ཕྱི་ཟླ་ ༥ – ༢༠༡༥
རི་ཀོན་དང་ཐུར་བིན་ཐལ་ས་གནས་ཚོགས་ཆུང་ནས་ཞབས་རིམ་སྒྲུབ།
ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༣༠ རེས་གཟའ་སྤེན་པ་ཉིན་ཞོགས་པ་ཚོུད་ ༡༠ ནས་ཉིན་རྒྱབ་ཚོུད་ ༡༦ བར་རི་ཀོན་དང་ཐུར་བིན་ཐལ་ས་གནས་ཚོགས་ཆུང་། དེ་བཞིན་མཎི་ཚོགས་པ་བཅས་ནས་གོ་སྒྲིག་ཐོག་མཁན་རིན་པོ་ཆེས་དབུ་བཞུགས་ཐོག་བསྟན་སྲིད་ཞབས་རིམ་སྨིན་སྒྲུབ་ཞུས་པ་བཅས་ཀྱི་གནས་ཚུལ་རོབ་བསྡུས་སུ། གོང་འཁོད་ས་འཐུས་ཐོུང་གིས།
དེ་ལས་མང་བ། རི་ཀོན་དང་ཐུར་བིན་ཐལ་ས་གནས་ཚོགས་ཆུང་ནས་ཞབས་རིམ་སྒྲུབ།

༄༅།། ཛུ་རིག་རྒྱ་ནག་གཞུང་ཚབ་མདུན་སྐད་འབོད་གནང་།
༄༅།། དེ་རིང་ཕྱི་ལོ་ ༢༠༡༥།༠༥།༢༧ ཉིན་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་དང་བོད་གྱི་མི་རབ་གསར་པས་འཐུན་ཚོགས་གཉིས་གི་གོ་སྒྲིག་འོག་རྒྱལ་གཅེས་དཔའ་བོ་བསྟན་འཛིན་རྒྱ་མཚོ་ལགས་དང་དཔའ་མོ་སངས་རྒྱས་མཚོ་ལགས་གཉིས་ཀྱི་རང་ལུས་མེར་བསྲེགས་གནང་བར་ཛུ་རིག་རྒྱ་ནག་གཞུང་ཚབ་མདུན་གདུང་སེམས་མཉམ་སྐྱེད་ཀྱི་ཛ་དྲག་སྐད་འབོད་གནང་།
རྗེ་བཙུན་འཕགས་མ་སྒྲོལ་མའི་རྗེས་གནང་བསྩལ་བ།
དེ་རིང་ཕྱི་ཟླ་ལྔ་བའི་ཚེས་ ༢༣ ཉིན་སུད་སི་དང་ལེཀ་ཏེན་སིཊཡན་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གིས་གོ་སྒྲིག་འོག། དཔལ་ལྡན་རྒྱུད་སྨད་གྲ་ཚང་གི་མཁན་ཟུར། སེར་བྱེས་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་དཔལ་བཟང་པོ་མཆོག་དབུ་བཞུགས་ཐོག་སུད་སི་ས་གནས་ Wädenswil Zürich

ཁམས་རྟའུ་རུ་རང་ལུས་མེར་བསྲེགས་གནང་འདུག
ད་ལྟ་རང་འདི་གའི་གསར་ཁང་ལ་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། དེ་རིང་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༨།༠༠ ཙམ་ལ་ཁམས་རྟའུ་རྫོང་ཁང་སར་ཞིང་ཐོག་ཏུ་བོད་མི་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་འདུག
ཛུ་རིག་གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་མདུན་སྐད་འབོད་གནང་།
ཕྱི་ལོ ༢༠༡༥ ཟླ་བ་ ༥ ཚེས་ ༡༨ རེས་གཟའ་ཟླ་བའི་དགོེང་དྲོ་ཕྱགས་ཚོད་ ༡༨ ཐོག་འཛུ་རིག་རྒྱ་མའི་གཞུང་ཚབ་འདུན་ཐང་དུ་སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་འཐུས་ནས་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་བོད་མི་ཆབ་སྲིད་གཙོན་པ་རྣམས་གློད་གྲོལ་གཏོང་དགོས་པའི་སྐད་འབོད་གོ་སྒྲིག་ཞུས།
དེ་ལས་མང་བ། ཛུ་རིག་གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་མདུན་སྐད་འབོད་གནང་།

རི་ཀོན་དུ་མཆོད་འབུལ་ཞུས་པ།
ད་རིང་རེས་གཟའ་ཉི་མ་སྟེ་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་རྒྱབ་ཚོུད་ ༡༣་༠༠ ཐོག་པཎ་ཆེན་བླ་མ་ལོ་ངོ་ ༢༠ ཙམ་གང་ཡོད་མེད་པ་གློད་གྲོལ་གཏོང་དགོས་ཞེས་དབུས་བོད་མིའི་སྒྲིགས་འཛུགས་ནས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་མཉམ་ཞུགས་ཐོག་ རི་ཀོན་དུ་མཆོད་འབུལ་སྨོན་ལམ་ཞུས།

མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོ་ལོ་དུས་གཉིས་པའི་ཉིན་གསུམ་པ།
དེ་རིང་རེས་གཟའ་སྤེན་པ་ཚེས་ ༡༦ ཉིན་གསུམ་པར་ཚོགས་འཞུགས་མི་གྲངས་ ༢༥༠ བརྒལ་པ་ཕེབས་ཡོད་འདུག དེ་བཞིན་ཕྱི་དྲོ་ཕྱག་ཚོད་ ༡༦/༣༠ ཙམ་ལ་ཉིན་གསུམ་གྱི་ཚོགས་འབུམ་གྲུབ་ནས་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་སྙིང་པོ་བསྟན་འཇིན་མཆོག་ནས་སྐྱབས་གནས་སྟག་ལུང་ཞབས་དྲུང་རིན་པོ་ཆེ་མཆོག་ལ་ད་རེས་མ་ཧྰ་གུ་རུའི་ཚོགས་འབུམ་ཚོགས་ཐེངས་གཉིས་པའི་དབུ་བླ་ཚོགས་མཀོང་དུ་ཞབས་སོར་འཕོད་པ་ལ་མི་མང་གི་ངོས་ནས་ཐུགས་རྗེ་ཆེ་ཞུས།
དེ་ལས་མང་བ། མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོ་ལོ་དུས་གཉིས་པའི་ཉིན་གསུམ་པ།

མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོ་ལོ་དུས་གཉིས་པའི་ཉིན་གཉིས་པ།
ད་རེས་ཀྱི་དབུ་བླ་སྟག་ལུང་ཞབས་དྲུང་རིན་པོ་ཆེས་དབུས་རི་ཀོན་ཆོས་འཁོར་དགོན་མཁན་རིན་པོ་ཆེ་དང་སྐྱབས་གནས་དགེ་འདུན་རྣམ་པ། ཡང་དེ་རིང་ཚོགས་བཞུགས་བའི་ནང་དབུས་བོད་མིའི་སྒྲིགས་འཛུགས་ནས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག ཡུ་རོབ་ནང་ཕྱོགས་བཞུགས་བོད་མི་མང་སྤྱི་ཟུར་རྣམ་པ། སྐབས་བཅུ་དྲུག་པའི་ཚོགས་གཙོ་བགྲེས་གཞོན་གཙོས་ས་འཐུས་རྣམ་པ།
དེ་ལས་མང་བ། མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོ་ལོ་དུས་གཉིས་པའི་ཉིན་གཉིས་པ།

མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོ་ལོ་དུས་གཉིས་པའི་ཉིན་དང་པོ།
༄༅། བོད་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་ལུག་བོད་ཟླ་ ༣ ཚེས་ ༢༦ ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༤ རེས་གཟའ་ཕུར་བུ་ཉིན། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་འདེན་མཆོག་བླ་ན་མེད་པ་སྤྱོ་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དབུས་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་དམ་པ་གང་ན་སུ་བཞུགས་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང།
དེ་ལས་མང་བ། མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོ་ལོ་དུས་གཉིས་པའི་ཉིན་དང་པོ།

ཁྱིམ་ཚང་ལྔ་ཡིས་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༤༡་སྤེལ་ཡོད།
དེ་རིང་ཕྱི་ཚེས་༦ ཉིན་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱ་ཚོགས་མདུན་ཐང་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༤༡ སྤེལ་ཡོད་འདུག་ཅིང་། ཨ་མི་རི་ཁའི་གླིང་གི་རྒྱལ་ཁབ་ཁག་དང་ཡུ་རོབ། གཞན་ཨོ་སི་ཁྲི་རོ་ལེ་ཡའི་གླིང་གི་རྒྱལ་ཁབ་ཁག་ཅིག་བཅས་ཁྱོན་བསྡོམས་རྒྱལ་ཁབ་༣༡ ཙམ་གྱི་གཞུང་ཚབ་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཏོན་པའི་བོད་ནང་གི་བོད་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དང་། ལས་འགུལ་བ་རྣམས་ཀྱིས་ཆེད་དུ་བཏོན་པའི་སྙན་ཞུ་ཁག་ཅིག་བཅས་ཕུལ་ཡོད་འདུག
དེ་ལས་མང་བ། ཁྱིམ་ཚང་ལྔ་ཡིས་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༤༡་སྤེལ་ཡོད།
རི་ཀོན་དགོན་པར་ཁོང་ཁྲོ་ངོ་ཤེས་པ།
དེ་རིང་ཕྱི་ལོ་ ༢༠༡༥་༠༥་༠༢ རེས་གཟའ་སྤེན་པའི་སྔ་དྲོ་ཚོུད་ ༡༠་༣༠ ཐོག་དགོན་པའི་མཁན་རིན་པོ་ཆེ་མཆོག་དང་དགེ་འདུན་རྣམ་པ།