ཕྱི་ཟླ་ ༥ – ༢༠༡༧

བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་སུད་སི་མི་མང་ལ་ཡི་དམ་གྱི་དབང་གནང་ཡོད་འདུག
༢༠༡༧ ཟླ ༥ ཚེས་༢༨ རེས་གཟའ་ཉི་མའི་ཉིན། སེར་བྱེ་ནང་པའི་རིག་གཞུང་ལྟེ་གནས་ཁང་གི་གོ་སྒྲིག་འོག སུད་སི་ས་གནས་Haageri ནང་སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་སུད་སིའི་བོད་རིགས་གཙོས་པའི་ཆོས་ཞུ་པ་བདུན་བརྒྱ་ལྷག་ལ་ཡི་དམ་གྱི་དབང་གནང་ཡོད་འདུག
དེ་ལས་མང་བ། བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་སུད་སི་མི་མང་ལ་ཡི་དམ་གྱི་དབང་གནང་ཡོད་འདུག

མ་ཧཱ་གུ་རུའི་འབུམ་ཚོགས་ཉིན་གསུམ་པ།
༢༠༡༧ ཟླ ༥ ཚེས་༢༧ ཉིན་ཏེ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་གུ་རུ་འབུམ་ཚོགས་ཐེངས་བཞི་བའི་ཉིན་གསུམ་པའི་ཉིན། བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་དབུ་བླར་དབུ་བཞུགས་ཐོག་མ་ཧཱ་གུ་རུ་འབུམ་ཚར་གཅིག་བསགས་ཚར་བའི་མཇུག་སྐྱོང་མཛད་རིམ་འཚོག་གནང་ཡོད་འདུག

འབུམ་ཚོགས་ཀྱི་ཉིན་གཉིས་པ།
སིད་སིའི་ཝེ་ལྡནསི་ཝིལ་ས་གནས་ཚོགས་ཁང་Haageri ནང་དུ་སུད་སི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་འོག་ཚེས་༢༥ ཉིན་ནས་མགོ་འཛུགས་གནང་བ་ལྟར། ཉིན་གཉིས་པར་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་དབུ་མཛད་པའི་འོག

གཞན་ལ་ཕན་པའི་བློ་དེ་སྔོན་དུ་བཏང་ནས་ལས་ཀ་བྱེད་དགོས་པ་རེད།
སུད་སི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་ཞུ་བཞིན་པའི་འབུམ་ཚོགས་སྐབས་བཞི་བ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དབུ་བཞུགས་ཐོག་དངོས་སུ་དབུ་འཛུགས་གནང་།
དེ་ལས་མང་བ། གཞན་ལ་ཕན་པའི་བློ་དེ་སྔོན་དུ་བཏང་ནས་ལས་ཀ་བྱེད་དགོས་པ་རེད།

སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་སུད་སིར་ཞབས་སོར་བདེ་བར་འཁོད་པ།
༢༠༡༧ ལོའི་ཟླ་༥་ ཚེས་༢༣ ཉིན་སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་སྐབས་༡༦ འཐུས་ཚོགས་ཀྱིས་ད་ལོའི་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་སྤྱི་སྨན་ཞབས་རིམ་ཐེངས་བཞི་བའི་དབུ་བླར་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་སུད་སིར་ཆིབ་སྒྱུར་བཀའ་དྲིན་སྐྱོང་གནང་ཡོད་འདུག
དེ་ལས་མང་བ། སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་སུད་སིར་ཞབས་སོར་བདེ་བར་འཁོད་པ།

སུད་སི་ས་གནས་བུད་མེད་ཚོགས་པའི་གོ་སྒྲིག་འོག་ནང་ཆོས་ངོ་སྤྲོད།
༢༠༡༧ ཟླ་༥ ཚེས་༢༡ ཉིན་སུད་སི་རི་ཁོན་ཆོས་འཁོར་དགོན་དུ་སུད་སི་ས་གནས་བོད་ཀྱི་བུད་མེད་ཚོགས་པའི་ངོས་ནས་རི་ཁོན་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་གདན་ཞུ་ཞུས་ཏེ་ནང་ཆོས་ངོ་སྤྲོད་དང་། ཉེ་ཆར་བོད་ནང་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་མཚོ་སྔོན་གཅན་ཚ་རྫོང་གྱེར་སྟེང་དགོན་པའི་གྲྭ་དགེ་འདུན་འཇམ་དབྱངས་ལགས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་བཅས་གནང་ཡོད་འདུག
དེ་ལས་མང་བ། སུད་སི་ས་གནས་བུད་མེད་ཚོགས་པའི་གོ་སྒྲིག་འོག་ནང་ཆོས་ངོ་སྤྲོད།

སུད་སི་ས་གནས་ཚོགས་ཆུང་ར་སྤར་སི་ཝིལ་དང་། རུས་ཏི་ཚོགས་ཆུང་ཟུང་གིས་ཞབས་རིམ་སྒྲུབ།
དེ་ལས་མང་བ། སུད་སི་ས་གནས་ཚོགས་ཆུང་ར་སྤར་སི་ཝིལ་དང་། རུས་ཏི་ཚོགས་ཆུང་ཟུང་གིས་ཞབས་རིམ་སྒྲུབ།

ཡུ་རོབ་གྲོས་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཉིན་གཉིས་པ།
ཟླ་༥ ཚེས་༣ ཉིན་སུད་སིར་གནས་སྡོད་ཁྱིམ་ཚང་དྲུག་གིས་སྦེལ་ཇམ་གྲོང་ཁྱེར་སྦར་སིལ་ནང་བརྟེན་གཞི་བྱས་པའི་ཡུ་རོབ་མཉམ་འབྲེལ་གྲོས་ཚོགས་མདུན་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཉིན་གསུམ་པའི་ཉིན། ཡུ་རོབ་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚོགས་མི་ chilly drizzle མཉམ་ཞུགས་གནང་ཡོད་པ་དང་། ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཡོད་པའི་བཀའ་སློབ་གནང་།
དེ་ལས་མང་བ། ཡུ་རོབ་གྲོས་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཉིན་གཉིས་པ།

ཡུ་རོབ་གྲོས་ཚོགས་ལ་བོད་དོན་ཞུ་འབོད་གནང་ཡོད་འདུག
༢༠༡༧ ཟླ ༥ ཚེས་༢ ཉིན་གཉིས་རིང་སུད་སིར་གནས་སྡོད་བོད་མི་ཁྱིམ་ཚང་དྲུག་གིས་མ་སྐུལ་དང་བླངས་ཐོག་ནས་སྦེལ་འཇམ་རྒྱལ་ས་སྦར་སེལ་ནང་གི་ཡུ་རོབ་མཉམ་འབྲེལ་གྲོས་ཚོགས་མདུན་ཐང་དུ་བོད་དོན་ལས་འགུལ་སྤེལ་ཡོད་འདུག་ཅིང་། ལས་འགུལ་འདིར་ཡུ་རོབ་སྤྱི་མཐུན་གྱི་ཨི་སི་ཏོ་ནི་ཡའི་ Estonia གྲོས་ཚོགས་འཐུས་མི་སྐུ་ཞབས་ཏུན་ནེ་ཀེ་ལམ་ Tunne Kelam མཆོག་དང་ཁོང་གི་ཕྱག་རོགས་ཕེབས་བཅས་ཏེ་བོད་དོན་ལས་འགུལ་བ་རྣམས་ལ་རྒྱབ་སྐྱོར་གཏམ་བཤད་སོགས་སྤེལ་གནང་ཡོད་འདུག

ཛུ་རིག་ནང་བོད་དོན་སྐད་འབོད་ལས་འགུལ་སྤེལ།
ཕྱི་ཚེས་༢༨ ཉིན་སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་དང་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་གཉིས་ཀྱི་གོ་སྒྲིག་འོག སུད་སི་གྲོང་ཁྱེར་ཛུ་རིག་ནང་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ལས་འགུལ་ཞིག་གོ་སྒྲིག་གནང་ཡོད་འདུག