ཕྱི་ཟླ་ ༧ – ༢༠༡༥

བསྟན་འཛིན་བདེ་ལེགས་རིན་པོ་ཆེར་བསྔོ་སྨོན་གསོལ་འདེབས་མཆོད་འབུལ་ཞུས་པ།
ད་རིང་མཁན་རིན་པོ་ཆེས་དབུས་དགེ་འདུན་འདུས་པ་རྒྱ་མཚོ་དང་། ཡུ་རོབ་སྤྱི་འཐུས་དང་སྤྱི་ཟུར་རྣམ་པ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྐུ་ཚབ་སོགས་མི་གྲངས་ ༢༥༠ བརྒལ་བ་མཉམ་འཛོམས་ཀྱིས་ད་བར་གཞིས་ལུས་བོད་མི་ཁྱོན་མི་གྲངས་ ༡༤༡ ནས་བོད་བསྟན་སྲིད་དང་མི་རིགས་ཆེད་རང་ལུས་མེར་སྲེག་བཏང་སྟེ།
དེ་ལས་མང་བ། བསྟན་འཛིན་བདེ་ལེགས་རིན་པོ་ཆེར་བསྔོ་སྨོན་གསོལ་འདེབས་མཆོད་འབུལ་ཞུས་པ།

ས་གནས་རི་ཀོན་ཚོགས་ཆུང་ནས་ཆོས་འཁོར་དུས་ཆེན་སྲུང་བརྩིས་ཞུས།
ཕྱི་ལོ་ ༢༠༡༥ ཟླ་༠༧ ཚེས་ ༢༠ རེས་གཟའ་ཟླ་བ་ཉིན་ཞོགས་པ་ཚོུད་ ༩་༣༠ ཐོག་རི་ཀོན་ཆོས་འཁོར་དགོན་དུ་ས་གནས་རི་ཀོན་རང་བདེན་ཚོགས་ཆུང་གོ་སྒྲིག་ཐོག་ཆོས་འཁོར་དུས་ཆེན་སྲུང་བརྩིས་ཞུས། མཁན་རིན་པོ་ཆེ་མཆོག་ནས་དུས་ཆེན་ངོ་སྤྲོད་དང་ཕན་འབྲས་དགེ་ཚོགས་ཇི་ཡོང་གསལ་བཤད་གནང་།
དེ་ལས་མང་བ། ས་གནས་རི་ཀོན་ཚོགས་ཆུང་ནས་ཆོས་འཁོར་དུས་ཆེན་སྲུང་བརྩིས་ཞུས།

གདུང་སེམས་མཉམ་སྐྱེད་ཀྱི་ངོ་རྒོལ་ཞུས་པ།
ཕྱི་ཟླ་ ༧ ཚེས་ ༡༧ རེས་གཟའ་པ་སངས་དགོང་དྲོ་སུད་སི་གྲོང་ཁྱེར་ཛུས་རིཀ་ཏུ་ས་གནས་འཐུས་ཚོགས་དང་། ཡུ་རོབ་གཞོན་ནུ་བཅས་ནས་གོ་སྒྲིག་གི་ཚོུད་ ༡༨/༣༠ མི་གྲངས་ ༨༠༠ སྐོར་འདུ་འཛོམས་ཀྱིས་རྔམ་སྟོན་ཁྲོམ་སྐོར་དང་རྒྱ་ནག་གཞུང་བར་གོམ་བགྲོད་གནང་སོང་། ང་ཚོས་ལས་འགུལ་སྤེལ་དགོས་དོན་འདི་ནི་ཆེས་ཤིན་ཏུ་ཡིད་སྐྱོ་བའི་གནས་ཚུལ་གཉིས་ཀྱི་ཐོག་ནས་ཡིན།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་དུ་སྐུ་གཤེགས
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་དུ་སྐུ་གཤེགས་པར་སྲིད་སྐྱོང་མཆོག་གིས་ཐུགས་ཕམ་དང་བཅས་རྒྱ་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ།
དེ་ལས་མང་བ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་དུ་སྐུ་གཤེགས

རང་ལུས་མེར་བསྲེགས་གནང་འདུག
སྐྱེ་རྒུ་མདོའི་གེ་སར་ཐང་ཆེན་གྱི་གཡས་ཟུར་དུ། བོད་པའི་གྲྭ་བ་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་འདུག དགེ་འདུན་པ་དེའི་འདས་སོན་དང་། མཚན་ལ་ཅི་ཟེར་དགོན་པ་གང་ནས་ཡིན་པ་སོགས་ཀྱི་ཞིབ་ཁྲའི་གནས་ཚུལ་ད་སྔ་གང་ཡང་ཤེས་རྟོགས་ཐུབ་མ་སོང་།

སུད་སིའི་གྲོང་ཁྱེར་འཛུ་རིག་ཏུ་བོད་མི་ཚོས་རིག་གཞུང་འཁྲབ་སྟོན་བྱས་པ།
དེ་རིང་ཕྱི་ལོ་༢༠༡༥/༠༧/༠༦ཉིན་གྱི་དགོང་མོའི་ཆུ་ཚོད་༠༥:༡༥ ནས་༠༩:༠༠ བར་༸གོང་ས་མཆོག་དགོང་གྲངས་༨༠ ཐམ་པ་བཞེས་པའི་སྐུའི་་འཁྲུངས་སྐར་དང་སྟབས་སྟུན་ནས་སུད་སིར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ཆིག་སྟོང་མན་ཞིག་མཉམ་དུ་འཛོམས་ནས་སྒོར་གཞས་འཁྲབ་སོང་།
དེ་ལས་མང་བ། སུད་སིའི་གྲོང་ཁྱེར་འཛུ་རིག་ཏུ་བོད་མི་ཚོས་རིག་གཞུང་འཁྲབ་སྟོན་བྱས་པ།

ཧོར་གྷན་ས་གནས་སུ་སྐལ་བཟང་དགའ་སྟོན་གྱི་ཉིན་མོའི་གནས་ཚུལ།
༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་འཁྲུངས་སྐར་དགའ་སྟོན་རྟེན་འབྲེལ་བཟང་པོར་ཧོར་གྷན་ས་གནས་ཚོགས་ཆུང་མི་མང་གིས་གོ་སྒྲིག་འོག་
དེ་ལས་མང་བ། ཧོར་གྷན་ས་གནས་སུ་སྐལ་བཟང་དགའ་སྟོན་གྱི་ཉིན་མོའི་གནས་ཚུལ།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པར་གྱ་སྟོན་གྱི་༧སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ།
ད་རིང་ཕྱི་ཟླ་ ༧ ཚེས་ ༦ རེས་གཟའ་ཟླ་བ་ཉིན་རི་ཀོན་ཆོས་འཁོར་དགོན་གྱི་ཚོམ་ཆེན་དུ་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དཔུང་གཉེན་བླ་ན་མེད་པ་༧སྤྱི་ནོར་༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོར་གཟབ་རྒྱས་ངང་ཞུས་སོང་།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པར་གྱ་སྟོན་གྱི་༧སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ།
འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དཔུང་གཉེན་བླ་ན་མེད་པ་༧སྤྱི་ནོར་༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོར་གཟབ་རྒྱས་ངང་ཞུས་སོང་།