ཕྱི་ཟླ་ ༡༢ ༢༠༢༠

ཕྱི་ལོ་༢༠༡༡ ནས་༢༠༢༠བར་གྱི་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་གྱི་ལས་བསྡོམས།

བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་བ་རྣམས་ཀྱིས་ཕྱི་ལོ་ ༢༠༡༡ ནས་ ༢༠༢༠ ཟླ་ ༡༢ ཚེས་ ༩ བར་ཁྱོན་བསྡོམས་ལས་འགུལ་འདྲ་མིན་ ༡༢༥ སྤེལ་ཡོད། ཕྱི་ལོ ༢༠༡༩ ནང་ལས་འགུལ་ལ་མཉམ་ཞུགས་དང་རྒྱབ་སྐྱོར་ཆེད་བཅར་གནང་མཁན་ ༢༤ དང་༢༠༢༠ ནང་ཁྱོན་མི་གྲངས་ ༣༠ ལྷག་བྱུང་འདུག

དེ་ལས་མང་བ།

༧གོང་ས་ ༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༡ ཧྲིལ་པོ་འཁོར་བའི་དུས་དྲན་ཞུས་།

ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༢ རེས་གཟའ་སྤེན་པའི་ཉིན་སུད་སི་དང་ལིག་ཏེནསིཊཡན་བོད་རིགས་མི་མང་ནས་རི་ཀོན་ཆོས་འཁོར་དགོན་དུ་སྤྱི་ནོར་༧གོང་ས་ ༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༡ ཧྲིལ་པོ་འཁོར་བའི་དུས་དྲན་དང་། ༧གོང་ས་ ༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་སྲུང་གརྩི་ཞུས།

དེ་ལས་མང་བ།

འགྲོ་བ་མིའི་ཐོབ་ཐང་ཉིན་སུད་སི་རྒྱལ་ས་སྦན་དུ་ཡང་ལས་འགུལ་སྤེལ་བ།

ཕྱི་ལོ་༢༠༢༠ ཟླ་༡༢ པའི་ཕྱི་ཚེས་༡༠ རེས་བཟའ་ཕུར་བུ་ཉིན་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་འཇིག་ཉན་ཆེ་བའི་མི་རིགས་སྲུང་སྐྱོབ་ཚོགས་པ་དང་ ས་གནས་སྦན་དུ་གནས་སྡོད་བོད་རིགས་སྤུན་ཟླ་ ཤར་ཏུ་ཀིའི་སིཊན་ཆབ་སྲིད་བཙོན་ཟུར་བ་མཉམ་ཞུགས་ཐོག་སུད་སི་གྲོས་ཚོགས་ནས་བོད་དོན་རྒྱབ་སྐྱོར་བ་སྐུ་ལྕམ་ལིའི་ཟ་ལགས་ཕྱོགས་ཕེབས་ཀྱི་གསུང་གཤད

དེ་ལས་མང་བ།

འགྲོ་བ་མིའི་ཐོབ་ཐང་ཉིན་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་ལས་འགུལ་སྦེལ་བ།

ཕྱི་ལོ་༢༠༢༠ ཟླ་༡༢ པའི་ཕྱི་ཚེས་༡༠ རེས་བཟའ་ཕུར་བུ་ཉིན་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་སུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ཞུ་གཏུག་དང་ངོ་རྒོལ་སྐད་འབོད་ལས་འགུལ་སྤེལ་གནང་སོང།

དེ་ལས་མང་བ།