ཕྱི་ཟླ་ ༡༠ ༢༠༡༧

རྒྱལ་གཅེས་དཔའ་བོ་བཀྲ་ཤིས་རྣམ་རྒྱལ་མཆོག་གི་ཞེ་དགུའི་མཆོད་འབུལ་སྨོན་ལམ་ས་གནས་ལུ་རྫན་དུ་ཚོགས་ཡོད་པ།

པའ་བོ་བཀྲ་ཤིས་རྣམ་རྒྱལ་མཆོག་གིས་སྤྱི་ལོ་༢༠༡༧ ལོའི་ཟླ་༩ བའི་ཚེས་༧ཉིན་རང་ཉིད་ཀྱི་ལུས་སེམས་ཡོངས་རྫོགས་བོད་མི་རིགས་དང་འགྲོ་བ་མིའི་ཐོབ་ཐང་། དམིགས་གསལ་གྱིས་སུད་སི་ནང་སྐྱབས་བཅོལ་ཡིག་ཆ་མ་རག་པའི་དཀའ་ངལ་དང་ཡིག་ཆ་ནག་པོ་ཆགས་ཡོད་པ་རྣམས་ཀྱི་ཆེད་མེ་འཁོར་ལྕགས་ལམ་ཐོག་ཉལ་ཏེ་རང་སྲོག་ལུས་གཏོང་གནང་ཡོད་པའི་འདས་པོ་དམ་པ་ཁོང་གི་ཞེ་དགུ་ཉིན་མོ་ཟླ་འདིའི་ཚེས་༢༢ ཉིན་རི་གོང་དགོན་པའི་དགེ་འདུན་པ་བཞི་དང་།

དེ་ལས་མང་བ།

ས་གནས་ཐུར་བྷན་ཐལ་ནང་མཆོད་འབུལ་གནང་ཡོད་འདུག

ཁ་སང་ཕྱི་ཚེས་༢༡ ཉི་སུད་སི་ས་གནས་ཐུར་བྷན་ཐལ་ནང་གོང་ས་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བསྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་ཆེད་ཞབས་རིམ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་བཅས་གནང་ཡོད་འདུག

དེ་ལས་མང་བ།

ལུ་རྫན་ས་གནས་སུ་རྒྱལ་གཅེས་དཔའ་བོ་བཀྲིས་རྣམ་རྒྱལགས་ཀྱི་ཆེད་བསྔོ་སྨོན་མཆོད་འབུལ།

དེ་རིང་ཉིན་རྒྱབ་ཕྱག་ཚོད་༣/༠༠ ནས་༤/༣༠ བར་ལུ་ཛན་ས་གནས་སུ་སུད་སི་དང་ལིག་ཏེན་སིཌཡན་བོད་རིགས་མི་མང་མངའ་ཁོངས་ཀྱི་ཚོགས་ཆུང་ལུ་རྫན་རྒྱུན་ལས་རྣམ་པས་གོ་སྒྲིག་འོག་ས་གནས་མི་མང་༤༠ཙམ་འདུ་འཛོམས་ཀྱིས་རྒྱལ་ཞེན་དཔའ་བོ་བཀྲ་ཤིས་རྣམ་རྒྱལ་ལགས་དམ་པ་ཁོང་གི་བདུན་ཚིགས་དྲུག་པའི་བསྔོ་སྨོན་མཆོད་འབུལ་གནང་ཡོད་པའི་གནས་བསྡུས་སུ།

དེ་ལས་མང་བ།

༄༅། སྨན་རྩིས་ཁང་ས་གནས་སུ་སྐོར་སྐྱོད་ཐེངས་གཉིས་པ་འདི་བཞིན་འདི་ལོ འི་ཕྱི་ཟླ་ ༡༠ ཚེས་ ༢༠ ནས་ ༢༥ བར་ས་གནས་ཁག་དྲུག་གི་ནང་སྐོར་སྐྱོད་གནང་གི་ཡོད།

དབུས་སྨན་རྩིས་ཁང་ས་གནས་སུ་སྐོར་སྐྱོད་ཐེངས་དང་པོ་ཕྱི་ལོ་ ༢༠༡༦ ནང་ལེགས་གྲུབ་བྱུང་རྗེས་སླར་ཡང་དབུས་སྨན་རྩིས་ཁང་ནས་འདི་ག་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ལ་སྐོར་སྐྱོད་ཐེངས་གཉིས་པ་བཀོད་སྒྲིག་ཡོང་བའི་འབོད་སྐུལ་ཇི་གནང་བཞིན་འདི་ག་སྒྲིག་འཛུགས་ནས་དྭང་ལེན་ཐོག་

དེ་ལས་མང་བ།

ལུ་རྫན་ས་གནས་སུ་རྒྱལ་ཞེན་དཔའ་བོར་བསྔོ་སྨོན་མཆོད་འབུལ།

དེ་རིང་ཉིན་རྒྱབ་ཕྱག་ཚོད་༣/༠༠ ནས་༤/༣༠ བར་ལུ་ཛན་ས་གནས་སུ་རྒྱུན་ལས་རྣམ་པས་གོ་སྒྲིག་འོག་ས་གནས་མི་མང་༣༥ ཙམ་འདུ་འཛོམས་ཀྱིས་རྒྱལ་ཞེན་དཔའ་བོ་བཀྲ་ཤིས་རྣམ་རྒྱལ་ལགས་དམ་པ་ཁོང་གི་བདུན་ཚིགས་ལྔ་པའི་བསྔོ་སྨོན་མཆོད་འབུལ་གནང་ཡོད་པའི་གནས་བསྡུས་སུ།

དེ་ལས་མང་བ།

རི་ཀོན་ཆོས་འཁོར་དགོན་དུ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི།

དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༠༩ ཚེས་ ༣༠ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༠༩:༣༠ ནས་ ༡༢:༠༠ བར་རི་ཀོན་ཆོས་འཁོར་དགོན་དུ་གནས་བརྟན་ཕྱག་མཆོད་ཀྱི་ཆོ་ག་དང་འབྲེལ་བའི་ཐོག་ནས་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ ༧༣ པ་དེ་སྲུས་བརྩིས་ཞུས་གནང་སོང་། དེ་ཡང་མཛད་སྒོའི་ཐོག་རི་ཀོན་ཆོས་མཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་།

དེ་ལས་མང་བ།

རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༧༠ སྤེལ་ཡོད་འདུག

དེ་རིང་ཕྱི་ཚེས་༡༡་ཉིན་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་ཁྱིམ་ཚང་བདུན་གྱིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུགས་དང་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་༧༠སྤེལ་ཡོད་པ་དང་། ཐེངས་འདིའི་ལས་འགུལ་ནང་སུད་སི་དང་ལེག་ཏན་སིཊ་ཡན་བོད་རིགས་མི་མང་གི་ཚོགས་གཙོ་ཟུར་པ་ཨ་ཅ་པ་སངས་ལགས་དང་། གཞན་ཨ་ཅ་ཀརྨ་ཆོས་སྒྲོན་ལགས་གཉིས་མཉམ་ཞུགས་གནང་སྟེ་ལས་འགུལ་སྤེལ་ཡོད་འདུག

དེ་ལས་མང་བ།

ལུ་རྫན་ས་གནས་སུ་རྒྱལ་ཞེན་དཔའ་བོར་བཀྲིས་རྣམ་རྒྱལ་ལགས་ཀྱི་བདུན་ཚིགས་བཞི་བའི་བསྔོ་སྨོན་མཆོད་འབུལ་གནང་ཡོད་འདུག

ཕྱི་ཚེས་༦་ཉིན་གྱི་ཉིན་རྒྱབ་ཕྱག་ཚོད་༣/༠༠ ནས་༤/༣༠ བར་ལུ་ཛན་ས་གནས་སུ་རྒྱུན་ལས་རྣམ་པས་གོ་སྒྲིག་འོག་ས་གནས་མི་མང་༣༠ལྷག་འདུ་འཛོམས་ཀྱིས་རྒྱལ་ཞེན་དཔའ་བོ་བཀྲ་ཤིས་རྣམ་རྒྱལ་ལགས་དམ་པ་ཁོང་གི་སྐུ་ཚིགས་བཞི་པའི་བསྔོ་སྨོན་མཆོད་འབུལ་གནང་ཡོད་པ་དང་། རྒྱུན་ལས་ནས་མུ་མཐུད་ཁོང་གི་སྐུ་ཚིགས་བདུན་པའམ་ཞགས་ཞེ་དགུ་བར་སྐུ་ཚིགས་ནམ་ཡིན་ལ་བསྔོ་སྨོན་མཆོད་འབུལ་གནང་གཏན་ཁེལ་ཡོད་པའི་གནས་བསྡུས་སུ།

དེ་ལས་མང་བ།

རྒྱལ་གཅེས་དཔའ་བོ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་དང་ཞལ་ཆེམས་ཡི་གེ།

ཕྱི་ལོ་༢༠༡༧ ལོའི་ཟླ་༩་ཚེས་༧་ཉིན་སུད་སི་མངའ་སྡེ་ལུ་ཛན་གྱི་ས་གནས་(Emmenbruke ) ཨེ་མེན་བྷུ་རུ་ཁེ་ཡི་མེ་འཁོར་འབབ་ཚིགས་སུ། རང་འགུལ་གྱིས་མེ་འཁོར་འོག་ཏུ་མཆོངས་གནང་སྟེ་བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་རིན་ཆེན་ཚེ་སྲོག་བློས་གཏོང་གནང་མཁན་བཀྲ་ཤིས་རྣམ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་དང་། ཁོང་གི་ཁ་ཆེམས་ཡི་གེ་སོགས་འགྲེམ་སྤེལ་གནང་ཡོད་འདུག

དེ་ལས་མང་བ།