ཕྱི་ཟླ་ ༡༢ ༢༠༡༦

ས་གནས་ཚོགས་ཆུང་ར་པརསི་ཝིལ་ནས་བསྔོ་སྨོན་ཞུས་པ་།

བོད་རྩ་དོན་ཆེད་རྒྱལ་གཅིས་དཔའ་བོ་བཀྲིས་རབ་བརྟེན་ལགས་འདི་ཟླ་ཚེས་ ༨ ཉིན་སྐུ་ལུས་མེ་གསྲེགས་བཏང་ནས་འདས་གྲོངས་སུ་གྱུར་བ་དང་ཆབས་སྲིད་བཙོན་ཟུར་ར་སྒྲེང་བརྟན་པ་ལགས་འདི་ཟླའི་ཚེས་༩ཉིན་སུད་སི་ས་གནས་ར་པརསི་ཝིལ་འདས་གྲོངས་སུ་ཕྱིན་འདུག

དེ་ལས་མང་བ།

ས་གནས་འཐུས་ཚོགས་ལོ་དུས་གཉིས་པའི་ཚོགས་འདུ་ཐེངས་དགུ་བ་འཚོགས།

༢༠༡༦ ལོའི་ཟླ་༡༢ ཚེས་༡༧ དང་༡༨ བཅས་ཉིན་གཉིས་རིང་སུད་སི་དང་ལེག་ཏེན་སིཊཡན་བོད་མི་རིགས་མི་མང་སྐབས་བཅུ་དྲུག་པའི་ས་གནས་འཐུས་ཚོགས་ལོ་དུས་གཉིས་པའི་ཚོགས་འདུ་ཐེངས་དགུ་བ་ས་གནས་སྦརན་དུ་འཚོགས་ཡོད་འདུག

དེ་ལས་མང་བ།

གདུང་སེམས་མཉམ་སྐྱེད་ཀྱི་ཞི་རྒོལ་བྱས་པ།

༄༅། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ཟླ་བའི་དགོང་དྲོ་སུད་སི་གྲོང་ཁྱེར་འཛུ་རིག་ཏུ་གནས་སྡོད་རྒྱ་མིའི་ཞུང་ཚབ་ལས་ཁུངས་མདུན་ཐང་དུ་ས་གནས་བོད་རིགས་མི་མང་སྒྲིག་འཛུགས་དང། བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཐུན་མོང་གིས་གོ་སྒྲིག་འོག་གདུང་སེམས་མཉམ་སྐྱེད་ཀྱི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག

དེ་ལས་མང་བ།

ས་གནས་སྦ་སལ་ཚོགས་ཆུང་གིས་ཞི་བདེ་གཟེངས་རྟགས་དུས་ཆེན་སྲུང་བརྩི་གནང་བ།

་༢༠༡༦ ཟླ་བ་ ༡༢ཚེས་ ༡༧ ཉིན། སྔར་རྒྱུན་ལྟར་འདི་ག་ས་གནས་སྦ་སལ་ཚོགས་ཆུང་གིས་སྤྱི་ནོར་༧ གོང་ས་ ༧ སྐྱབས་མགོན་ཆེན་པོ་མཆོག་གིས་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཉེར་བདུན་འཁོར་བའི་དུས་ཆེན་གཏོང་གནང་ཡོད་འདུག

དེ་ལས་མང་བ།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྟེ་ལོ་གྲངས་ ༦༨ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།

༄༅།། བོད་རྒྱལ་ལོ་ རབ་གནས་མེ་སྤྲེལ་ལོའི་སྨིན་ཟླའི་ཚེས་ ༡༡ དང། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༠ རེས་གཟའ་སྤེན་པའི་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྟེ་ལོ་གྲངས་ ༦༨ འཁོར་བའི་ཉིན་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་ ༡༦ པའི་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་ཞུས་ཏེ་སུད་སི་གྲོང་ཁྱེར་འཇི་ཎི་ཝར་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་པ་རེད།

དེ་ལས་མང་བ།

ཞི་བདེའི་གཟེངས་རྟགས་དུས་དྲན་ཐེངས་༢༧པ་གཟབ་རྒྱས་ངང་སྲུང་བརྩི་ཞུས་པ།

༄༅།བོད་རྒྱལ་ལོ་༢༡༤༣རབ་གནས་མེ་སྤྲེལ་ལོའི་ཟླའི་ཚེས་༤དང་ཕྱི་ལོ་༢༠༡༦ཟླ་༡༢ཚེས་༠༣རེས་གཟའ་སྤེན་པའི་ཉིན་འཛུ་རིག་ཉེ་འདབས་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ཆེན་མོའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་མི་ལོ་༢༧འཁོར་བའི་དུས་དྲན་གཟབ་རྒྱས་ངང་སྲུང་བརྩི་ཞུས་པ་རེད།

དེ་ལས་མང་བ།