༄༅།། བོད་ནང་མཉམ་འབྲིལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཞིབ་འཇུག་ཚོགས་པ་ཞོག་ངེས་གཏོང་དགོས་པ་འབོད་བསྐུལ་ལས་འགུལ་ཐེང་༧ བདུན་པའི་བརྗོད་གཞི་ནི་བོད་ཀྱི་བུ་མེད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་།

ཆོས་དད་རང་མོས་ སྨྲ་བརྗོད་རང་དབང་དང་འགྲོ་སྡོད་རང་དབང་དང་ལྷག་པར་ཉེ་ཆར་ཨ་མདོ་སྔ་བ་དང་རྟའོ་རྫོང་སོགས་ཀྱི་བོད་ཀྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་རང་ལུས་བོད་བསྟན་པ་ཆབ་སྲིད་དོན་སྐུ་ལུས་མེར་བསྲེགས་ཕུལ་མཁན་ཚོའི་ཆེད་སུད་སི་དང་ལེཀ་ཏེན་སྤྲཡན་བོད་རིགས་མི་མང་གི་ལོ་གཉིས་ཀྱི་ལས་འཆར་ཚོགས་ཆུང་ཆ་བགོས་བཞིན་ ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༡༡ ཚེས་ ༢༨ རེ་བཟའ་ཟླ་བ་ཉིན་ཞོག་པ་ཆུ་ཚོད་ ༡༡ ནས་ དགོང་དྲོ་ཆུ་ཚོད་ ༡༦ བར་རྗི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་མདུན་ས་གནས་ཚོགས་ཆུང་ཕོལ་ཀསི་ཝིལ་ དང་ཨོད་ཏི་ཝིལ་ཨམ་དང་རུས་ཏི་གསུམ་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ།
ལས་འགུལ་དུ་མཉམ་བཞུགས་པ་ཕོ་མོ་གྲངས་ ༥༠ ཙམ་ནས་འཚེ་མེད་ཞི་བའི་ཐོག་ནས་རྒྱ་དམར་གཞུང་ནས་བོད་དུ་བུ་མེད་རྣམས་ལ་བཙན་དབང་གི་སྐྱེ་སྒོ་བཀག་པ་ ཕྲུ་གུ་མངལ་ནས་འདོན་པ་དང་གྲོང་གསེབ་ཁག་གི་བུ་མོ་མགོ་སྐོར་བསླུ་འཁྲིད་ཀྱིས་སྨད་ཚོང་མའི་ལས་སུ་བཅུག་ཏེ་མངལ་ནད་རིག་ཐུག་ཀྱི་ནད་གཞི་ཁྱབ་འཕེལ་འགྲོ་བ་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་ཡོངས་སུ་འགལ་བའི་བྱ་སྤྱོད་ངན་པའི་རིགས་མྱུར་དུ་མཚམས་འཇོག་དགོས།

འགན་འཁུར་འཐུས་མི་ནས་ཚོགས་ཆུང་མི་མང་གང་མང་ཕེབས་ཐུབ་པར་འཚམ་འདྲི་དང་ཐུགས་རྗེ་ཆེ་ཞུས་རྗེས་ཉེ་བའི་ཆར་བོད་དུ་དཔའ་བོ་དང་དཔའ་མོ་ཚོའི་བོད་བསྟན་སྲིད་ཆེད་སྐུ་ལུས་མེར་བསྲེགས་ཕུལ་ཏེ་འདས་གྲོངས་ཕྱིན་པ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་གཉིས་བཞུས་རྗེད་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་ལས་འགུལ་ནང་མཉམ་བཞུགས་གནང་མཁན་སུད་སི་བོད་ཀྱི་བུ་མེད་ཚོགས་པའི་རྒུན་ལས་འགའ་ཤས་དང་ཚོགས་གཙོ་ལམ་བྲག་པད་མ་མཆོག་ནས་གསུང་བཤད་ཀྱང་གནང་དེ་རྗེས་སྒྲོལ་མ་དང་རྒྱ་བའི་ཞབས་བརྟན་སོགས་ཁ་འདོན་སྨྲ་བརྗོད་རང་དབང་མེད་པ་མཚོན་བྱེད་ཁར་རས་བཀབ་སྟེ་ངག་བཅད་སྐར་མ་༡༥ བོད་དུ་འགྲོ་བ་མིའི་ཐོབ་ཐང་མེད་པ་ཆོས་དད་རང་མོས་མེད་པ་ ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཅེས་སྐད་འབོད་སྐར་མ་༡༥ཙམ་དང་སྐབས་སྐབས་སུ་རབ་བྱུང་མ་འམ་བཙུན་མའི་ན་བཟའ་གྱོན་ཏེ་བོད་ལ་རང་དབང་དགོས་ཅེས་སྐད་འབོད་ཀྱིས་དར་ཆ་འགྲེངས་སྐབས་རྒྱ་མིའི་དམག་མིའི་ཆས་གོས་གྱོན་མཁན་གཉིས་ནས་བཙུན་མ་དེར་མདུང་རྡེགས་དང་མནར་གཅོད་གཏོང་བཞིན་འཁྲབ་སྟོན་གྱིས་རྣམས་པས་ཕྱི་རྒྱལ་བ་ཚོར་བོད་ཀྱི་དཀའ་ངལ་ངོ་སྤྲོད་གང་ཐུབ་ཞུས་པ་དང་ཆབས་གཅིག་ས་རྟགས་བསགས་པ་དང་བོད་དོན་ཡིག་གེ་བཀྲམས་པ་སོགས་དེ་ཉིན་གོང་གསལ་མཛད་རིམ་ལེའུ་མི་འདྲ་བ་རྣམས་རེ་མོས་ཀྱི་དགོང་དྲོ་ཆུ་ཚོད་༡༦ བར་མཇུག་སྐྱོང་བཞུས་

ས་འཐུས་གསུམ་ནས་སླར་ཡང་ཚོགས་ཆུང་ཚོགས་མི་རྣམས་དང་ལྷག་པར་དུ་སུད་སི་བོད་ཀྱི་བུ་མེད་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོལ་དང་བཀྲ་ཤིས་སྒྲོལ་མ་དང་ཁརིས་ཏོབ་སྦེ་སུ་ཁེཏ་དང་སུད་སི་སྐུ་ཚབ་དོན་གཅོད་ཁང་དང་སུད་སི་དང་ལེཀ་ཏེན་སྤྲཡན་བོད་རིགས་མི་མང་གི་ཚོགས་གཞོན་ཞི་སྲས་ཚང་བློ་བཟང་ལགས་བཅས་ནས་ལས་འགུལ་འཕྱར་གྲུབ་མཉམ་འདེགས་གནང་བར་ཐུགས་རྫེ་ཆེ་ཞུས་པ་དང་བོད་རྒྱལ་ལོ་ཞེས་ཚིག་སྒྲ་སྒྲོགས་བཞིན་མཇུག་བསྡུས་གནང་ངོ།། འདྲ་པར་་ གཟུགས་བརྙན་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 4 སྡོམས་རོགས།