ཕྱི་ཟླ་ ༢ ༢༠༡༨

ཚོགས་ཆུང་ཕོ་ཁེདསི་ཝིལ་ཚོགས་མི་བརྒྱ་ལྷག་གིས་བོདལོ་སར་གྱི་དགའ་སྟོན་རྟེན་འབྲེལ་ཞུས་འདུག

བོད་རྒྱལ་ལོ་༢༡༤༥ རབ་གནས་ས་ཁྱི་ལོའི་ཕྱི་ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། མཁན་རིན་པོ་ཆེ་དང་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་དང་གཙོས་ཚོགས་ཆུང་ཕོ་ཁེདསི་ཝིལ་ཚོགས་མི་བརྒྱ་ལྷག་གིས་བོདལོ་སར་གྱི་དགའ་སྟོན་རྟེན་འབྲེལ་ཞུས་འདུག དགའ་སྟོན་རྟེན་འབྲེལ་གྱི་ཐོག་སྐབས་བཅུ་དྲུག་པའི་འཐུས་མིའི་སྐབས་ཀྱི་ལས་ཐོག་རྒྱུན་ལས་རྣམ་པར་ཐུགས་རྗེ་ཆེ་ཞུས་པ་དང་།

དེ་ལས་མང་བ།

རི་ཀོན་དགོན་དུ་བོད་ཀྱི་ལོ་སར་བརྩི་སྲུང་གནང་།

བོད་རྒྱལ་ལོ་༢༡༤༥ རབ་གནས་ས་ཁྱི་ལོའི་བོད་ཟླ་དང་པོའི་ཚེས་གཅིག་ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་༥༠༠ ལྷག་་རི་ཀོན་ཆོས་འཁོར་དགོན་དུ་སྔ་དྲོའི་ཆུ་ཚོད་༩ དང་ཕྱེད་ཀའི་ཐོག་ལྷན་འཛོམས་ནས་བོད་ཀྱི་ལོ་སར་རྟེན་འབྲེལ་མཛད་སྒོར་བརྩི་སྲུང་བྱས། ལོ་ལྟར་ལོ་སར་གྱི་རྟེན་འབྲེལ་གྱི་མཛད་སྒོ་འདི་རི་ཀོན་ཆོས་འཁོར་དགོན་གྱིས་གོ་སྒྲིག་ཞུ་བཞིན་པ་རེད།

དེ་ལས་མང་བ།

དཔའ་བོ་བཀྲིས་རྣམ་རྒྱལ་ལགས་ཀྱི་ཞལ་ཆེམས་ཡིག་ཆ།

༄ཉེ་འཆར་སུད་སིའི་ནང་རྒྱལ་གཅེས་དཔའ་བོ་བཀྲིས་རྣམ་རྒྱལ་ལགས་ཀྱིས་རང་གི་གཅེས་པའི་ལུས་སྲོག་དེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ཞུམ་མེད་བློས་གཏོང་གནང་བཞིན་ཞལ་ཆེམས་ཡིག་ཆ་ཞིག་བཞག་ཡོད་ན་ཡང་དཔའ་བོ་ཁོང་གི་ཞལ་ཆེམས་ཡི་གི་ཨ་མ་དེ་དེའི་སྐབས་ལུ་རྫན་ས་གནས་ཉེས་རྟོག་པའི་སྟངས་འཛིན་འོག

དེ་ལས་མང་བ།

འཐུས་ཚོགས་སྐབས་བཅུ་བདུན་པའི་འཐུས་མིའི་འོས་བསྡུའི་གྲུབ་འབྲས།

སུད་སུ་དང་ལིག་ཏན་སིཊཡན་བོད་རིགས་མི་མང་གི་སྐབས་བཅུ་དྲུག་པའི་འཐུས་ཚོགས་རྫོགས་ལ་ཉེ་བའི་དུས་དང་བསྟུན་ནས་དེ་རིང་ས་གནས་ཉི་ལྔའི་ནང་དུ་དུས་གཅིག་ཏུ་སྐབས་བཅུ་བདུན་པའི་འཐུས་མི་འོས་བསྡུས་གནང་སོང་ལ།

དེ་ལས་མང་བ།