ཕྱི་ཟླ་ ༡༡ – ༢༠༡༧

བོད་མི་མང་སྤྱི་འཐུས་སྐུ་ཚབ་བཞི་རི་ཀོན་བོད་ཡིག་གཟའ་མཇུག་སློབ་གྲྭར་འཚམས་གཟིགས།
བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་དབུ་འཁྲིད་པའི་སྤྱི་འཐུས་སྐུ་ཚབ་བཞི་ཕྱི་ལོ་ ༢༠༡༧ ཟླ་ ༡༡ པའི་ཚེས་ ༡༩ རེས་གཟའ་ཉི་མ་ཉིན་གྱི་ཞོགས་པ་རི་ཀོན་ཆོས་འཁོར་དགོན་དུ་འཚམས་གཟིགས་ཆོས་མཇལ་ཟིན་པ་དང་། རི་ཀོན་བོད་རིགས་མི་མང་ཚོགས་ཆུང་གི་ངོས་ནས་སྐུ་ཚབ་རྣམ་པ་བཞི་དང་ཉིན་དེའི་སྐུ་མགྲོན་རྣམ་པར་ཉིན་དགུང་གསོལ་ཚིགས་འདེགས་འབུལ།
དེ་ལས་མང་བ། བོད་མི་མང་སྤྱི་འཐུས་སྐུ་ཚབ་བཞི་རི་ཀོན་བོད་ཡིག་གཟའ་མཇུག་སློབ་གྲྭར་འཚམས་གཟིགས།

སྤྱི་འཐུས་རྣམ་པ་རི་ཀོན་ཆོས་འཁོར་དགོན་དང་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིག་མེད་བཟང་པོ་མཆོག་མཇལ་འཕྲད་གནང་།
ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་གཞུང་འབྲེལ་ཕྱོགས་སྐྱོད་དུ་ཕེབས་པའི་སྤྱི་འཐུས་རྣམ་པ་རི་ཀོན་ཆོས་འཁོར་དགོན་དང་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིག་མེད་བཟང་པོ་མཆོག་མཇལ་འཕྲད་དེ་བཞིན་ས་གནས་བོད་སློབ་ཁག་གསུམ་ནང་གཞུང་འབྲེལ་མཚམས་གཟིགས་ལེགས་གྲུབ་གནང་།

ང་ཚོའི་འཐབ་རྩོད་ཀྱི་ནུས་པ་དེ་ཧི་མ་ལ་ཡའི་རིའི་ཕར་རོལ་ཏུ་འགྲོ་དགོས་པ་ལས་ནང་ཁུལ་དུ་རྩོད་པ་རྒྱག་པ་དེ་མ་རེད།
སྤྱི་འཐུས་སྒྲོལ་མ་ཚེ་རིང་གིས་དབུ་ཁྲིད་པའི་སྤྱི་འཐུས་རྣམ་པ་བཞི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མཐུན་འགྱུར་འོག་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ཏུ་བོད་དོན་ཞུ་གཏུགས་ཀྱི་ཆེད་ཕྱོགས་བསྐྱོད་གནང་བཞིན་ཡོད་འདུག

སྤྱི་འཐུས་དང་ས་འཐུས་ཐུག་འཕྲད་གནང་།
ཟླ་འདིའི་ཚེས་༡༨ ཉིན་གྱི་ཞོགས་པའི་ཆུ་ཚོད་བཅུ་བའི་ཐོག་ནས་སུད་སིའི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་འཐུས་མི་རྣམ་པ་དང་། སྐུ་ངོ་དོན་གཅོད་དངོས་གྲུབ་རྡོ་རྗེ། ས་གནས་སྤྱི་འཐུས་ཟམ་མདོ་བྱམས་པ། སྤྱི་ཟུར་རྣམ་པ།
གཞུང་འབྲེལ་ཕྱོགས་སྐྱོད་དུ་ཕེབས་པའི་སྤྱི་འཐུས་རྣམ་པ་བཞི་དེ་རིང་སུད་སིར་བདེ་འབྱོར་ཟིན་པ།
གཞུང་འབྲེལ་ཕྱོགས་སྐྱོད་དུ་ཕེབས་པའི་སྤྱི་འཐུས་རྣམ་པ་བཞི་དེ་རིང་ཕྱི་ཟླ་ ༡༡ ཚེས་༡༧ ཉིན་དགོང་དྲོའི་ཚོུད་ ༡༩།༠༠ ཐོག་སུད་སིར་བདེ་འབྱོར་ཟིན་པ་དང་། སང་ཉིན་ཕྱི་ཚེས་ ༡༨ ནས་ ༢༡ བར་ས་གནས་སུ་བོད་རིགས་མང་ཚོགས་ལྷན་ཚོགས་འདུ་དང་། ས་གནས་བོད་སློབ་ཁག་ནང་མཚམས་གཟིགས་དེ་བཞིན་བོད་དོན་རྒྱབ་སྐྱོར་བའི་སུད་སི་གྲོས་ཚོགས་འཐུས་མི་རྣམས་ཀྱི་ལྷན་མཇལ་འཕྲད་དང་། མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག་བཅས་ཀྱི་མཛད་རིམ་དབུ་འཛུགས་གནང་རྒྱུ་ཡིན་འདུག
དེ་ལས་མང་བ། གཞུང་འབྲེལ་ཕྱོགས་སྐྱོད་དུ་ཕེབས་པའི་སྤྱི་འཐུས་རྣམ་པ་བཞི་དེ་རིང་སུད་སིར་བདེ་འབྱོར་ཟིན་པ།

རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༧༡ སྤེལ་ཡོད་འདུག
ཕྱི་ལོ ༢༠༡༧ ཟླ ༡༡ ཚེས ༨ ཇི་ནེ་ཝ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༧༡ པ་སྤེལ་འདུག་པ་དང་། ཡུ་རོབ་སྤྱི་ཟུར་སྐུ་ངོ་གསང་གླིང་ཚེ་རིང་རྡོ་རྗེ་མཆོག་ལོ་ལྟར་ཐེངས་རེ་མཉམ་ཞུགས་གནང་པ་ལྟར་ད་རེས་ཀྱང་མཉམ་ཞུགས་གནང་སྟེ་ལས་འགུལ་སྤེལ་ཡོད་འདུག
དེ་ལས་མང་བ། རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༧༡ སྤེལ་ཡོད་འདུག
དཔའ་བོ་དཔའ་མོ་རྗེས་དྲན་ཐེངས་ལྔ་བ།
༢༠༡༧ཟླ་༡༡ ཚེས་༤ ཉིན་སུད་སི་གྲོང་ཁྱེར་ཛུ་རིག་ནང་ནམ་ཁོ་རྫ་རྡོ་ལགས་ཀྱིས་གོ་སྒྲིག་འོག རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་ཐེངས་ལྔ་བའི་མཛད་རིམ་རྒྱས་པ་ཞིག་འཚོག་གནང་ཡོད་འདུག