ཕྱི་ཟླ་ ༡༠ ༢༠༢༠

དཔའ་བོ་སྟག་སྣ་འཇིག་མེད་བཟང་པོ་དམ་པ་ཁོང་གི་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༥ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ནས་རི་ཀོན་ཆོས་འཁོར་དགོན་དུ་ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༤ བར་རྒྱལ་གཅེས་དཔའ་བོ་སྟག་སྣ་འཇིག་མེད་བཟང་པོ་དམ་པ་ཁོང་གི་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

དེ་ལས་མང་བ།

རྒྱལ་གཅེས་དཔའ་བོ་དམ་པ་སྟག་སྣ་འཇིག་མེད་བཟང་པོ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་་དང་མྱ་ངན་གུས་འདུད་ཞུས།

དེ་རིང་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༢ རེས་གཟའ་ཕུར་བུའི་ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་ཡོ་རོབ་སྐུ་ངོ་སྤྱི་འཐུས་རྣམས་པ་གཉིས། སྐུ་ངོ་དོན་བཅོད་མཆོག་དང་དོན་ཁང་གི་ལས་བྱེད་སྤྱི་ཟུར་རྣམ་པ་དང་ ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ་དེ་བཞིན་བོད་རིགས་མི་མང་གི་ས་འཐུས་ཀྱིས་གཙོས་བོད་རིགས་སྤུན་ཟླ་ ༡༠༠ ཡས་མས་ཕེབས

དེ་ལས་མང་བ།

གསར་འགོད་གསལ་བསྒྲགས།

བློ་བསྟན་རྣམ་གླིང་ལགས་ནས་ཉེ་ཆར་ངོ་དེབ་ཐོག་སུད་སི་བོད་རིགས་མི་མང་གི་འཐུས་མིའི་ནང་སོ་མྱུལ་གཉིས་ནས་གསུམ་ཡོད་རེད་ཅེས་ཚིག་ཐག་ཆོད་པོས་གསུངས་ཡོད་པར། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ནས་ལན་འདེབས་གསར་འགོད་གསལ་བསྒྲགས་གནང་བ།

དེ་ལས་མང་བ།

ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་འདས་གྲོངས་གྱུར་བ།

འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་སུད་སིའི་ས་གནས་ Turbenthal ཞེས་པའི་རྒས་གསོ་ཁང་དུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

དེ་ལས་མང་བ།

སུད་སི་ཛུ་རིག་རྒྱ་ནག་གཞུང་ཚབ་མདུན་དུ་ལས་འགུལ་སྤེལ་བ།

ཕྱི་ལོ་༢༠༢༠་ཟླ་ ༡༠ པའི་ཕྱི་ཚེས་ ༠༡ རེས་གཟའ་ཕུར་བུའི་དགོང་དྲོ། རྒྱལ་སྤྱིའི་ནང་རྒྱ་ནག་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་གྱི་ཡོད་པ་དང་བསྟུན། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་ཛུ་རིག་གྲོང་ཁྱེར་དུ་རྔམ་སྟོན་ཁྲོམ་སྐོར་ཞིག་གནང་སོང།

དེ་ལས་མང་བ།