥ ཉིན་སུད་སིར་གནས་སྡོད་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་དང་། སྟག་ཚང་དཀོན་ཅོག བཀྲ་བསྟན་ཚང་པ་སངས་ནང་མི་གསུམ་གྱིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༣༠ བ་དེ་སྤེལ་ཡོད་འདུག

སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་དྲ་རྒྱ་དབུ་འབྱེད་དང་གསར་འགོད་གསལ་བསྒྲགས་སྤེལ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༥ ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་འབྲེལ་ཉིན་གཉིས་པའི་སྔ་དྲོའི་ཆོས་ཐུན་གྲུབ་མཚམས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་སྤྱིའི་སྟེང་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་རྒྱ་སྐྱེད་གཏོང་རྒྱུའི་ལས་གཞི་དང་འབྲེལ་བའི་ཡིག་ཆ་ཁག་གསུམ་མགོན་པོ་གང་ཉིད་མཆོག་ལ་སྤྱན་བསྟར་ཞུས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྙིང་བསྡུས་ཤིག་སྩལ་

རྒྱ་ནག་གཞུང་གིས་དོན་འགྲུབ་དབང་ཆེན་ལོ་དུས་ཚང་མཚམས་བཙོན་ནས་ཀློད་གྲོལ་བཏང་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༥ ཉིན་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་ལགས་རྒྱ་ནག་གཞུང་གིས་ལོ་དྲུག་གི་དུས་བཀག་བརྩོན་འཇུག་གི་ཁྲིམས་ཆད་བཙང་རྗེས་བཙོན་ཁང་ནས་གློས་བཀྲོལ་བཏང་འདུག ཕྱི་ལོ་ ༢༠༠༨ ལོའི་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཨོ་ལིམ་ཕིག་ལུས་རྩལ་འགྲན་འཚོགས་བསླེབ་ལ་ཉེ་སྐབས།
དེ་ལས་མང་བ། རྒྱ་ནག་གཞུང་གིས་དོན་འགྲུབ་དབང་ཆེན་ལོ་དུས་ཚང་མཚམས་བཙོན་ནས་ཀློད་གྲོལ་བཏང་བ།
སུད་སི་ས་གནས་ཧོར་གྷན་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་བ།
༄༅། སུད་སི་ས་གནས་ཧོར་གྷན་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་བ།
དེ་ལས་མང་བ། སུད་སི་ས་གནས་ཧོར་གྷན་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་བ།