ཕྱི་ཟླ་ ༩ ༢༠༡༦

གདུང་སེམས་མཉམ་སྐྱེད་ཀྱི་ངོ་རྒོལ་བྱས་པ།

༄༅། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༥ རེས་གཟའ་ཟླ་བའི་དགོང་དྲོ་སུད་སི་གྲོང་ཁྱེར་འཛུ་རིག་མེ་འཁོར་བབས་ཚུགས་ཉེ་འགྲམ་ ༼ཝེརཌ་མུལཱེ་སྤིལཱ་ཛ་༽ རུ་སུད་སི་དང་། ལིག་ཏེན་སིཊཡན་བོད་རིགས་མི་མང་དང་། ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཐུན་མོང་གིས་གོ་སྒྲིག་འོག་གདུང་སེམས་མཉམ་སྐྱེད་ཀྱི་ཞི་བའི་སྐད་འབོད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བ་རེད་ འདུག

དེ་ལས་མང་བ།

བོད་སློབ་ཉམས་ཞིབ་ཚོགས་ཆུང་གི་ཐེངས་གསུམ་པའི་ཕྱོགས་བསྐྱོད་ལེགས་གྲུབས་བྱུང་བ།

དེ་ཡང་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༠༨ ཚེས་ ༣༡ ཉིན་སུད་སི་དང་ལིག་ཏེན་སི་ཊཡན་བོད་ཡིག་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་འཆི་མེད་རྡོ་རྗེས་བོད་སློབ་ཉམས་ཞིབ་ཚོགས་ཆུང་གི་མཚན་ཐོག་ནས་ས་གནས་ཧྥོ་ཀེས་ཝིལ་ Volketswil ལ་སོང་ནས་ས་གནས་བོད་སློབ་ཀྱི་གནས་སྟངས་དང་མ་འོངས་ལས་དོན་སོགས་ཀྱི་ཐད་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་བྱས་ཡོད་པ་དང་། བགྲོ་གླེང་སྐབས་ས་གནས་བོད་སློབ་ཀྱི་འགན་འཛིན་དང་དགེ་རྒན་གཉིས་དང་དགེ་ཟུར་དེ་བཞིན་སློབ་ཕྲུག་བཅས་མཉམ་བཞུགས་གནང་ཡོད།

དེ་ལས་མང་བ།