སུད་སི་ས་གནས་རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་རྒྱུན་ལས་ཐོུང་ནས་གསལ་བསྒྲགས།

༈    མཁྱེན་རྒྱ་ཡངས་ཤིང།  ཐུགས་བརྩེ་མཚུངས་མེད་སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་གི་དྲ་རྒྱ་གསན་གཟིགས་གནང་མི་ལྷན་རྒྱས་མཆོག་གི་༧ཞབས་༧དྲུང་དེུད།

ཆེད་འབུལ།     

སུད་སི་ས་གནས་རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་རྒྱུན་ལས་ཐོུང་ནས་ཞུ་གསོལ། ༢༠༢༤ ཕྱི་ཟླ་ ༩ ཚེས་ ༡༦ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དབུ་མའི་ལམ་ཚོགས་ཆེན་ཐོག་བཅར་བས་ཚོགས་མི་ཡོངས་ལ་དམིགས་བསལ་གཟིམ་ཆུང་མཇལ་ཁ་སྐབས་བཀའ་སློབ་བཀྲིན་བསྩལ་དོན་གཙོ་བོར། ༡༩༧༨ ཙམ་ནས་དབུ་མའི་ལམ་གྱི་སྐོར་དགོངས་པ་ཟབ་བཞེས་གནང་མུས་ལ་ཚང་མས་མུ་མཐུད་ཧུར་སྐྱེད་དམ་གཟབ་དགོས་གལ་ཕེབས་པ་བཅས་ལ་སོང། འདི་གའི་སྒྲིག་འཛུགས་ཀྱི་ཚོགས་མི་རྣམས་ནས་དེ་དོན་གང་ཐུབ་ཞུ་ཐབས་ཞུ་བཞིན་ཡོད།

༢༠༢༥ ཕྱི་ཟླ་ ༢ ཚེས་ ༡༥ རེས་གཟའ་སྤེན་པ་སྔ་དྲོ་ཚོུད་ ༡༠/༠༠ ནས་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་འཚོག་ཞུ་ཡི་ཡོད་ལ། ན་གཞོན་མི་གྲངས་ ༢༥ ཙམ་མགྲོན་འབོད་ཞུ་ཡི་ཡོད་ན་ཐུགས་སྣང་དོན་གཉེར་ཡོད་པ་རྣམས་ནས་གཤམ་གསལ་ཐོག་འབྲེལ་ལམ་གནང་སྐྱོངས་ཅི་ནས་ཡོང་བ་ཞུ་རྒྱུ་དང་། ཕྱི་ཟླ་ ༢ ཚེས་ ༥ རྒྱང་མེད་འབྲེལ་བ་གནང་སྐྱོངས་དང་དེས་རྗེས་ངོས་ལེན་ཞུ་རྒྱུ་མིན་པའི་དེ་དོན་དགོངས་བཞེས་གནང་རོགས་ཞུ་རྒྱུ་ཡིན།  བརྗོད་གཞི་དབུ་མའི་ལམ་དང་རང་བཙན་སྐོར་བཅས་ལ་དམིགས་བསལ་བཀའ་སློབ་གནང་མི་གདན་ཞུས་ཀྱིས་གསུང་བཤད་གནང་རྗེས་ཚོགས་མི་རྣམས་ནས་བཀའ་དྲི་ཞུ་རྒྱུའི་གོ་སྐབས་ཡོང་རྒྱུ་བཅས་དེ་དོན་དགོངས་འཇགས་ཞུ།

བགྲོ་གླེང་ཚོགས་འདུར་ཞུགས་འདོད་ཡོད་ན།  སུད་སི་ས་གནས་རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་ཚོགས་གཙོ་སྒོ་སྤེ་ཡོན་ཏན་དང། ཚོགས་གཞོན་དགོན་གསར་ཨོ་གཞུག་འཚོ་སུ་བྱུང་ལ་འབྲེལ་བ་གནང་རོགས་ཐུགས་རྗེ་ཆེ། མཁྱེན་རྟོགས་ཆེད་སྔོན་བརྡ་གསལ་བསྒྲགས་སུ། སུད་སི་ས་གནས་རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་རྒྱུན་ལས་ཐོུང་ནས་གུས་བཏུད་འཚམས་འདྲི་བཅས། ༢༠༢༥ ཕྱི་ཟླ་ ༡ ཚེས་ ༡༥  ཉིན།

ཕུལ།།    །།

ཚོགས་གཙོ།   Gope Yonten, Tel. 076/560 69 83
བདེ་སྐྱིད་ར་རྫ་ཚང་།  Dieckie Razatsang Tel. +41 76 468 95 98
ཚོགས་ཡུལ་སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་ལས་ཁུངས།

ཕྱིར་ལོག

མ་འོང་མཛད་རིམ་ཁག

༢༠༢༥༠༢༢༤ ༔ ཟླ་བ་

༢༠༢༥༠༣༡༠ ༔ ཟླ་བ་

༢༠༢༥༠༣༡༠ ༔ ཟླ་བ་

དམར་རྟགས་ཅན་རྣམས་སྒེར་གྱི་མཛད་རིམ་རེད།