ཕྱི་ཟླ་ ༡ ༢༠༢༡

སྐབས་ ༡༨ པའི་ས་འཐུས་དངོས་གཞི་འོས་ཕྱི་ལོ་ ༢༠༢༡ ཟླ་ ༠༡ ཚེས་ ༣༠ ཉིན་འཕེན་ཡོད་པ་རེད

ཕྱི་ལོ་ ༢༠༢༡ ཟླ་ ༠༡ ཚེས་ ༣༠ ཉིན་སུད་སི་དང་ལིགཏེནསིཊཡན་བོད་རིགས་མི་མང་གི་ཁྱབ་ཁོང་སྐབས་ ༡༨ པའི་ས་འཐུས་དངོས་གཞི་འོས་འཕེན་གྱི་ཡོད་པ་རེད།

དེ་ལས་མང་བ།

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་མིའི་སྔོན་འགྲོའི་འོས་བསྡུ་དྲ་ལམ་བརྒྱུད་ནས་གནངས་སོང་།

ཕྱི་ལོ་ ༢༠༢༡ ཟླ་ ༠༡ ཚེས་ ༢༣ དེ་རིང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ས་འཐུས་སྐབས་ ༡༨ པའི་སྔོན་འགྲོའི་འོས་བསྡུ་དེ་བཞིན་ ཏོག་དབྱིབས་ནད་དུག་གི་རྐྱེན་པས་སྲིད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་ཁྱབ་གཞིར་བཟུང་ མི་མང་ཚང་འཛོམས་ཀྱིས་གནང་ཐབས་མེད་སྟབས་ དྲ་ལམ་བརྒྱུད་མ་གནང་ཀ་མེད་བྱུང་།

དེ་ལས་མང་བ།

ཞུ་སྙན། སུད་སིར་འབྱོར་ནས་ལོ་མང་སོང་བའི་བོད་མི་སྐྱབས་བཅོལ་ཞུ་མཁན་ལ་གཞུང་གིས་འགྲོ་བ་མིའི་བདེ་རྡུག་གི་དཀའ་ངལ་སེལ་ཐབས་གནང་དགོས།

སུད་སིའི་སྐྱབས་བཅོལ་བའི་སྒྲིག་ཁྲིམས་ལ་བསྐྱར་བཅོས་ཟིན་ནས་ལོ་གཉིས་ཙམ་སོང་། བསྐྱར་བཅོས་ཁྲིམས་གསར་དེའང་སྟབས་བདེ་རུ་བཏང་ཡོད། སྐྱབས་བཅོལ་བའི་སྒྲིག་ཁྲིམས་རྙིང་པའི་འོག་ནས། བོད་མི་ ༣༠༠ ལྷག་ལ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་བོད་ས་གནས་གང་ནས་ཡིན་མེན་གྱི་ཡིག་ཆ་ཁུངས་སྐྱེལ་དང་།

དེ་ལས་མང་བ།

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྐབས་ ༡༨ པའི་འཐུས་མི་གསར་འདེམ་གནང་རྒྱུ།

ཕྱི་ལོ་ ༢༠༢༡ ཟླ་ ༠༡ ཚེས་ ༣༠ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྐབས་ ༡༨ པའི་འཐུས་མི་གསར་འདེམ་གནང་རྒྱུ་དང་། དེ་ཡང་རྒྱུན་ལྡན་ལྟར་ན་འཐུས་མི་གསར་འདེམས་སྐབས་སྔོན་འགྲོ་དང་དངོས་གཞི་གཉིས་ཉིན་གཅིག་ནང་གནང་སྲོལ་ཡོད་ཀྱང་། ད་ལོའི་ནད་ཡམས་ཀྱི་རྐྱེན་པས་ཉིན་གཅིག་ནང་གནང་ཐུབ་ཀྱི་མེད་པ་རེད་།

དེ་ལས་མང་བ།

སུད་སིའི་ས་གནས་ཁག་གི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་དེབ་སྐྱེལ་གནང་མཁན་དང་འོས་བླུག་མཁན་གྱི་གྲངས་ཐོ།

སུད་སུ་རྒྱལ་ཡོངས་སུ་གནས་བཞུགས་བོད་མི་ཡོངས་ཀྱིས་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་བདེ་ལེགས་ངང་མཇུག་གྲུབ་ཟིན་པ་དང་། ཐེངས་འདིའི་འོས་བསྡུ་ཁྲོད་སུད་སུ་ནང་ཁྱོན་བོད་མི་༣༣༩༦འོས་བསྡུའི་དེབ་བ་སྐྱེལ་གནང་ཡོད་པ་དང་། དེའི་ཁྲོད་ཆ་ཤས་དངོས་སུ་བླངས་འོས་བླུག་མཁན་མི་གྲངས༣༡༧༡ཙམ་བྱུང་འདུག 

དེ་ལས་མང་བ།

སུད་སི་གཙོས་ཡོ་རོབ་ཁུལ་ནང་༢༠༢༡ ལོའི་བོད་ཀྱི་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུ་གནང་།

དེ་རིང་ཕྱི་ཚེས་༣ ཉིན་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མི་འདུས་སྡོད་ཁག་ནང་༢༠༢༡ ལོའི་བོད་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་སྔོན་འགྲོ་འོས་བསྡུ་གནང་བཞིན་པ་ལྟར། ཡོ་རོབ་སུད་སི་དང་། ཧྥ་རན་སི། ཨི་ཊ་ལི། འཇར་མན། བྷེལ་ཇམ་བཅས་བོད་རིགས་འདུས་སྡོད་ཁག་ནང་༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ཉིན་བརྒྱ་དུས་གཅིག་ལ་གནང་ཡོད་འདུག

དེ་ལས་མང་བ།