ཕྱི་ཟླ་ ༡༢ ༢༠༡༩

 སུད་སི་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ལ་དམིགས་བསལ་བཅར་འདྲི།

དྲི་བ།སྐུ་ཉིད་ཀྱིས་སུད་སི་བོད་རིགས་མི་མང་གི་ཚགས་ཤོག་མི་ལོ་༢༥རིང་འདོན་ཐེངས་༡༠༠ལོན་པར་བཀྲ་ཤིས་རྟེན་འབྲེལ་གྱི་ཤིས་ཚིག་འདྲ་གསུང་ཡ་ཡོད་དམ། བཀའ་ལན།གསར་འཕྲིན་འདི་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་འཛུགས་ཐུབ་པ་དང་མཇུགས་སྐྱོར་ལོ་༢༥ ལྷག་རིང་གནང་ཐུབ་པ་དེ་གཟི་བརྗོད་ཆེན་པོ་རེད་དྲན་གྱི་འདུག ག་རེ་རེད་ཟེར་ན། ལོ་༢༥ ཟེར་དུས་ལས་སླ་བོ་མ་རེད། འདི་འདྲའི་རིང་ལ་གསར་འཕྲིན་འགན་ཁུར་མཁན་ཚོ་དང་རྩོམ་སྒྲིག་ཚོགས་ཆུང་ནང་ལ་ཕྱག་ལས་གནང་མཁན་ཚོས་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་བའི་བཀའ་དྲིན་ལ་བརྟེན་ནས་ལོ་༢༥ རིང་གསར་འཕྲིན་མུ་མཐུད་ཚགས་ཤག་འདོན་གནང་ཐུབ་པ་མ་ཟད། ད་ལྟ་འདོན་ཐེངས་༡༠༠ ཐམ་སླེབས་པ་འདིའི་སྐབས་ཕྱག་ལས་གནང་མཁན་ཚང་མ་ལོ་བཀྲ་ཤིས་བདེ་ལེགས་དང་བསྔགས་བརྗོད་ཞུ་ཡ་ཡིན།

དེ་ལས་མང་བ།

སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་ནས་དྲུག་བརྒྱའི་རྗེས་དྲན་ནམ་དགའ་ལྡན་ལྔ་མཆོད་ཆེན་མོའི་མཆོད་འབུལ།

ཕྱི་ལོ་༢༠༡༩ཟླ་བ་༡༢ཚེས་༢༡ཉིན་སུད་སི་དང་ལེག་ཏེན་སི་ཊཡན་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་ནས་ལོ་ལྟར་སུད་སི་རི་ཁོན་ཆོས་འཁོར་དགོན་དུ་དགའ་ལྡན་མཆོད་ཆེན་མོའི་མཆོད་འབུལ་སོགས་གོ་སྒྲིགས་ཞུ་ཡི་ཡོད་པ་བཞིན། འདི་ལོ་ཡང་དམིགས་གསལ་རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོ་སྟེ་ལོ་དྲུག་བརྒྱའི་རྗེས་དྲན་མཆོད་འབུལ་གཟབ་རྒྱས་ཞིག་ཚོགས་གནང་སོང་།

 

དེ་ལས་མང་བ།

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་རྗེས་དྲན་དགའ་སྟོན་སྲུང་བརྩི་ཞུས།

༢༠༡༩ ཟླ་ ༡༢ ཚེས་ ༡༤ རེས་གཟའ་སྤེན་པའི་ཉིན། ས་གནས་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ཆེན་མོའི་ནང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་རྗེས་དྲན་རྟེན་འབྲེལ་དགའ་སྟོན་གྱི་མཛད་སྒོ་འཚོགས་ཤིང་། ཐོག་མར་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་དང་དགེ་འདུན་རྣམ་པ། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྐུ་ཚབ་དོན་གཅོད་སྐུ་ངོ་འཆི་མེད་རིག་འཛིན་མཆོག་དང་དོན་གཅོད་ལས་ཁང་གི་ལས་སྣེ་རྣམ་པ།

དེ་ལས་མང་བ།

སུད་སིའི་བོད་པ་སྐྱབས་བཅོལ་བའི་མི་རབས་གཉིས་པ་དང་། ས་གནས་གྲོས་ཚོགས་ཀྱི་འཐུས་མི་བོད་རིགས་ཐོག་མ་སྤོ་རོང་སྒྲོལ་དཀར་ལགས་སུ་བཅར་འདྲི།

ངའི་མིང་ལ་སྤོ་རོང་སྒྲོལ་དཀར་ཟེར།  ང་རང་༡༩༦༧ལོར་སྐྱེས་ཤིང་སུད་སི་ལན་ཌའི་བོད་པ་སྐྱབས་བཅོལ་བའི་ཕྲུ་གུ་ཆེས་ཐོག་མ་དེ་རེད། ངའི་ཨ་ཕའི་མཚན་ལ་སྤོ་རོང་ཀུན་བཟང་བྱམས་པ་དང་ཨ་མའི་མིང་ལ་ལོའུ་སེ་ཡ་བྷར་ཊོ་རྡ་ཊོ་ཟེར། ད་སྐབས་ང་ལ་བུ་མོ་བཞི་དང་བུ་གཅིག་ཚ་མོ་གཉིས་བཅས་ཡོད།

དེ་ལས་མང་བ།

བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་གྱི་ལས་བསྡོམས།

ཕྱི་ལོ་༢༠༡༡ཟླ་༡༡ཚེས་༩ཉིན་འགོ་འཛུགས་ཀྱིས་ཉིན་༡༣རིང་འབར་བཞིན་པའི་བོད་ཀྱི་ཆེད།སུད་སི་གྲོང་ཁྱེར་ལུ་རྫན་ནས་ཇི་ནེ་ཝ་རྒྱལ་ཚོགས་བར་ཁྱིམ་ཚང་གསུམ་གྱིས་བཀོད་སྒྲིག་འོག ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ནང་བོད་མི་བདུན་མཉམ་ཞུགས་གནང་སྟེ་ཐོག་མའི་ལས་    འགུལ་སྤེལ།

དེ་ལས་མང་བ།

འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་སུད་སི་ས་གནས་ཇི་ནི་ཝར་སྐད་འབོད་ལས་འགུལ་སྤེལ་བ།

ཕྱི་ལོ་༢༠༡༩་ཟླ་༡༢ ཕྱི་ཚེས་༡༠་རེས་གཟའ་མིག་དམར་ཉིན། འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སུད་སི་དང་ལིག་ཏིན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་བྱས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་རྒྱལ་ཚོགས་སུ་ཞུ་གཏུགས་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

དེ་ལས་མང་བ།

སུད་སི་རྒྱལ་ཁབ་འབྱོར་ཕྱུགས་ལྡན་པ་ཞིག་ཡོང་བའི་རྒྱུ་མཚན་གང་རེད།

སུད་སི་ནི་རང་བྱུང་གི་ཐོན་ཁུངས་གང་ཡང་མེད་པའི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་ནའང་། ལུང་པ་འདི་ནི་ཡུ་རོབ་ནང་ཤིན་ཏུ་འབྱོར་ཕྱུགས་ལྡན་པའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད།དེས་ན་ཇི་ལྟར་ལུང་པ་འདི་འབྱོར་ལྡན་རྒྱལ་ཁབ་ཅིག་ཏུ་གྱུར་པ་ཡིན་ནམ། དྲི་བ་འདིའི་ཆེད་དུ་སུད་སིའི་swissinfo ཡི་གསར་འགོད་པ་ཕེ་རེ་ཧྥི་རན་ཁོ་སི་( Pierre-François Besson) ལགས་ཀྱིས་ཛུ་རིག་( Zurich)  དང་སྦ་སལ་( Basel ) སློབ་ཆེན་གྱི་དཔལ་འབྱོར་ལོ་རྒྱུས་ཆེད་ལས་ཉམས་ཞིབ་པ་ ཐོ་བྷེ་ཡ་(Tobias Straumann)   ལགས་སུ་བཅར་འདྲི་གནང་བ་ཞིག་རྒྱལ་དམངས་དཔལ་འབྱོར་དུས་དེབ་ཐོག་བཀོད་ཏེ། ཁོང་གིས་སུད་སི་འབྱོར་ལྡན་རྒྱལ་ཁབ་འདི་ལྟ་བུ་ཞིག་ཆགས་པར་སུད་སིའི་ཁྱད་ཆོས་སྲུང་སྐྱོབ་དང་། སློབ་གསོ། རླུང་རྟ་རྒྱུགས་པ། ནོར་འཁྲུལ་ལྡོག་ཐབས་བཅས་རྒྱུ་རྐྱེན་སྣ་མང་འོག་བྱུང་བར་ངོས་འཛིན་གནང་ཡོད་པའི་སྐོར་དྲ་ཐོག་ནས་བསྒྱུར་བསྒྲིགས་ཞུས་ཡོད།

དེ་ལས་མང་བ།

མྱ་ངན་གུས་འདུད་དང་རྗེས་དྲན་མཆོད་འབུལ།

གློ་བུར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་སྟབས་ འདི་གར་སུད་སི་ཁུལ་དུ་གནས་སྡོད་ཁོང་གི་ཞལ་སློབ་ལྟོས་བཅས་ཡོངས་དང་ སུད་སི་དང་ལིག་ཏེན་སིཊཡན་བོད་རིག་མི་མང་ཀྱིས་ཁོང་དང་རྒྱལ་གཅེ་དཔའ་བོ་ཡོན་ཏན་ལགས་སུ་མྱ་ངན་གུས་འདུད་དང་རྗེས་དྲན་མཆོད་འབུལ

དེ་ལས་མང་བ།

རྒྱལ་གཅེས་དཔའ་བོ་ཡོན་ཏན་ལགས་ཀྱི་ཆེད་གདུང་སེམས་མཉམ་སྐྱེད་ལས་འགུལ་སྤེལ།

༢༠༡༩ ཟླ ༡༡ ཚེས་༣༠ ཉིན་སུད་སི་གྲོང་ཁྱེར་ཛུ་རིག་ནང་སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གི་གོ་སྒྲིག་འོག བོད་རྔ་བར་རྒྱལ་གཅེས་དཔའ་བོ་ཡོན་ཏན་ལགས་ཀྱིས་བོད་བསྟན་སྲིད་ཆེད་སྐུ་ལུས་མེར་སྲེག་གནང་བར་གདུང་སེམས་མཉམ་བསྐྱེད་དང་། བོད་རྫ་དཔོན་པོར་དགེ་འདུན་པ་བཞི་དང་མི་སྐྱ་གཞོན་སྐྱེས་གཉིས་ནས་བོད་རང་བཙན་སྐད་འབོད་གནང་བར་རྒྱ་གཞུང་གིས་འཛིན་བཟུང་བྱས་པར་ངོ་རྒོལ་སྐད་འབོད་ལས་འགུལ་ཞིག་གོ་སྒྲིག་གནང་སོང་།

དེ་ལས་མང་བ།