ཕྱི་ཟླ་ ༣ – ༢༠༡༨

ཛུ་རིག་ཏུ ༢༠༡༨ /༣/༡༢ ཉིན་ སུད་སི་བོད་ཀྱི་བུད་མེད་ཚོགས་པས་ཞི་བའི་ཐོག་རྔམ་སྟོན་ཁྲོམ་སྐོར།
ཛུ་རིག་ཏུ ༢༠༡༨ /༣/༡༢ ཉིན་ སུད་སི་བོད་ཀྱི་བུད་མེད་ཚོགས་པས་ཞི་བའི་ཐོག་རྔམ་སྟོན་ཁྲོམ་སྐོར་དང་། ཆེད་དུ་དམིགས་པའི་མར་མེ་འབུལ་བ་སོགས་ཀྱིས། བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་ཚོས་རྒྱ་ཡི་དབང་སྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་ནས་ལོ་ངོ་ ༥༩ སོང་བའི་དུས་དྲེན་སྲུང་བརྩི་ཞུས།།
དེ་ལས་མང་བ། ཛུ་རིག་ཏུ ༢༠༡༨ /༣/༡༢ ཉིན་ སུད་སི་བོད་ཀྱི་བུད་མེད་ཚོགས་པས་ཞི་བའི་ཐོག་རྔམ་སྟོན་ཁྲོམ་སྐོར།

ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་ལས་འགུལ་ཆེན་མོ་སྟེ་གསུམ་བཅུ་དུས་དྲན་ཐེངས་༥༩་པ་རྒྱལ་ཁའི་ངང་མཇུག་སྒྲིལ།
ཁ་སང་ཕྱི་ཚེས་བཅུའི་ཉིན་ད་ལོའི་ཡུ་རོབ་བོད་མིའི་ལས་འགུལ་ཆེན་མོ་སྟེ་ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་ལས་འགུལ་འདིའི་དངོས་གཞིའི་ལས་འགུལ་ཏེ་གསུམ་བཅུ་དུས་དྲན་ཐེངས་༥༩་པ་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐང་ཆེན་དུ་སྲུང་གཙི་གནང་འདུག

སུད་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མིས་སུད་སི་གཞུང་ལ་བོད་མིའི་རང་དབང་ལ་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་ཞུ་འདུག
དེ་རིང་ཕྱི་ཚེས་དགུའི་ཉིན་སུད་སི་མི་མང་སྒྲིག་འཛུགས་དང་བོད་ཀྱི་བུ་མེད་ཚོགས་པ། སུད་བོད་མཐུན་གྲོགས་ཚོགས་པ། ཡུ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས། འཇིག་ཉེན་ཅན་གྱི་སྤྱི་ཚོགས་མི་རིགས་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག་སུད་སིའི་རྒྱལ་ས་སྦན་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་འདུག

རྒྱལ་ཚོགས་སུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་གི་སྐོར་ལ་གཏམ་བཤད་གནང་འདུག
དེ་རིང་ཕྱི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་པ་ནས་གསུམ་པའི་བར་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་པ་རྒྱལ་མཚན་ལགས་གཉིས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་ཐད་ལ་གསུང་བཤད་གནང་འདུག
དེ་ལས་མང་བ། རྒྱལ་ཚོགས་སུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་གི་སྐོར་ལ་གཏམ་བཤད་གནང་འདུག

ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་ཡུ་རོབ་མི་མང་གི་ལས་འགུལ་ཆེན་མོ་དབུ་འཛུགས་གནང་འདུག
ཟླ་འདིའི་ཕྱི་ཚེས་གསུམ་གྱི་ཉིན་སུད་སིའི་ནང་ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་ཡུ་རོབ་མི་མང་གི་ལས་འགུལ་ཆེན་མོ་སྟེ་གསུམ་བཅུ་དུས་དྲན་ལྔ་བཅུ་ང་དགུ་བ་སྲུང་གཙི་གནང་འགོ་འཛུགས་འདུག
དེ་ལས་མང་བ། ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་ཡུ་རོབ་མི་མང་གི་ལས་འགུལ་ཆེན་མོ་དབུ་འཛུགས་གནང་འདུག

གསར་འགོད་གསལ་བསྒྲགས།
དེ་རིང་ཕྱི་ཚེས་བདུན་གྱི་སྔ་དྲོ་ས་གནས་ཆུ་ཚོད་༡༡ ནས་ཇི་ནི་ཝའི་Press Club ནང་དུ་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་འཚོགས་པར་ས་གནས་གསར་འགོད་པ་ཁག་ཅིག་མཉམ་ཞུགས་བྱས་ནས་དྲི་བ་དྲི་ལན་གནང་།

༄༅། རི་ཀོན་ཚོགས་ཆུང་ནས་བོད་ཀྱི་ལོ་གསར་དང་ཆོས་འཕྲུལ་དུས་ཆེན་སྲུང་བརྩི་ཞུས།
ཕྱི་ལོ་༢༠༡༨ ཟླ་བ་གཉིས་པའི་ཚེས་ ༢༤ སྟེ་བོད་རྒྱལ་ལོ་་༢༡༤༥་ས་ཁྱི་གནམ་ལོ་གསར་ཚེས་ ༡༠ ཉིན་རྒྱབ་ཚོུད་ ༡༥་༣༠ རི་ཀོན་ཆོས་འཁོར་དགོན་གྱི་དགེ་འདུན་པ་རྣམས་དང་ཡུ་རོབ་སྤྱི་འཐུས་དང་སྤྱི་འཟུར་རྣམས་པ། བུད་མེད་ཚོགས་པའི་ཚོགས་གཙོ། རི་ཀོན་ས་འཐུས་དང་རྒྱུན་ལས་རྣམས་པ་ཐུན་མོང་གིས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་འཁྲིར་གདན་དྲངས་།
དེ་ལས་མང་བ། ༄༅། རི་ཀོན་ཚོགས་ཆུང་ནས་བོད་ཀྱི་ལོ་གསར་དང་ཆོས་འཕྲུལ་དུས་ཆེན་སྲུང་བརྩི་ཞུས།

གསུམ་བཅུའི་དུས་དྲན་ཐེངས་ ༥༩ པའི་ལས་འགུལ་འགྲོའི་དབུ་ཚུགས་པ་།
གསུམ་བཅུའི་དུས་དྲན་ཐེངས་ ༥༩ པའི་ལས་འགུལ་ཆེན་མོའི་སྔོན་འགྲོའི་ལས་འགུལ་དེ་རིང་ཕྱི་ལོ་ ༢༠༡༨།༠༣།༠༧ ནས་དབུ་ཚུགས་པ་དང་དེ་ཡང་དེ་རིང་སྔ་དྲོ་ཚོུད་༠༩ ཐོག་རི་ཀོན་ཆོས་འཁོར་དགོན་དུ་མཁན་རིན་པོ་ཆེ་མཆོག་དབུས་པའི་དགོན་པའི་དགེ་འདུན་པ་རྣམས་དབུ་བཞུགས་ཐོག་ལས་འགུལ་ཆེན་མོར་བགེགས་དབང་བར་ཆད་མི་ཡོང་བར་ལམ་ལྷོང་ཚག་ཚུད་ཡོང་ཆེད་དཔལ་ལྡན་ལྷ་མོའི་བསྐང་གསོ་རྒྱས་པ་ཞིག་འབུལ་བ་དང་སྦྲགས་ལས་འགུལ་ཆེན་མོའི་སྔོན་འགྲོའི་ལས་འགུལ་ཉིན་དང་པོ་དབུ་འཛུགས་ཞུས།
དེ་ལས་མང་བ། གསུམ་བཅུའི་དུས་དྲན་ཐེངས་ ༥༩ པའི་ལས་འགུལ་འགྲོའི་དབུ་ཚུགས་པ་།

དཔྱ་ཁྲལ་ལག་དེབ་ནི་མ་དངུལ་བསྡུ་རྒྱུ་གཅིག་པོ་མིན་པར་སྒྲིག་འཛུགས་དང་མི་མང་གི་བར་དུ་འབྲེལ་བ་ཞིག་ཡིན་པར་ངོས་ལེན་བྱེད་ཀྱིན་ཡོད་ཟེར།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ངོ་དཔལ་འབྱོར་བཀའ་བློན་དང་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་བསྟན་པ་རྒྱལ་མཚན་ལགས་གཉིས་ཀྱི་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ལ་བཀའ་སློབ་གནང་བ།

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་བཅུ་བདུན་པའི་འཐུས་ཚོགས་ཀྱི་དམ་འབུལ་དང་ཚོགས་གཙོ་ཚོགས་གཞོན་འོས་འདེམས་གནང་སོང་།
ས་གནས་འོས་བསྡུའི་ལྷན་ཁང་གི་འགན་འཛིན་དང་དོན་གཅོད་སྐུ་ཚབ་དོན་གཅོད་གཅིག་ལྕོགས་གནང་བཞིན་པའི་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་དང་ས་གནས་ཁྲིམ་ཞིབ་པ་ཟླ་བ་ཚུལ་ཁྲིམས་ལགས་དེ་བཞིན་སུད་སི་དང་ལིག་ཏེནསིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གཞོན་གཉིས་མཉམ་ཞུགས་ཀྱི་ཐོག་གསར་དུ་འདེམས་ཐོན་བྱུང་བའི་ས་གནས་འཐུས་མི་རྣམས་ཛུ་རིག་མི་མང་གི་ཚོགས་ཁང་དུ་ཞོགས་པའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་སྟེང་མཉམ་འཛོམས་གནང་།