ཕྱི་ཟླ་ ༣ – ༢༠༡༧

ཛུ་རིག་གྲོང་ཁྱེར་ནང་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།
ཟླ ༣ ཚེས་༢༧ རེས་ཟླ་བའི་ཉིན་སུད་སི་ལེག་ཏན་སི་ཊཡན་བོད་རིགས་མི་མང་སྒྲིག་འཛུགས་དང་སུད་བོད་མཛའ་འབྲེལ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་རྒྱ་ནག་གཞུང་གིས་བོད་ཐོག་དམ་དྲག་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་དང་། རྒྱལ་གཅེས་དཔའ་བོ་པདྨ་རྒྱལ་མཚན་ཀྱིས་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད་འདུག
དེ་ལས་མང་བ། ཛུ་རིག་གྲོང་ཁྱེར་ནང་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

རྒྱལ་གཅེས་དཔའ་བོ་པདྨ་རྒྱལ་མཚན་ལགས་ཀྱི་ཆེད་མཆོད་འབུལ་སྨོན་ལམ།
ཟླ ༣ ཚེས་༢༦ རེས་གཟའ་སྤེན་པའི་ཉིན་སུད་སི་ལེག་ཏན་སི་ཊཡན་བོད་རིགས་མི་མང་དང་སུད་སིའི་ཆོལ་ཁ་གསུམ་གྱི་ས་གནས་སྒྲིག་འཛུགས་ཁག་དང་མཉམ་རུབ་ཐོག་རྒྱལ་གཅེས་དཔའ་བོ་པདྨ་རྒྱལ་མཚན་ལགས་ཀྱིས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་མཆོད་འབུལ་སྨོན་ཞིག་འཚོག་གནང་ཡོད་འདུག
དེ་ལས་མང་བ། རྒྱལ་གཅེས་དཔའ་བོ་པདྨ་རྒྱལ་མཚན་ལགས་ཀྱི་ཆེད་མཆོད་འབུལ་སྨོན་ལམ།

ས་གནས་ཐུར་བྷན་ཐལ་ནང་མཆོད་འབུལ་སྨོན་ལམ་དང་བོད་དོན་བགྲོ་གླེང་།
ཟླ ༣ ཚེས་༢༥ ཉིན་སུད་སི་ས་གནས་ཐུར་བྷན་ཐལ་བོད་རིགས་ཚོགས་ཆུང་གི་མི་མང་ཚོས་རྒྱལ་གཅེས་དཔའ་བོ་པདྨ་རྒྱལ་མཚན་ལགས་ཀྱིས་རང་ལུས་མེར་སྲེག་གནང་བར་ཆེད་དུ་མཆོད་འབུལ་སྨོན་ལམ་དང་། དེ་རྗེས་སུད་སི་དོན་གཅོད་མཆོག་གིས་བོད་དོན་སློབ་གསོ་དང་མི་མང་བར་བོད་དོན་བགྲོ་གླེང་སོགས་གནང་ཡོད་འདུག
དེ་ལས་མང་བ། ས་གནས་ཐུར་བྷན་ཐལ་ནང་མཆོད་འབུལ་སྨོན་ལམ་དང་བོད་དོན་བགྲོ་གླེང་།

བོད་ཁམས་ཉག་རོང་གི་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༨ ཉིན་བོད་ཁམས་ཉག་རོང་ནས་ཡིན་པ་རང་ལོ་ ༢༤ སོན་པའི་བོད་མི་པདྨ་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་སུན་གཙེར་མུ་མཐུད་བཟོ་བཞིན་པ་དེར་ཞི་རྒོལ་རྔམ་སྟོན་ཆེད། བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༤ ཙམ་ལ་མཚོ་ཁ་དགོན་པའི་ཉེ་འགྲམ་དུ་རང་ལུས་མེར་སྲེག་བཏང་འདུག
དེ་ལས་མང་བ། བོད་ཁམས་ཉག་རོང་གི་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་བ།

ཆོལ་གསུམ་ཐུན་མོང་གིས་ལོ་སར་མཉམ་རོལ།
དེ་རིང་ཕྱི་ཟླ ༣ ཚེས་༡༨ ཉིན་སུད་སིའི་ས་གནས་དབུས་གཙང་ཆོལ་ཁ་དང་། མདོ་སྟོད། མདོ་སྨད་བཅས་ཆོལ་ཁ་གསུམ་གྱི་ཚོགས་པ་ཐུན་མོང་གིས་གོ་སྒྲིག་འོག་ས་གནས་རི་ཁོན་ནང་ཆོལ་གསུམ་ཐུན་མོང་གིས་བོད་རྒྱལ་ལོ་༢༡༤༤ ལོའི་ལོ་སར་མཉམ་རོལ་མཛད་སྒོ་རྒྱས་པ་ཞིག་གོ་སྒྲིག་གནང་ཡོད་འདུག

ཚོགས་ཆུང་ཁག་གིས་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།
སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་ངོས་ནས་སུད་སིའི་ས་གནས་བོད་རིགས་ཚོགས་ཆུང་ཁག་ལྔ་རེ་ལས་བསྒོའི་ཐོག་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་བཞིན་པ་ལྟར། དེ་རིང་ས་གནས་ཚོགས་ཆུང་ཁག་ལྔས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་འདུག

སུད་སིར་བུད་མེད་སྒེར་ལངས་དུས་དྲན་སྲུང་བརྩི།
ཕྱི་ཚེས་༡༢ ཉིན་སུད་སི་ས་གནས་བུད་མེད་ཚོགས་པའི་གོ་སྒྲོག་འོག་སུད་སི་གྲོང་ཁྱེར་ཛུ་རིག་གི་Burklipatz ས་གནས་སུ་བོད་ཀྱི་བུད་མེད་སྒེར་ལངས་དུས་དྲན་ཐེངས་༥༨ སྲུང་བརྩི་གནང་ཡོད་འདུག

སུད་སིའི་བོད་མི་ཚོས་སུམ་བཅུའི་དུས་དྲན་ཐེངས་༥༨ པ་སྲུང་བརྩི་གནང་།
དེ་རིང་ཕྱི་ཟླ་ ༣་ཚེས་༡༠ རེས་གཟའ་པ་སངས་ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་སུད་སི་རྒྱལ་ས་སྦརན་གྲོང་ཁྱེར་གྱི་Veletiaplatz Bern ནས་Münterplatz Bern བར་བོད་མི་གཅིག་སྟོང་ལྷག་འདུ་འཛོམས་ཀྱིས་རྔམ་སྟོན་ཁྲོམ་སྐོར་དང་སྐད་འབོད་བཅས་གནང་སྟེ་སུམ་བཅུའི་དུས་དྲན་ཐེངས་༥༨ པ་སྲུང་བརྩི་གནང་ཡོད་འདུག
དེ་ལས་མང་བ། སུད་སིའི་བོད་མི་ཚོས་སུམ་བཅུའི་དུས་དྲན་ཐེངས་༥༨ པ་སྲུང་བརྩི་གནང་།

སུད་སིའི་གྲོས་ཚོགས་འཐུས་མི་༢༢ ཀྱིས་བོད་མིར་གདུང་སེམས་མཉམ་སྐྱེད་གནང་།
དེ་རིང་ཕྱི་ཚེས་༩ ཉིན་སུད་སི་གྲོས་ཚོགས་མདུན་ཐང་དུ་སུད་སིའི་གྲོས་ཚོགས་འཐུས་མི་༢༢ ནས་བོད་དང་བོད་མིར་རྒྱབ་སྐྱོར་མཚོན་དོན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། ལོ་འདིའི་ཟླ་དང་པོའི་ནང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིང་ཕིང་སུད་སིར་ཕེབས་སྐབས་སུད་སི་གཞུང་གིས་བོད་མི་ཚོར་དམ་དྲག་ཚད་ལས་བརྒལ་བ་བྱས་པར་བློ་ཕམ་ཡོད་སྐོར་བསྒྲགས་ཡོད་འདུག
དེ་ལས་མང་བ། སུད་སིའི་གྲོས་ཚོགས་འཐུས་མི་༢༢ ཀྱིས་བོད་མིར་གདུང་སེམས་མཉམ་སྐྱེད་གནང་།

ཛུ་རིག་ཚོགས་ཆུང་གི་ལོ་སར་མཛད་སྒོ་དང་ནང་ཆོས་ངོ་སྤྲོད།
ཛུ་རིག་ཚོགས་ཆུང་གི་ལོ་སར་མཛད་སྒོ་དང་ནང་ཆོས་ངོ་སྤྲོད། ༢༠༡༧ ཟླ་ ༣ ཚེས་༤ ཉིན་སུད་སི་ས་གནས་ཛུ་རིག་ཚོགས་ཆུང་བོད་རྒྱལ་ལོ་༢༡༤༤ ལོའི་ལོ་སར་སྲུང་བརྩི་དང་སྟབས་བསྟུན། ཚོགས་ཆུང་གི་མི་མང་རྣམས་ལ་ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོའི་ལས་འགུལ་ཞིག་སྤེལ་གནང་ཡོད་འདུག
དེ་ལས་མང་བ། ཛུ་རིག་ཚོགས་ཆུང་གི་ལོ་སར་མཛད་སྒོ་དང་ནང་ཆོས་ངོ་སྤྲོད།
བོད་རྒྱལ་ལོ་༢༡༤༤ ལོའི་ལོ་སར་སྲུང་བརྩི།
ཕྱི་ཚེས་༢༧ ཉིན་དང་བོད་རྒྱལ་ལོ་༢༡༤༤ ལོའི་བོད་ཟླའི་ཚེས་༡ ཉིན་སུད་སི་རི་ཁོན་ཆོས་འཁོར་དགོན་དུ་། སུད་སི་དང་ལེག་ཏན་སི་ཊཡན་བོད་རིགས་མི་མང་གི་ངོས་ནས་མེ་མོ་བྱ་ལོའི་ལོ་སར་སྲུང་བརྩི་གནང་ཡོད་འདུག

ལོ་སར་ཚེས་གཅིག་ཉིན་བོད་དོན་ལས་འགུལ།
དེ་རིང་ཕྱི་ཚེས་༢༧ ཉིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་སུད་སི་གྲོང་ཁྱེར་ཛུ་རིག་ནང་གི་Paradeplatz ་ནང་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ནང་མི་གཙོས་བོད་ནང་གི་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་ཀྱི་བོད་དོན་ལས་འགུལ་ཞིག་སྤེལ་ཡོད་འདུག