ཕྱི་ཟླ་ ༡ – ༢༠༡༧

ཚེས་འདས་སྐུ་ཞབས་རྗ་ཁེ་སི་ཁོན་མཆོག་གི་ཆེད་བསྔོ་སྨོན་མཆོད་འབུལ།
དགུང་གྲངས་༩༧ ལ་ཕེབས་པའི་སྐུ་ཞབས་རྗ་ཁི་སི་ཁོན་Jacques Kuhn ་མཆོག་སྤྱི་ལོ་༢༠༡༦ ཟླ་༡༢ ༣༠ ཉིན་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐད། སུད་སི་ལེག་ཏན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ངོས་ནས་འདས་པོ་ཁོང་ལ་མྱ་ངན་དང་ནང་མིར་ཐུགས་གསོ། བསྔོ་སྨོན་མཆོད་འབུལ་བཅས་གནང་ཡོད་འདུག
དེ་ལས་མང་བ། ཚེས་འདས་སྐུ་ཞབས་རྗ་ཁེ་སི་ཁོན་མཆོག་གི་ཆེད་བསྔོ་སྨོན་མཆོད་འབུལ།

ལུ་ཛན་ས་གནས་བོད་ཡིག་སློབ་གྲྭའི་སློབ་མ་ཚོས་ལྷག་དཀར་ལྷག་དཀར་སྲུང་བརྩི།
ཕྱི་ལོ་༢༠༡༧ ཟླ་༡ ཚེས་༢༥ རེས་གཟའ་ལྷག་པའི་ཉིན་ལུ་ཛན་ས་གནས་བོད་ཡིག་སློབ་གྲྭ་རྣམ་ཀུན་བཞིན་ཚོགས་ཡོད་པ་དང་། དེ་ཉིན་༢༠༡༦ ཟླ་༡༢ཚེས་༤ཉིན་དགེ་རྒན་ཕ་མའི་ཚོགས་འདུའི་སྐབས་སློབ་ཕྲུག་ཚོས་༢༠༡༧ཟླ་བ་དང་པོ་ནས་བཟུང་ལྷག་དཀར་དང་སྟབས་བསྟུན་རེས་གཟའ་ལྷག་པ་ཉིན་བོད་ཆས་གྱོན་རྒྱུའི་གྲོས་ཆོད་གཏན་འབེབས་བྱུང་ཡོད་འདུག
དེ་ལས་མང་བ། ལུ་ཛན་ས་གནས་བོད་ཡིག་སློབ་གྲྭའི་སློབ་མ་ཚོས་ལྷག་དཀར་ལྷག་དཀར་སྲུང་བརྩི།
བརྟན་བཞུགས་ཀྱི་རྩིས་ཁྲ་མི་མང་ལ་གསལ་བཤད་རྗེས་སུ་ཞུ་ངེས།
ཕྱི་ཚེས་༢༢ ཉིན་སུད་སི་ལེག་ཏན་སི་ཊཡན་བོད་རིགས་མི་མང་ངོས་ནས་རྩ་འཛུགས་གནང་བའི་༧གོང་ས་མཆོག་གི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་འདུ་མཐའ་མ་དེ་ཛུ་རིག་ནང་ཚོགས་ཡོད་འདུག ཚོགས་འདུའི་ཐོག་བརྟན་བཞུགས་ཀྱི་ལས་བསྡོམས་དང་རྩིས་ཁྲ་སོགས་གསལ་བཤད་གནང་ཡོད་འདུག
དེ་ལས་མང་བ། བརྟན་བཞུགས་ཀྱི་རྩིས་ཁྲ་མི་མང་ལ་གསལ་བཤད་རྗེས་སུ་ཞུ་ངེས།

ང་ཆོས་ངོ་སྤྲོད་དང་སློབ་གསོའི་ལས་འཆར་ཐེངས་བརྒྱད་པ་ཚོགས།
སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོའི་ལས་འཆར་ཐེངས་བརྒྱད་པ་འདི་བཞིན་༼VOLKETSWIL༽ཕོལ་ཀེཊྲ་སི་ཝིལ་ས་གནས་ཚོགས་ཆུང་དུ་ཕྱི་ལོ་ ༢༠༡༧།༠༡།༢༡ ཉིན་མཁན་རིན་པོ་ཆེ་མཆོག་དང་ས་གནས་སྐུ་ཚབ་དོན་གཅོད་མཆོག་རྣམ་གཉིས་དབུ་བཞུགས་ཐོག་བསྐོང་ཚོགས་གནང་།
དེ་ལས་མང་བ། ང་ཆོས་ངོ་སྤྲོད་དང་སློབ་གསོའི་ལས་འཆར་ཐེངས་བརྒྱད་པ་ཚོགས།

བོད་དགེའི་ཟབ་སྦྱོང་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཛུ་རིག་ནང་ཚོགས།
༢༠༡༧ ལོའི་ཟླ་ ༠༡ ཚེས་ ༢༡ དང་ ༢༢ ཉིན་གཉིས་ཀྱི་རིང་ས་གནས་ཛུ་རིག་གི་ Youth hostel ཞེས་པར་བོད་ཡིག་དགེ་རྒན་ཟབ་སྦྱོང་དང་། བོད་སློབ་འགན་འཛིན་ལྷན་ཚོགས། ཀློག་དེབ་བསྐྱར་ཞིབ་བཅས་ཀྱི་ཚོགས་འདུ་ཞིག་ཚོགས་ཡོད་འདུག
དེ་ལས་མང་བ། བོད་དགེའི་ཟབ་སྦྱོང་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཛུ་རིག་ནང་ཚོགས།

སུད་སིར་ཞིས་རྒོལ་བོད་མི་རྣམས་མུ་མཐུད་འཛིན་བཟུང་།
དེ་རིང་ཚེས་༡༨ ཉིན་ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་མི་ཁག་ཅིག་གིས་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་ཞིས་ཅིན་ཕིང་ལ་ངོ་རྒོལ་བྱས་འདུག་པ་དང་། ངོ་རྒོལ་བྱེད་མཁན་ཁག་ཅིག་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
དེ་ལས་མང་བ། སུད་སིར་ཞིས་རྒོལ་བོད་མི་རྣམས་མུ་མཐུད་འཛིན་བཟུང་།

ཞིས་ལ་ངོ་རྒོལ་ལས་འགུལ་ཐེངས་གཉིས་པ། སུད་སི་གཞུང་གི་བྱེད་སྟངས་ལ་བློ་ཕམ།
དེ་རིང་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་དང་སུད་བོད་མཐུན་གྲོགས་ཚོགས་པའི་གོ་སྒྲིག་འོག་ཕྱི་ལོ་༢༠༡༧།༠༡།༡༧ཉིན་རྗི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱ་ནག་གི་སྲིད་འཛིན་སུད་སིར་འབྱོར་སྐབས་དང་བསྟུན་ཞིས་ཅིན་ཕིང་ལ་ངོ་རྒོལ་ལས་འགུལ་ཐེངས་གཉིས་པ་དེ་སྤེལ་ཞིང་།
དེ་ལས་མང་བ། ཞིས་ལ་ངོ་རྒོལ་ལས་འགུལ་ཐེངས་གཉིས་པ། སུད་སི་གཞུང་གི་བྱེད་སྟངས་ལ་བློ་ཕམ།

ཞིས་ཅིན་ཕིང་ལ་ངོ་རྒོལ་ལས་འགུལ་སྤེལ།
དེ་རིང་ཕྱི་ཚེས་༡༥ ཉིན་གྱི་ཆུ་ཚོད་༡༠ ཐོག་ནས་ཆུ་ཚོད་༡༢ བར་སུད་སི་ས་གནས་སྦརན་གྱི་Waisenhausplatz ནང་ སུད་སི་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག རྒྱ་ནག་གི་སྲིད་འཛིན་ཞེས་ཅིན་ཕིང་སུད་སི་སླེབས་ཀྱིན་ཡོད་པ་དང་སྟབས་བསྟུན། བོད་དོན་རྒྱབ་སྐྱོར་པ་དང་སུད་སི་གནས་སྡོད་བོད་མི་ལྔ་བརྒྱ་ལྷག་གིས་ཞི་རྒོལ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་འདུག
ཞེ་ཅིང་ཕིང་ལ་ཕེབས་བསུ་འགྲོ་མཁན་ཡོད་ན་སུད་སྒོར་༢༥༠ རྔན་པ་ཡོད།
ཕྱི་ཚེས༡༥ ནས་༡༨ རྒྱ་ནག་གི་སྲིད་འཛིན་སུད་སིར་སླེབས་ཀྱིན་པ་ལྟར། སུད་སི་གནས་སྡོད་རྒྱ་ནག་པ་ཚོ་ངེས་པར་ཕེབས་བསུར་བཅར་དགོས་པ་དང་། ཕེབས་བསུ་བཅར་མཁན་ལ་སུད་སྒོར་༢༥༠ རྔན་པ་སྤྲོད་རྒྱུ་ཡིན་སྐོར་གྱི་གསལ་བསྒྲགས་གསང་བའི་ཐོག་ནས་གནང་གིན་ཡོད་འདུག
དེ་ལས་མང་བ། ཞེ་ཅིང་ཕིང་ལ་ཕེབས་བསུ་འགྲོ་མཁན་ཡོད་ན་སུད་སྒོར་༢༥༠ རྔན་པ་ཡོད།

སུད་སི་གཞུང་གིས་རྒྱ་གཞུང་དང་བོད་དོན་བཀའ་མོལ་གནང་རྒྱུ་ཁས་ལེན།
ཟླ་༡ ཚེས་༡༣ ཉིན་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་དང་། སུད་བོད་མཐུན་གྲོགས་ཚོགས་པ་ཐུན་མོང་གི་གོ་སྒྲིག་འོག སུད་སི་གཞུང་གིས་རྒྱ་ནག་གི་སྲིད་འཛིན་སུད་སིར་སླེབས་སྐབས་སུད་སི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྐོར་དང་འབྲེལ་བོད་དོན་གླེང་སློང་གནང་རྒྱུ་ཡིན་སྐོར་ཁས་ལེན་གནང་ཡོད་པའི་ཐད་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་འདུག
དེ་ལས་མང་བ། སུད་སི་གཞུང་གིས་རྒྱ་གཞུང་དང་བོད་དོན་བཀའ་མོལ་གནང་རྒྱུ་ཁས་ལེན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་འཛིན་གསར་པར་ཞུ་འབོད།
དེ་རིང་ཕྱི་ཚེས་༡༡ ཉིན་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་ཁྱིམ་ཚང་དྲུག་གིས་རྒྱལ་ཚོགས་ལ་ཞུ་གཏུགས་དང་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་༦༡ སྤེལ་ཡོད་པ་དང་། ཐེངས་འདིའི་ལས་འགུལ་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་འཛིན་གསར་པ་ཇོར་ཌན་གྱི་རྒྱལ་སྲས་(ZeidRa’ad al-Hussein)ཛ་ཨིད་རཱད་ཨལ་ཧུ་སེན་ལགས་སུ་དགོས་འདུན་དོན་ཚན་དགུ་ཅན་གྱི་བོད་དོན་ཞུ་འབོད་སྙན་ཞུ་ཞིག་ཕུལ་ཡོད་པ་དང་། གཞན་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ཁག་ལའང་དེ་བཞིན་གྱི་ཞུ་འབོད་ཕུལ་ཡོད་འདུག
དེ་ལས་མང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་འཛིན་གསར་པར་ཞུ་འབོད།

ས་གནས་ལུ་ཛཱན་གྱིས་མཆོད་འབུལ་སྨོན་ལམ།
།ས་གནས་ལུ་ཛཱན་གྱི་མཆོད་འབུལ། ༢༠༡༧/༡/༧ ཉིན་སུད་སི་བོད་མི་ས་གནས་ལུ་ཛཱན་ཚོགས་ཆུང་ནས་དེ་ཉིན་ཚོགས་འདུ་དང་འབྲེལ་ད་ལམ་རྨ་ཆུ་རྫོང་ནས་རང་ལུས་མེར་བསྲེགས་རྒྱལ་གཅེས་དཔའ་བོ་བཀྲ་ཤིས་རབ་བརྟན་མཆོག་གིས་འབོད་སྒྲ་ཡང་"༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག།