ཕྱི་ཟླ་ ༩ ༢༠༡༤

བོད་དོན་བགྲོ་གླེང་།

​༄༅།།འཐུས་ཚོགས་ཀྱིས་བཀོད་སྒྲིག་གནང་བའི་༼བོད་དོན་བགྲོ་གླེང་།༽ གི་སྐོར་སྐྱོད་ལས་འཆར་ཐོག་མ་དེ་ས་གནས་ཨར་གྷའོ་ཚོགས་ཆུང་དུ་བསྐོང་འཚོགས་གནང་བ།

དེ་ལས་མང་བ།

སུད་སིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཞུ་གཏུགས་ཀྱི་ལས་འགུལ་སྤེལ།

སུད་སིར་གནས་སྡོད་བོད་མི་ཁག་ཅིག་ནས་བོད་རིགས་མི་མང་གི་མཐུན་འགྱུར་འོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་ནང་སྐུ་ལུས་མཆོད་མེར་ཕུལ་མི་ལྷ་མོ་བཀྲ་ཤིས་ལགས་ཀྱི་གནས་ཚུལ་དང་བོད་དོན་ཆེད་ཛྭ་དྲག་ཞུ་གཏུགས་ཀྱི་ལས་འགུལ་སྤེལ།

དེ་ལས་མང་བ།

རང་ལུས་མེར་བསྲེགས་གནང་འདུག

གཟའ་ལྷག་པའི་ཉིན་ཀན་ལྷོ་གཙོད་ཉེན་རྟོག་ཁང་གི་སྒོ་ཁར་བོད་རིགས་སློབ་ཕྲུག་ཅིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག

དེ་ལས་མང་བ།

དོལ་ཚོགས་ཀྱིས་༸གོང་ས་མཆོག་ལ་ངོ་རྒོལ་སྐད་འབོད་བྱས་པར་བཀའ་གདམས་གསར་མའི་ཚོགས་མི་ཟུར་པ་རྣམས་ནས་སྐྱོན་བརྗོད་ཀྱི་གསལ་བསྒྲགས་སྤེལ་བ། ༢༠༡༤ ཟླ་ ༩ ཚེས་ ༡༩ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༩ ཉིན་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བཀའ་གདམས་གསར་མ་ཟེར་བའི་ཆོས་ཚོགས་ནང་དེ་སྔ་ཚོགས་མི་གནང་མྱོང་མཁན་ཁག་གཅིག་གིས་དེང་སྐབས་དོལ་རྒྱལ་རྗེས་འབྲང་པ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་སྐྱོན་འདོགས་དང་མཚན་སྨད་ཤུགས་ཆེ་ཞུ་བཞིན་པ་དེར་ངོ་རྒོལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་འཁོད་དོན།

དེ་ལས་མང་བ།

ཚོགས་ཆུང་དྲུག་གྱིས་བོད་དོན་རྒྱལ་ཚོགས་ལ་ཞུ་གཏུག་ལས་འགུལ་སྤེལ་བ།

༢༠༡༤ ཕྱི་ཟླ་ ༠༩་ཚེས་ ༡༩་ རེས་གཟའ་པ་སངས་ཉིན་འཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཨ་མའི་མདུན་ཐང་དུ་སུ་སྔ་དྲོ་ཆུ་ཚོད་ ༡༡།༡༥ ཐོག་དབུ་འཛུགས་གནང་།

དེ་ལས་མང་བ།

རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༢༧ སྟེང་བོད་གླེང་སློང་བྱས་པ།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༢༧ པའི་ཐོག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་དོ་སྣང་ཆེན་པོས་གླེང་སློང་བྱས་ཡོད།

དེ་ལས་མང་བ།

རེས་གཟའ་སྤེན་པའི་ཉིན་ས་གནས་རི་ཀོན་སློབ་གྲྭའི་ཚོགས་ཁང་ནང་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༤ འཁོར་བའི་དུས་དྲན

༄༅།། བོད་རྒྱལ་ལོ་ ༢༡༤༡ གྲོ་བཞིན་ཟླ་བའི་ཚེས་ ༢༠ དང། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༣ རེས་གཟའ་སྤེན་པའི་ཉིན་ས་གནས་རི་ཀོན་སློབ་གྲྭའི་ཚོགས་ཁང་ནང་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༤ འཁོར་བའི་དུས་དྲན་ཕྱིར་བསྣུར་སྲུང་བརྩི་ཞུས་པ།

དེ་ལས་མང་བ།

བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ ༥༤ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཉིན་གྱི་སྔ་དྲོའི་མཛད་རིམ།

༄༅།། བོད་རྒྱལ་ལོ་ ༢༡༤༡ གྲོ་བཞིན་ཟླ་བའི་ཚེས་ ༢༠ དང། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༣ རེས་གཟའ་སྤེན་པའི་ཉིན་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༤ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཉིན་གྱི་སྔ་དྲོའི་མཛད་རིམ་ཁག་གཤམ་གསལ།

དེ་ལས་མང་བ།

དམིགས་བསལ་མཆོད་འབུལ་རྒྱས་གཤོམ་ཞུས་པ།

ད་རིང་རེས་གཟའ་ཉི་མ་སྟེ་ཕྱི་ཟླ་ ༩ ཚེས་ ༧ ཞོགས་པ་ཚོུད་ ༩་་༣༠ ཐོག་རི་ཀོན་ཆོས་འཁོར་དགོན་དུ་སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་ནས་གོ་སྒྲིག་ཞུས་ཏེ་དགོན་པའི་མཁན་རིན་པོ་ཆེས་དབུས་དགེ་འདུན་རྣམས་དང་། ཡུ་རོབ་སྤྱི་ཟུར་རྣམ་པ། མི་མང་གི་ཚོགས་གཞོན་དབུས་མི་མང་བརྒྱ་དང་ལྔ་བཅུ་སྐོར་ནས་རྟེན་དྲུང་དུ་མཆོད་སྤྲིན་རྒྱས་གཤོམ་དང་།

དེ་ལས་མང་བ།

ཁྱིམ་ཚང་གསུམ་གྱིས་བོད་དོན་རྒྱལ་ཚོགས་ལ་ཞུ་གཏུག་ལས་འགུལ་ཐེངས༣༣ སྤེལ་བ།

ཕྱི་ལོ༢༠༡༤ཟླ༠༩ཚེས་༠༣ཉིན་སུད་སིར་གནས་སྡོད་ལྷུན་འགྲབ་ཚང་ཀརྨ་བཀྲིས་ཚེ་རིང་དང་། སྟག་ཚང་དཀོན་ཅོག བཀྲ་བསྟན་ཚང་བཅས་ནང་མི་གསུམ་གྱི་་ལས་འགུལ་ཐེངས་༣༣པར་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་སྤེལ་ཡོད་འདུག་ཅིང་། ཐེངས་འདིའི་ལས་འགུལ་ནང་ཇི་ནི་ཝ་བོད་རིགས་ཚོགས་ཆུང་གི་ཚོགས་མི་སྤྱི་ཁྱབ་དོན་འགྲུབ་དང་ཆབ་བྲད་ཚང་ལེགས་འཕེལ།

དེ་ལས་མང་བ།

སྡེ་དགེ་འདན་མའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད།

དེ་རིང་ཕྱི་ཟླ་༩ ཚེས་༢ ཉིན་ཀྱི་ཆུ་ཚོད་༡༦ ནས་༢༡ བར་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ངོས་ནས་ད་ལྟའི་སྡེ་དགེ་འདན་མའི་ཁུལ་གྱི་ཛ་དྲག་གི་གནས་བབ་ལ་གདུང་སེམས་བསྐྱེད་དང་རྒྱ་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་ཆེད་ཞི་རྒོལ་སྐད་འབོད་ཅིག་གོ་སྒྲིག་ཞུས་ཡོད་འདུག

དེ་ལས་མང་བ།

༄༅། སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་སྐབས་བཅོ་ལྔ་པའི་(གྲོས་ཚོགས་) འཚོགས་ཐེངས་ལྔ་པའི་ལས་རིམ་རྒྱལ་ཁའི་ངང་ལེགས་གྲུབ་ཟིན་པ།

དེ་ཡང་།  ༢༠༡༤  ཕྱི་ཟླ་ ༨  ཚེས་  ༣༠ ཉིན་སུད་སི་དང་།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་སྐབས་བཅོ་ལྔ་པའི་འཐུས་ཚོགས་ཀྱི་ལོ་རིམ་གསུམ་པའི་ས་འཐུས་ཚོགས་འདུ་ (གྲོས་ཚོགས་) ཐེངས་ལྔ་པ་ལེགས་གྲུབ་ཟིན་པ་དང་།

དེ་ལས་མང་བ།

ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་བོད་རྒྱ་ཚོགས་འདུའི་མོས་མཐུན་ཡིག་ཆ།

༄༅། ཕྱི་ལོ་ ༢༠༡༤ ཟླ་བ་ ༨ ཚེས་ ༢༧ ནས་ཉིན་གཉིས་རིང་ཡོ་རོབ་དང་། ཨ་རི། ཨོ་སི་ཀྲོ་ལི་ཡ། རྒྱ་ནག་སོགས་རྒྱལ་ཁབ་དང་། ས་གནས་ཁག་ ༡༥ ནས་ཕེབས་པའི་ཚོགས་འདུ་བ་༧༠ལྷག་ཙམ་འཇར་མན་གྱི་གྲོང་ཁྱེར་ཧམ་བྷག་ཏུ་ཐུན་མོང་གི་གཞི་རྟེན་འཚོལ་བའི་བོད་རྒྱའི་ཚོགས་འདུར་མཉམ་ཞུགས་གནང་ཡོད།

དེ་ལས་མང་བ།