༄༅། །དེ་རིང་གི་ཉིན་མོར་བོད་ཁ་བ་གངས་ཅན་ལྗོངས་ཀྱི

༄༅། །དེ་རིང་གི་ཉིན་མོར་བོད་ཁ་བ་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་ཀུན་གྱི་ལྷ་སྐལ་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༡ ལ་ཕེབས་པའི་རྟེན་འབྲེལ་གྱི་ཉིན་མོ་འཛམ་གླིང་ཡུལ་གྲུ་གང་སར་སྲུང་བརྩི་ཞུ་བཞིན་ལྟར། འདི་ག་སུད་སི་ས་གནས་རི་ཀོན་ཚོགས་ཆུང་གི་འཐུས་མི་ལྷན་འཛོམས་ཀྱིས་མང་མོས་ཐག་གཅོད་ལྟར། མགོན་པོ་མཆོག་གི་སྐུའི་གསང་གསུམ་ལ་བགེགས་བར་ཆད་ཕྲ་མོ་ཙམ་ཡང་མི་ཡོང་བ་དང་། བོད་ཀྱི་བདེན་མཐའ་གང་མྱུར་གསལ་བ། སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་རྟེན་འབྲེལ་མཚོན་དོན་སྐུའི་འཁྲུངས་སྐར་ཉིན་མོར་ཕུག་རོན་ ༨༡ ཚེ་མཐར་བཏང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ། རི་ཀོན་ཚོགས་ཆུང་གི་ས་འཐུས་བརྡ་སྐྱེལ་ལྷག་པ་ཚེ་རིང་གིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 8 སྡོམས་རོགས།