ཕྱི་ཟླ་ ༡༢ – ༢༠༡༨

ཚེ་འདས་ཨེམ་ཆི་བསྟན་འཛིན་ནོར་བུ་ལགས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་འཚོགས།
ཟླ་འདིའི་ཚེས་༡༦ ཉིན་སུད་སི་རུ་ཡོད་པའི་རི་ཀོན་ཆོས་འཁོར་དགོན་དུ་ཚེ་འདས་ཨེམ་ཆི་བསྟན་འཛིན་ནོར་བུ་དམ་པ་དེ་ཉིད་དགོངས་པ་རྫོགས་ནས་ཞག་ཞེ་དགུ་འཁོར་བའི་མཆོད་འབུལ་སྨོན་ལམ་འཚོགས། ཟླ་འདིའི་ཚེས་༡༦ ཉིན་སུད་སི་རུ་ཡོད་པའི་རི་ཀོན་ཆོས་འཁོར་དགོན་དུ་ཚེ་འདས་ཨེམ་ཆི་བསྟན་འཛིན་ནོར་བུ་དམ་པ་དེ་ཉིད་དགོངས་པ་རྫོགས་ནས་ཞག་ཞེ་དགུ་འཁོར་བའི་མཆོད་འབུལ་སྨོན་ལམ་འཚོགས།
དེ་ལས་མང་བ། ཚེ་འདས་ཨེམ་ཆི་བསྟན་འཛིན་ནོར་བུ་ལགས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་འཚོགས།

སུད་སིར་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་རྒྱལ་ཚོགས་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ།
༢༠༡༨ ལོའི་ཟླ་༡༢ ཚེས་༡༠ རེས་གཟའ་ཟླ་བའི་ཉིན་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་ཞུ་གཏུག་ལས་འགུལ་སྤེལ།
དེ་ལས་མང་བ། སུད་སིར་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་རྒྱལ་ཚོགས་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ།

སུད་སིར་ནོར་པེ་ཞི་བདེ་གཟེངས་རྟགས་དུས་དྲན་ཐེངས་༢༩བ་སྲུང་བརྩི་ཞུས།
སྤྱི་ལོ་༢༠༡༨ལོའི་ཟླ་༡༢ཚེས་༨ཉིན་གྱི་ཉིན་གུང་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀའི་སྟེང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་༧གོང་ས་མཆོག་གིས་ནོར་པེ་ཞི་བདེ་གཟེངས་རྟགས་བཞེས་ནས་ལོ་ངོ་ཉེར་དགུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།དུས་དྲན་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་དང་དེ་བཞིན་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་དང་ཟམ་མདོ་བྱམས་པ་ཚེ་རིང་ལགས།
དེ་ལས་མང་བ། སུད་སིར་ནོར་པེ་ཞི་བདེ་གཟེངས་རྟགས་དུས་དྲན་ཐེངས་༢༩བ་སྲུང་བརྩི་ཞུས།

སུད་སི་དང་ལིག་ཏེན་སིཊན་བོད་རིགས་མི་མང་གི་འཐུས་མིའི་ཚོགས་འདུ་དང་དང་བླངས་དཔྱ་ཁྲལ་སྐོར་གྱི་ཟབ་སྦྱོང་།
ཟླ་འདིའི་ཕྱི་ཚེས་གཅིག་ཉིན་ཙོ་རུག་ས་གནས་སུ་སུད་སི་དང་ལིག་ཏེན་སིཊན་བོད་རིགས་མི་མང་གི་འཐུས་མིའི་ཚོགས་འདུ་འཚོགས་དང་ཚོགས་ཐོག་ཏུ་ཚོགས་གཙོ་ཚོགས་གཞོན་གཙོས་ས་གནས་འཐུས་མི་ཁག་ཕེབས་ཡོད་པ་དང་།