ཕྱི་ཟླ་ ༢ ༢༠༡༩

སུད་སི་མི་མང་གསར་འཕྲིན་ཚགས་ཤོག་འགྲེམ་སྤེལ་བྱས་ནས་ལོ་༢༥ ལྷག་ཕྱིན་པ།

༢༠༡༩ ཟླ་ ༢ ཚེས་ ༡༠ ཉིན་སུད་སི་གྲོང་ཁྱེར་ཛུ་རིག་གི་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་ཚོགས་ཁང་ནང་དུ། སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གསར་འཕྲིན་དབུ་ཚུགས་ནས་མི་ལོ་༢༥་ལྷག་དང་།ཚོགས་ཤོག་འདོན་ཐེངས་༡༠༠ལོན་པར་ཆེད་དུ་བགྲོ་གླེང་མཛད་རིམ་ཞིག་གོ་སྒྲིག་ཞུས་སོང་།།

དེ་ལས་མང་བ།

རི་ཁོན་ཆོས་འཁོར་དགོན་དུ་བོད་ས་ཕག་ལོའི་ལོ་སར་མཛད་རིམ་ལེགས་གྲུབ་བྱུང་།

༢༠༡༩ ཟླ ༢ ཚེས་༥་དང་། བོད་ཟླ་དང་པོའི་ཚེས་གཅིག་སྟེ་བོད་ས་ཕག་ལོའི་ལོ་སར་ཚེས་གཅིག་ཉིན། སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་དང་རི་ཁོན་ཆོས་འཁོར་དགོན་གཉིས་ཀྱི་མཉམ་རུབ་གོ་སྒྲིག་འོག་སུད་སི་ས་གནས་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག་ལོ་སར་དགའ་འཛོམས་དང་། ཞབས་རིམ་བསྔོ་སྨོན་སོགས་ལེགས་གྲུབ་བྱུང་ཡོད་འདུག

དེ་ལས་མང་བ།

༠༢།༠༢།༢༠༡༩ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་བཅུ་བདུན་པའི་ལོ་དུས་དང་པོའི་

༠༢།༠༢།༢༠༡༩ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་བཅུ་བདུན་པའི་ལོ་དུས་དང་པོའི་ས་གནས་འཐུས་ཚོགས་ཀྱི་ཚོགས་ཐེངས་གཉིས་པའི་ཚོགས་འདུ་ཛུ་རིག་བོད་རིགས་མི་མང་ཚོགས་ཁང་དུ་ཚོགས་ཡོད་པ་རེད། གསོལ་ཇ་དང་འབྲས་སིལ་རྗེས་བོད་རྒྱལ་ཁབས་ཆེན་པོའི་རྒྱལ་གླུ་དང་རྒྱལ་གཅེས་དཔའ་དཔའ་མོ་འདས་གྲོང་སོང་བ་རྣམས་ཀྱི་ཆེད་དུ་མྱ་ངན་ངག་བཅད་སྐར་མ་གཅིག་གནང་།ཚོགས་འདུ་གྲོས་གཞི་གྲོས་འཆར་གསུམ་ཐོག་ཐག་ཆོད་གནང་ཡོད་པ་རེད། གསར་འགོད་པ་ ཚེ་རིང།

དེ་ལས་མང་བ།