༄༅། སྨན་རྩིས་ཁང་ས་གནས་སུ་སྐོར་སྐྱོད་ཐེངས་གཉིས་པ་འདི་བཞིན་འདི་ལོ འི་ཕྱི་ཟླ་ ༡༠ ཚེས་ ༢༠ ནས་ ༢༥ བར་ས་གནས་ཁག་དྲུག་གི་ནང་སྐོར་སྐྱོད་གནང་གི་ཡོད།

དབུས་སྨན་རྩིས་ཁང་ས་གནས་སུ་སྐོར་སྐྱོད་ཐེངས་དང་པོ་ཕྱི་ལོ་ ༢༠༡༦ ནང་ལེགས་གྲུབ་བྱུང་རྗེས་སླར་ཡང་དབུས་སྨན་རྩིས་ཁང་ནས་འདི་ག་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ལ་སྐོར་སྐྱོད་ཐེངས་གཉིས་པ་བཀོད་སྒྲིག་ཡོང་བའི་འབོད་སྐུལ་ཇི་གནང་བཞིན་འདི་ག་སྒྲིག་འཛུགས་ནས་དྭང་ལེན་ཐོག་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༠ ནས་དབུ་འཛུགས་ཀྱིས་ས་གནས་ (Baar / Jona / Wädenswil / Zürich / Olten / Basel )བཅས་ས་གནས་ཁག་དྲུག་གི་ནང་སྐོར་སྐྱོད་ཀྱི་ལས་རིམ་བཀོད་སྒྲིག་ཇི་ཞུས་བཞིན་ས་གནས་༼BAAR དང་ JONA༽ གཉིས་ཀྱི་ནང་ཕྱི་ཚེས་ ༢༠ དང་ ༢༡ ཉིན་ལེགས་གྲུབ་བྱུང་ཡོད། དེ་ཡང་མང་ཚོགས་གང་མང་མཉམ་ཞུགས་ཐོག་སྨན་རྩིས་ཁང་གི་འགྲེམས་སྟོན་དང་ནད་པ་བསྟེན་གཏུགས་དེ་བཞིན་སྐར་རྩིས་སྐོར་རྒྱུ་བཅས་ལས་འཆར་རྣམས་འཆར་གཞི་གཞིར་བཟུང་ངང་ལེགས་གྲུབ་ཟིན་པ་དང་། ཕྱི་ཚེས་ ༢༢ ནས་ ༢༥བར་ས་གནས་ཁག་བཞིའི་ནང་ལས་འཆར་མུ་མཐུད་སྤེལ་རྒྱུ་དང་། ཕྱི་ཚེས་ ༢༦ ཉིན་སྨན་རྩིས་ཁང་སྐོར་སྐྱོད་ཀྱི་རུ་ཁག་སུད་སིའི་ལས་འཆར་རྣམས་ལེགས་གྲུབ་བྱུང་རྗེས་ཕརེན་སི་རྒྱལ་ཁབ་ནང་མུ་མཐུད་ལས་འཆར་ཁག་མཇུག་སྐྱོང་གནང་རྒྱུ་ཡིན་འདུག་པ་དང་།འདི་ག་ས་གནས་གཞན་ཁག་བཞིའི་ལས་འཆར་ཁག་གྲུབ་རེ་བཞིན་མུ་མཐུད་གནས་ཚུལ་དྲྭ་ཐོག་བཀོད་ཐབས་ཞུ་རྒྱུ་བཅས་ཀྱི་གནས་ཚུལ་དུ།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།