ཕྱི་ཟླ་ ༡༡ – ༢༠༡༨
ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༡ ཚེས་ ༢༤ ཉིན་སུད་སི་ས་གནས་སྦ་སལ་ཚོགས་ཆུང་གི་ཕྱི་ལོ་༢༠༡༨ལོའི་མི་མང་ལོ་འཁོར་ཚོགས་འདུ་དང་། རྒྱལ་བའི་ཞབས་བརྟན། བསྔོ་སྨོན་ཞལ་འདོན་སོགས་གནང་བའི་གནས་བསྡུས།
ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༡ ཚེས་ ༢༤ ཉིན་སུད་སི་ས་གནས་སྦ་སལ་ཚོགས་ཆུང་གི་ཕྱི་ལོ་༢༠༡༨ལོའི་མི་མང་ལོ་འཁོར་ཚོགས་འདུ་དང་། རྒྱལ་བའི་ཞབས་བརྟན། བསྔོ་སྨོན་ཞལ་འདོན་སོགས་གནང་བའི་གནས་བསྡུས།
ན་གཞོན་རྡོ་པོ་ལགས་ཀྱིས་རང་ལུས་མེར་སྲེག་གནང་བར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ།
ཟླ་འདིའི་ཚེས་ ༤ ཉིན་བོད་རྔ་བ་རྫོང་ནང་སླར་ཡང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་མི་འདོད་པའི་ཞུ་འབོད་སླད། རང་ལོ་ ༢༣ སོན་པའི་གཞོན་སྐྱེས་རྡོ་པོ་ལགས་ཀྱིས་བོད་བསྟན་སྲིད་ཀྱི་དོན་དུ་གཅེས་པའི་ལུས་སྲོག་ཡོངས་རྫོགས་བློས་བཏང་གིས་རང་གི་ལུས་པོ་མེར་སྲེག
དེ་ལས་མང་བ། ན་གཞོན་རྡོ་པོ་ལགས་ཀྱིས་རང་ལུས་མེར་སྲེག་གནང་བར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ།

ས་གནས་རི་ཀོན་དུ་སུད་སི་རྒྱལ་ཁབ་དང་མི་མང་ལ་བཀའ་དྲིན་རྗེས་དྲན་ཆེད་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་འཚོགས།
ས་གནས་རི་ཀོན་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ པའི་ཚེས་ ༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ལྔ་པའི་ཐོག་ས་གནས་རི་ཀོན་དང་དེའི་ཉེ་འབྲེལ་གྲོང་ཁྱེར་ཝིན་ཊར་ཐུར་དང་། ས་གནས་ཛེལ། ཐུར་བིན་ཐར་བཅས་ནས་བོད་དང་བོད་མིར་རྒྱབ་སྐྱོར་གནང་མཁན་ཡུལ་མི་སུམ་ཅུ་སོ་གྲངས་ཤིག་གདན་ཞུས་བཀྲིན་རྗེས་དྲན་གྱི་མཛད་སྒོ་སྟབས་བདེ་ཞིག་འཚོགས།