ཕྱི་ཟླ་ ༤ ༢༠༡༦

༄། ར་པརསི་ཝིལ་ཡོ་ན་དཔྱིད་ཀའི་དུས་སྟོན།

དེ་ཡང་ར་པརསི་ཝིལ་ཡོ་ན་བོད་ཡིག་སློབ་གྲྭའི་ས་གནས་སུ་དཔྱིད་ཀའི་དུས་སྟོན་རེས་གཟའ་པ་སངས་དང་། སྤེན་པ། ཉི་མ་བཅས་ཉིན་གསུམ་རིང་དགེ་ལས་ཕ་མ་རྣམས་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་བོད་ཟས་ཤ་བག་ལེབ་དང་བཞེས་མོག་སོགས་ཚོང་འགྲེམ་ཞུ་འགོ་བཙུགས་ཡོད།

དེ་ལས་མང་བ།

རྔ་གང་འདྲ་བརྡུངས་ན་བྲོ་དེ་ལྟར་འཁྲབ་ཀྱི་ཡིན།

དབྱིན་ཡུལ་གྱི་བཀའ་གདམས་གསར་མ་ཞེས་པའི་མིང་ཅན་ཀྱི་ཆོས་ཚོགས་ཀྱི་མདུན་དུ་ངོ་རྒོལ་བྱེས་པ། དེ་ཡང་ཕྱི་ལོ་༢༠༡༦་ཟླ་༠༤པའི་ཚེས་༡༧་ཉིན་དབྱིན་ཡུལ་དུ་གནས་སྡོན་བོད་མི་ཁག་གཅིག་ནས་གོ་སྒྲིག་འོག་མི་གྲངས་བཅུ་བསྐོར་ཞིག་གིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་བཀའ་གདམས་གསར་མ་ཞེས་པའི་ཆོས་ཚོགས་ཀྱི་མདུན་ངོ་རྒོལ་ལས་འགུལ་ཞིག་སྤེལ་འདུག

དེ་ལས་མང་བ།

བོད་སློབ་ཉམས་ཞིབ་ཚོགས་ཆུང་གི་སྐོར་བསྐྱོད་ཐེངས་གཉིས་པ།

སྐབས་བཅུ་དྲུག་པའི་འཐུས་ཚོགས་ཀྱིས་སུད་སི་ཁུལ་གྱི་བོད་རིགས་གནས་སྡོད་བྱེད་བཞིན་པའི་མངའ་སྡེ་ཁག་གི་གཟའ་མཇུག་གི་བོད་ཡིག་སློབ་གྲྭའི་གནས་ཚད་ཡར་རྒྱས་གཏོང་སླད་ཆེད་བཙུགས་གནང་བའི་ཉམས་ཞིབ་སྡེ་ཚན་གྱིས་ཟླ་འདིའི་ཚེས་17་ཉིན་ས་གནས་ཝེ་ལྡནསེ་ཝིལ་བོད་ཡིག་སློབ་གྲྭ་ནས་ཐེངས་གཉིས་པའི་སྐོར་བསྐྱོད་གྲུབ་པ།

དེ་ལས་མང་བ།

༄༅། །ས་གནས་སྦན་ཚོགས་ཆུང་ནས་ཞབས་རིམ་ཞུས་པ།

༄༅།།ས་གནས་སྦན་ཚོགས་ཆུང་ནས་ ༢༠༡༦ཟླ་ ༤་ཚེས་ ༩ ཉིན་ས་གནས་སུ་ས་འཐུས་དང་། རྒྱུན་ལས་ཤེལ་དཀར་བསྟན་འཛིན་ཚེ་རིང་ལགས་ནས་གོ་བསྒྲིགས་ཀྱིས་བོད་སློབ་ཚོགས་ཡུལ་དུ།མི་གྲངས་༥༠་ལྷག་ལྷན་འཛོམས་གནང་སྟེ། ད་ལམ་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་ཐུན་མོང་ནས་གནས་ཆུང་ཆོས་རྒྱལ་ཆེན་པོ་དང་།

དེ་ལས་མང་བ།

བཀའ་སྤྱི་ཐུན་མོང་གིས་༸གོང་ས་མཆོག་ལ་དགོངས་སེལ་དང་བོད་མི་ནང་ཁུལ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་ཐོག་ནས་རྩ་དོན་ཆེད་ནུས་པ་མཉམ་སྤུང་གནང་དགོས་པའི་འབོད་སྐུལ་ཞུས་པ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱིས། ༸གོང་ས་མཆོག་ལ་དགོངས་སེལ་དང་ཁོང་གི་བཀའ་དགོངས་བསྒྲུབ་རྒྱུ་གལ་ཆེ་ཡིན་པ་དང་། ད་ཆ་འོས་བསྡུའི་ལས་རིམ་ཡོངས་སུ་མཇུག་སྒྲིལ་ཟིན་སྟབས། ཆོལ་གསུམ་བོད་མི་ནང་ཁུལ་ལབ་གླེང་མི་དགོས་པར་རྡོག་གཅིག་ཏུ་སྒྲིལ་ནས་རྩ་དོན་ཆེད་ནུས་པ་མཉམ་སྤུང་གནང་རོགས་ཞེས་ཚོར་ཤུགས་ཆེན་པོས་འབོད་སྐུལ་གནང་སོང་།

དེ་ལས་མང་བ།