ཕྱི་ཟླ་ ༥ – ༢༠༡༩

ཚོགས་ཆུང་ཤྭ་ཧྥའོ་སེན་མི་མང་ནས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་གཟེངས་རྟགས་ཤིག་ཕུལ།
ཕྱི་ལོ་༢༠༡༩ ཟླ་༥ པའི་ཚེས་༢༦ རེ་བཟའ་ཉི་མའི་ཉིན་སུད་སི་ས་གནས་བོད་རིགས་ཚོགས་ཆུང་ས་གནས་ཤྭ་ཧྥའོ་སེན་མི་མང་ནས་སྐུའི་གཅུང་མོ་ལྷ་ལྕམ་སྐུ་ཞབས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་སྐུ་ཚེ་ཧྲིལ་པོ་བོད་རིགས་མི་རིགས་ཀྱི་ཆེད་དུ་སྐུ་ངལ་འཛེམས་མེད་གནང་བ་བཅས་ལ་ཐུགས་རྗེ་ཞེས་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད།
དེ་ལས་མང་བ། ཚོགས་ཆུང་ཤྭ་ཧྥའོ་སེན་མི་མང་ནས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་གཟེངས་རྟགས་ཤིག་ཕུལ།

སུད་སི་མདོ་སྨད་གསེར་གྱི་གཟེངས་རྟགས་ཐེངས་གསུམ་པ་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་དངོས་སུ་ཕུལ།
སྤྱི་ལོ་ ༢༠༡༩ ལོའི ་ཟླ་ ༥ཚེས་ ༡༨ཉིན

ཨར་གྷའོ་བོད་སློབ་ཏུ་ཤེས་རིག་དྲུང་ཆེའི་གཟིགས་སྐོར།
༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་སྐུ་ངོ་ཀརྨ་སེང་གེ་མཆོག་དང་ཕྱག་རོགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་སྐུ་ངོ་བསྟན་འཛིན་རྡོར་རྗེ་མཆོག་རྣམ་གཉིས་ད་ལམ་གཞུང་འབྲེལ་ཕྱོགས་བསྐྱོད་དང་སྟབས་བསྟུན་སུད་སི་བོད་སློབ་ཁག་ཏུ་གཟིགས་ཞིབ་ཀྱི་མཛད་རིམ
དེ་ལས་མང་བ། ཨར་གྷའོ་བོད་སློབ་ཏུ་ཤེས་རིག་དྲུང་ཆེའི་གཟིགས་སྐོར།
མི་མང་ནས་ཚོཊ་ཁང་མི་དགོས་ཞེས་འོས་འཕེན་འདུག
དྷོ་ལེ་ཀེན་དུ་ཡོད་པའི་ཚོཊ་ཁང་དེ་མི་མང་ནས་སྤྱི་ཁང་དུ་མི་དགོས་ཞེས་འོས་འཕེན་ནས་ཐག་གཅོད་གནང་འདུག

ནང་ཆོས་ཀྱི་གཟབ་སྦྱོང་།
རི་ཀོན་ཆོས་འཁོར་དགོན་དང་ཨར་གྷའོ་བོད་སློབ་དང་རིག་གཞུང་སྡེ་ཚན་ཐུན་མོང་ནས་རི་ཀོན་ཆོས་འཁོར་དགོན་དུ་ཨར་གྷའོ་ས་གནས་བོད་སློབ་ཀྱི་སློབ་ཕྲུག་དང་ཕ་མ་རྣམ་པར་ནང་ཆོས་ཀྱི་གཟབ་སྦྱོང་ཞིག་གོ་སྒྲིག་ཞུས་པའི་གནས་ཚུལ།

ལུ་རྫན་ས་གནས་བོད་རིགས་ནས་ཞབས་རིམ་ཁག་ལེགས་པར་བསྒྲུབས་པའི་གནས་ཚུལ།
༄། །བོད་རྒྱལ་ལོ་༢༡༤༦ དབོ་ཟླ་བ་ཚེས་ ༢༤ དང་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༨ རེས་གཟའ་ཉི་མའི་ཉིན། ཡོ་རོབ་སུད་སི། ལུ་རྫན་ས་གནས་བོད་རིགས་ཚོགས་ཆུང་གིས་གོ་སྒྲིག་འོག། ༧རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་ཀྱི་ཞབས་རིམ་ཁག་ལེགས་པར་བསྒྲུབས་པའི་གནས་ཚུལ།
དེ་ལས་མང་བ། ལུ་རྫན་ས་གནས་བོད་རིགས་ནས་ཞབས་རིམ་ཁག་ལེགས་པར་བསྒྲུབས་པའི་གནས་ཚུལ།