༄། ལུ་རྫན་ས་གནས་སུ་སྐུའི་ཞབས་རིམ་དང་ལོ་གསར་དགུ་ཐུག་མཉམ་དུ་ཚོགས་ཡོད་པ།
ཁ་སང་སྤྱི་ཟླ་2 པའི་ཚེས་7 ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྨན་བཅོས་འཕྲོད་བཞེས་གནང་རྒྱུའི་འགལ་རྐྱེན་བར་ཆད་ཐམས་ཅད་སེལ་ཕྱིར་ལུ་རྫན་ཚོགས་པས་ལོ་གསར་གྱི་དགུ་ཐུག་དང་སྟབས་བསྟུན་ནས་གོ་སྒྲིག་རྒྱ་ཆེན་པོ་ཞིག་ཞུ་ཡོད་པ་མ་ཟད་གང་ཉིད་སྐུ་ཚེ་ཡུན་རིང་བརྟན་པའི་ཕྱིར་སྐུའི་ཞབས་རིམ་དུ་༧རྒྱལ་བའི་མཚན་སྔགས་དང་སྨན་བླའི་གཟུངས། སྒྲོལ་མ་སོགས་སྔ་དྲོ་ཆུ་ཚོད་བཅུ་གཅིག་ནས་འགོ་བཙུགས་ཏེ་དགོང་དྲོ་ཆུ་ཚོད་17 བར་གསོག་སྒྲུབ་གང་མང་གནང་སོང་ལ་མི་མང་དྲུག་ཅུ་ལྷག་འདུ་འཛོམས་ཀྱིས་སྐུའི་ཞབས་རིམ་གསོག་སྒྲུབ་གནང་སོང་། ཐེངས་འདིའི་ཞབས་རིམ་ནི་རང་གཞུང་ཆོས་རིག་ལས་ཁུངས་ཀྱིས་འཛམ་གླིང་ས་གནས་གང་སར་གནས་བཞུགས་སྐུ་ཚབ་དོན་གཅོད་རྣམ་པ་དང་། ས་གནས་འགོ་འཛིན་རྣམ་པ་བཅས་སུ་ཛ་དྲག་གསལ་བསྒྲགས་གནང་བ་ལྟར་གོ་སྒྲིག་ཞུ་བ་ཞིག་ཡིན་འདུག ལྷག་པར་དུ་༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་བཅས་སུ་བོད་མི་མི་རེ་ངོ་རེ་ནས་ཞབས་རིམ་གསོག་དགོས་པ་ལ་བརྟེན་ནས་ས་གནས་ཚོགས་པའི་གོ་སྒྲིག་ཡག་པོ་ཞུ་སོང་བའི་གནས་ཚུལ། གནང་ཚུལ་མཁོ་གཏོང་བ་གངས་ལྷག་བསམ།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།