ཕྱི་ཟླ་ ༩ ༢༠༡༩

ཨར་གྷའོ་བོད་སློབ་ཏུ་བདེན་བཞི་ཆོས་འཁོར།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༩ རེས་གཟའ་ཉི་མའི་ཞོགས་པ་ཕྱག་ཚོད་ ༡༠ ནས་ ༡༢།༣༠ བར་ས་གནས་ཨར་གྷའོ་བོད་སློབ་ཏུ་ཐེངས་དང་པོར་ནང་ཆོས་འཛིན་གྲྭ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་།

དེ་ལས་མང་བ།

ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་བཙུགས་ནས་མི་ལོ་ཧྲིལ་པོ་༤༠འཁོར་བའི་དུས་དྲན།

དེ་ཡང་སྤྱི་ལོ་༢༠༡༩ ཟླ་ ཚེས་ ༢༡ ཉིན་སུད་ཡུ་རོབ་སུད་སི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་བཙུགས་ནས་མི་ལོ་ཧྲིལ་པོ་ ༤༠ འོར་བའི་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུས་སོང་། ཐེངས་འདིའི་སྐུ་མགྲོན་གཙོ་བོ་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྤྱི་ཁྱབ་ཚོགས་གཙོ་གླིང་ཚང་ཚེ་རྡོར་མཆོག དམིགས་བསལ་སྐུ་མགྲོན་སློབ་དཔོན་ཆེན་མོ། ཁེ་རོ་ལེ་མཆོག

དེ་ལས་མང་བ།

སུད་སི་ཇེ་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་འབོད་དང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ།

སུད་སི་ཇེ་ནི་ཝར་་མཉམ་འབྲེལ་རྒྱལ་ཚོགས་མདུན་བོད་མི་མང་བརྒྱ་ལྷག་འཛོམས་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་འབོད་དང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང།

དེ་ལས་མང་བ།

སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་མི་མང་ལྷན་འཛོམས་གྱི་དུས་ཆེན་སྲུང་བརྩི་གནང་།

༄༅། ། སྤྱི་ལོ་ ༢༠༡༩ ལོའི་ཟླ་ ༩ ཚེས་ ༡༤ ཉིན་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་གོ་སྒྲིག་འོག་ས་གནས་མི་མང་ལྷན་འཛོམས་ཀྱི་དུས་ཆེན་སྲུང་བརྩི་ཐེངས་ ༣༢ པ་དེ་བཞིན་རི་ཀོན་སློབ་གྲྭའི་ཚོགས་ཁང་ནང་སྐོང་ཚོགས་གནང་ཡོད་ཅིང་།

དེ་ལས་མང་བ།

བོད་ཀྱི་སྐོར་ངོ་སྤྲོད་དང་གླིང་ཁ།

དེ་རིང་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༨ ཉིན་ཨར་གྷའོ་བོད་སློབ་དང་རིག་གཞུང་སྡེ་ཚན་གྱིས་གོ་སྒྲིག་འོག་ཨར་གྷའོ་བོད་སློབ་ཏུ་ཞོགས་པ་ཕྱག་ཚོད་ ༡༠ ནས་ཕྱི་དྲོ་ཕྱག་ཚོད་ ༢ བར་ཕྱི་རྒྱལ་མི་རིགས་རྣམས་ལ་བོད་ཀྱི་རིག་གཞུང་དང་གོམས་གཤིས་ངོ་སྤྲོད་སླད་དགེ་རྒན་དང་ཕ་མ། སློབ་ཕྲུག་བཅས་ཚང་འཛོམས་ཐོག་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཏུ་འགྱུར་གནང་ཡོད།

དེ་ལས་མང་བ།

༄། །བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༥༩ འཁོར་བའི་དུས་དྲན་སྲུང་བརྩི་གནང་།

སུད་སི་ཛུ་རིག་རི་ཀོན་སློབ་གྲའི་ཚོགས་ཁང་དུ་མི་མང་ལྷན་འཛོམས་ཐོག་༧གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུས་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་བ་གནང་། ༧རྒྱལ་བའི་ཞབས་བརྟན་འུར་འདོན་ཞུས་པར་འབྲས་སིལ་གསོལ་ཇ་འདེགས་འབུལ་གནང་། མི་མང་ཟློས་གར་ནས་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་གནང་།

དེ་ལས་མང་བ།

དཔའ་བོ་བཀྲ་ཤིས་རྣམ་རྒྱལ་དྲན་རྟེན་ཆེད་རྐང་པོལ་འགྲན་སྡུར་ཐེངས་གཉིས་པ།

གྷ་རའོ་སྦུན་དྷེན་ (Graubünden) རྐང་རྩེད་པོ་ལོ་རུ་ཁག་ནས་ད་ལོ་སླར་ཡང་དཔའ་བོ་བཀྲ་ཤིས་རྣམ་རྒྱལ་དྲན་རྟེན་ཆེད་རྐང་པོལ་འགྲན་སྡུར་ཐེངས་གཉིས་པ་དེ་ས་གནས་ཁུར་ (Chur) དུ་ ༢༠༡༩ ཟླ་ ༨ ཚེས་ ༣༡ ཉིན་གྲྭ་སྒྲིག་ཞུས་ཡོད་པ་

དེ་ལས་མང་བ།