ཕྱི་ཟླ་ ༡ – ༢༠༡༦

སྐབས་ ༢ པའི་སྲིད་སྐྱོང་དངོས་གཞིའི་འོས་མི་༸དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་སུད་སིར་ཞབས་སོར་བདེ་བར་འཁོད་པ།
༄༅། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༣༠ རེས་གཟའ་སྤེན་པའི་ཉིན་དགོང་དྲོ་ཕྱག་ཚོད་ ༩།༡༠ ཐོག་སྐབས་ ༢ པའི་སྲིད་སྐྱོང་དངོས་གཞིའི་འོས་མི་༸དཔལ་ལྡན་བོད་མི་མང་སྐབས་ ༡༤ པའི་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་སུད་སི་འཛུ་རིག་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་པ།

ཁམས་ཊེ་ཧོར་དགོན་གྲོང་གཉིས་ཀྱིས་༧གོང་ས་མཆོག་གི་ཞབས་རིམ་བསྒྲུབ།
དེ་རིང་ཁམས་ཊྲེ་ཧོར་ལྕོག་རི་དགོན་གྲོང་གཉིས་ནས་རྒྱལ་བའི་མཚན་སྔགས་གྲངས་གསོག་དང་། སྨན་བླའི་གཟུངས་སྔགས་གསོག་འདོན་གནང་སྟེ་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐད་ཞབས་རིམ་བསྒྲུབས་ཡོད་འདུག
དེ་ལས་མང་བ། ཁམས་ཊེ་ཧོར་དགོན་གྲོང་གཉིས་ཀྱིས་༧གོང་ས་མཆོག་གི་ཞབས་རིམ་བསྒྲུབ།

དཔའ་ལུང་རྫོང་དུ་ཞུ་གཏུག་ལས་འགུལ་སྤེལ།
དཔའ་ལུང་རྫོང་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་སློབ་མ་དང་ཁྱིམ་བདག་ཚོས་རྫོང་སློབ་གསོ་ལས་ཁུངས་ཀྱི་མགོ་ཁྲིད་མཱ་ཁྲིན་ལུང་གིས་མི་རིགས་སློབ་གསོའི་བྱ་བར་འགོག་རྐྱེན་བཟོ་བཞིན་པ་ཞུ་གཏུག་བྱས་ཡོད་འདུག

ཆོལ་གསུམ་མིང་མཛོད་རྒྱུགས་སྤྲོད་ཆེན་མོ་སྐབས་བཞི་བ།
ཡུ་ཤུལ་ནང་ཆེན་ཕ་སྐད་གཅེས་སྐྱོང་མཐུན་ཚོགས་ཀྱིས་ཟླ་འདིས་ནང་སྐབས་བཞི་བའི་ཆོལ་གསུམ་རིས་མེད་མིང་མཛོད་རྒྱུགས་སྤྲོད་ཆེན་མོ་བསྡུས་སྟེ། བོད་ཀྱི་སྐད་ཡིག་དར་སྤེལ་ལ་ནུས་ཤུགས་གང་ཡོད་འདོད་ཀྱིན་ཡོད་འདུག
དེ་ལས་མང་བ། ཆོལ་གསུམ་མིང་མཛོད་རྒྱུགས་སྤྲོད་ཆེན་མོ་སྐབས་བཞི་བ།
སུད་སི་ས་གནས་ཤཱ་ཧྥའོ་སེན་དུ་ས་གནས་ཚོགས་ཆུང་གི་འགོ་ཁྲིད་འོག་བོད་མི་རྣམས་ནས་༧གོང་ས་༧བསྟན་འཛིན་རྒྱ་མཚོའི་ཆེད་སྨོན་ལན་གསོག་སྒྲུབ་གནང་བ།
སྤྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༡ ཚེས་ ༢༤ ཉིན་འདི་ག་ས་གནས་ཤཱ་ཧྥའོ་སེན་ལ་ས་གནས་ཚོགས་ཆུང་གི་འགོ་ཁྲིད་འོག་༧གོང་ས་༧མཆོག་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་རྒྱལ་བའི་གཟུངས་སྔགས་དང་སངས་རྒྱས་སྨན་བླའི་གཟུངས་སྔགས་གསོག་སྒྲུབ་གནང་བ་དང་། ཁྱོན་མི་གྲངས་༦༢ ཙམ་ཕེབས་འདུག ཉི་མ་སྒྲོལ་དཀར་ནས།

སུད་སི་དང། ལིག་ཏེན་སིཊཡན་བོད་སློབ་ཀྱི་སློབ་ཕྲུག་ཚོའི་བོད་ཀྱི་སྐད་རིག་འགྲན་བསྡུར་ཐེངས་གསུམ་པ་གོ་སྒྲིག་གཟབ་རྒྱས་གནང་པ།
༄༅། ༢༠༡༦ ཟླ་ ༡ ཚེས་ ༢༣ རེས་གཟའ་སྤེན་པའི་ཉིན་ས་གནས་འཛུ་རིག་ལཱཡེམ་བྷག་སློབ་གྲྭའི་ཚོགས་ཁང་དུ་སུད་སི་དང། ལིཀ་ཏེན་སིཊཡན་བོད་སློབ་ཀྱི་སློབ་ཕྲུག་ཚོའི་བོད་ཀྱི་སྐད་རིག་འགྲན་བསྡུར་ཐེངས་གསུམ་པ་དེ་གཟབ་རྒྱས་ངང་འཚོགས་པ།

བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས༤༩་སྤེལ།
ཕྱི་ལོ་༢༠༡༦ཟླ་༠༡ཚེས་༡༣ཉིན་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུག་ལས་འགུལ་བ་རྣམས་ཀྱིས་སླར་ཡང་སུད་སི་ཇི་ནེ་ཝ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་ཞེ་དགུ་བ་སྤེལ་ཡོད་འདུག་ཅིང་། ལས་འགུལ་ཐེངས་རྗེས་མ་ནི་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་ལྔ་བཅུ་བར་ཁེལ་གྱིན་ཡོད་སྟབས།

ཡུ་རོབ་དང་ཨཕི་རི་ཀའི་སྤྱི་འཐུས་ཀྱི་འོས་མིའི་བགྲོ་གླེང།
༄༅། ༢༠༡༦ ཟླ་ ༡ ཚེས་ ༩ རེས་གཟའ་སྤེན་པའི་ཉིན་ར་སྤར་སེ་ཝིལ་ཡོ་ནའི་མགྲོན་ཁང་ ( Hotel Kreuz ) ནང་དུ་ཕྱེད་ཡོལ་ཕྱག་ཚོད་ ༡།༠༠ པོའི་ཐོག་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་འོག་གཤམ་གསལ་མཚན་འཁོད་ལྟར་ཡུ་རོབ་དང་ཨཕི་རི་ཀའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་འོས་མི་རྣམ་པར་དྲི་བ་དྲི་ལན་གྱི་ལས་རིམ་ཞིག་གོ་སྒྲིག་བསྐྱངས་འདུག
དེ་ལས་མང་བ། ཡུ་རོབ་དང་ཨཕི་རི་ཀའི་སྤྱི་འཐུས་ཀྱི་འོས་མིའི་བགྲོ་གླེང།