༄༅། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཕྱི་ཟླ་ ༠༩ ཚེས་ ༠༦ ཉིན་མཛད་འཆར་ཁག་ལེགས་གྲུབ་ཀྱི་རྒྱ་གར་དུ་ཆིབས་ཞལ་བསྒྱུར།

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ནས་ཇི་ལྟར་གདན་ཞུ་ཕུལ་བ་བཞིན་ས་གནས་སུ་ཆིབས་བསྒྱུར་གྱིས་མཛད་འཆར་ཁག་ལེགས་གྲུབ་ཀྱི་དེ་རིང་ཚེས་ ༠༦ ཉིན་རྒྱ་གར་དུ་ཆིབས་ཐོན་གནང་སྐབས་གནམ་ཐང་དུ་ས་གནས་སྐུ་ཚབ་དོན་གཅོད་མཆོག། སྤྱི་འཐུས་སྐུ་ངོ་བྱམས་པ་ཚེ་རིང་ལགས། སྤྱི་ཟུར་རྣམ་པ། ས་གནས་བོད་རིགས་མི་མང་གི་ཚོགས་གཙོ་སྦྲེལ་པོས་དབུས་འཐུས་མི་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམ་བཅས་ཆེད་བཅར་གྱི་གུས་འདུད་ཀྱི་བཀྲ་
ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་བཞིན་ཕེབས་སྐྱེལ་ཞུས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།