ཕྱི་ཟླ་ ༤ – ༢༠༡༨

བོད་སློབས་འགན་འཛིན་ཚོགས་འདུ་ཐེང་དང་པོ་ཚོགས།
སུད་སི་དང་ལིག་ཏེན་སིཊཡན་སྐབས་༡༧ པའི་བོད་སློབ་འགན་འཛིན་ལྷན་ཚོགས་ཚོགས་འདུ་ཚོགས་ཐེངས་དང་པོའི་ཐོག། སུད་སི་རྒྱ་ཡོངས་བོད་སློབ་སྤྱི་ཁྱབ་འགན་འཛིན་དང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཚོགས་གཞོན་རྣམ་པ་དབུ་བཞུགས་ཐོག།

འཐུས་མི་གསར་བ་གཉིས་ཀྱིས་དམ་འབུལ་ཞུས།
༢༠༡༨་༤་༧་ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ཚོགས་པའི་སྐབས་བཅུ་བདུན་པའི་ས་གནས་འཐུས་མིའི་ལོ་དུས་དང་པོའི་ཚོགས་ཐེངས་གཉིས་པའི་སྟེང་ཧོར་གྷན་ས་གནས་ཀྱི་འཐུས་མི་གསར་བ་བསྟན་འཛིན་དབང་འདུས་ལགས་དང་ཨུཛ་ནག་དང་ཝ་ཊ་ཝིལ་ས་གནས་ཀྱི་འཐུས་མི་གསར་བ་གཞི་ཁ་དངོས་གྲུབ་ལགས་གཉིས་

རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༧༦ པ་སྤེལ་འདུག
ཕྱི་ལོ ༢༠༡༨ ཟླ ༤ ཚེས ༡༡ ཉིན་སུད་སིར་གནས་བཞུགས་བོད་དོན་གདུང་སེམས་མཉམ་སྐྱེད་ལས་འགུལ་བ་རྣམས་ཀྱིས་སུད་སི་ཇི་ནེ་ཝ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༧༦ པ་སྤེལ་འདུག་པ་དང་། ལས་འགུལ་བ་རྣམས་ཀྱིས་བོད་དོན་འགྲེལ་བརྗོད་ཡིག་ཆ་གྲངས་ལྔ་བརྒྱ་ལྷག་འགྲེམ་སྤེལ་གནང་ཡོད་འདུག
དེ་ལས་མང་བ། རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༧༦ པ་སྤེལ་འདུག

༄༅། །ས་གནས་ཧོར་གྷན་བོད་རིགས་མིང་མང་གི་འཐུས་མི་དང་རྒྱུན་ལས་གསར་འདེམས།
ཟླ་བ་ ༤ ཚེས་ ༨་ཉིན་ས་གནས་ཧོར་གྷན་ཚོགས་ཆུང་གི་སྐབས་༡༧པའི་འཐུས་མི་གསར་རྙིང་གི་དབར་གྱི་རྩིས་ལེན་ཞུས་པ་དང་། ཚོགས་ཆུང་ནས་འོས་འདེམས་བྱུང་བས་མི་འཐུས་དང་པོ་མཚམས་མདའ་ནོར་བུ་ལགས་སུད་སི་དང་ལེཊ་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོར་འདམས་ཐོན་བྱུང་གཏན།
དེ་ལས་མང་བ། ༄༅། །ས་གནས་ཧོར་གྷན་བོད་རིགས་མིང་མང་གི་འཐུས་མི་དང་རྒྱུན་ལས་གསར་འདེམས།