༈སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིག་འཛུགས་དང་དམིགས་བསལ་གོ་སྒྲིག་ཚོགས་ཆུང་གི་མཚན་ཐོག་སྲིད་སྐྱོང་དངོས་གཞིའི་འོས་མི་༸དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་དང་བགྲོ་གླེང་ཞུས་པ།

༄༅།ཕྱི་ལོ་༢༠༡༦ཟླ་༡ཚེས་༣༡རེས་གཟའ་སྤེན་པའི་ཉིན་ས་གནས་ར་སྤར་སེ་ཝིལ་ཡོ་ན་མགྲོན་ཁང་ཁོརོ་སེ་Hotel Kreuzདུ་སུད་སི་དང།ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིག་འཛུགས་དང་དམིགས་བསལ་གོ་སྒྲིག་ཚོགས་ཆུང་མཚན་ཐོག་སྐབས་བཅུ་བཞི་པའི་༸དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་སྐབས་གཉིས་པའི་སྲིད་སྐྱོང་གི་དངོས་གཞིའི་འོས་མིར་རྒྱབ་སྐྱོར་དང་གདན་ཞུ་ཚོགས་ཆུང་གི་ལས་འགུལ་སྤེལ་བ་ཞིག་རེད་འདུག དེ་ཡང་ཕྱེད་ཡོལ་ཕྱག་ཚོད་༡།༠༠པོའི་ཐོག་༸དཔལ་ལྡན་ཚོགས་གཙོ་མཆོག་དབུས་ཡུ་རོབ་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་བཀྲས་མཐོང་དབང་པོ་མཆོགཡུ་རོབ་བོད་མི་མང་ཕྱོགས་བཞུགས་སྤྱི་ཟུར་རྣམ་པ། སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡ་རྗེ་མཆོག མི་མང་ཚོགས་གཙོ་སྦྲེལ་པོ་དབུས་ས་འཐུས་ཁག་ཅིགགཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་མཛད་གཙོ་ཁག་ཅིག་ དེ་བཞིན་ས་གནས་བོད་རིགས་རྒན་གཞོན་བར་གསུམ་བཅས་མི་གྲངས་༥༠༠བརྒལ་བ་མཉམ་ཞུགས་ཀྱི་ཐུགས་སྣང་ཆེན་པོ་གནང་འདུག།ཐོག་མར་ས་འཐུས་འཆི་མེད་རྡོ་རྗེ་ལགས་ནས་མཛད་རིམ་སྙན་སྒྲོན་གནང་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང་ཆབས་ཅིག་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་གུས་འདུད་མྱ་ངན་ངག་གཅད་སྐར་མ་གཅིག་ཞུས།

བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་མཆོག་ནས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུ་བ་དང་སྦྲགས་༸དཔལ་ལྡན་ཚོགས་གཙོ་མཆོག་སུད་སིར་གདན་ཞུ་འབུལ་མི་རྣམ་པས་འབོད་བསྐུལ་ལྟར་དེ་ལྟར་ས་གནས་མི་མང་མཚན་ཐོག་ནས་ལས་འགུལ་སྤེལ་ཆོག་མིན་གྱི་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་མཆོག་ལ་བཀའ་འདྲི་ཞུས་པ་དང། ས་གནས་འཐུས་མི་རྣམས་དང་གྲོས་བསྡུར་ཞིབ་ལྷོད་ཀྱི་མང་མོས་མོས་མཐུན་ཐག་ཆོད་བྱས་པའི་བརྒྱུད་རིམ་རྣམས་གསུངས།དེ་རྗེས་༸དཔལ་ལྡན་ཚོགས་གཙོ་མཆོག་ལ་སྐབས་ ༢ པའི་སྲིད་སྐྱོང་དངོས་གཞིའི་འོས་མིར་རྒྱབ་སྐྱོར་དང་གདན་ཞུ་ཚོགས་ཆུང་གི་ཚོགས་གཙོ་དཔའ་བོ་ཐུབ་བསྟན་ལགས་ནས་༸དཔལ་ལྡན་ཚོགས་གཙོ་མཆོག་ལ་རྒྱབ་སྐྱོར་དང་གདན་ཞུ་ཕུལ་དགོས་དོན་གྱི་རྒྱུ་མཚན་དོན་གནད་ཁག་ ༥ ཡོད་པ་རེ་རེ་བཞིན་ནང་དོན་གསལ་བཤད་གནང་།

ཕྱག་ཚོད་ ༡།༤༥ ཐོོག་༸དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་སྒེར་གྱི་མི་ཚེའི་ལོ་རྒྱུས་སྐོར་གསལ་བཤད་དང། དེ་བཞིན་འདས་པའི་དུས་ཚོད་ནང་ཁོང་གིས་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སྡེ་ཚན་དང་ལས་དོན་རྣམ་གྲངས་གང་གི་ནང་ཕྱག་ལས་གནང་ཡོད་མེད་དང་ཉམས་མྱོང་བཅས། མ་འོངས་པར་གལ་ཏེ་སྲིད་སྐྱོང་གི་འོས་འཕེན་རྒྱལ་ཁ་ཐོབ་ཚེ་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་གཞིར་བཟུང་ཐོག་ད་ལྟའི་བོད་ཀྱི་གནས་བབ་དང་བསྟུན་ཆབ་སྲིད་དང། འཛིན་སྐྱོང།བོད་མིའི་སྒྲིག་འཛུགས་དང་དེང་རབས་གཞོན་སྐྱེས་དབར་འབྲེལ་ལམ་ཇི་དགོས་སོགས་འཆར་གཞི་ཁག་ཞིབ་རྒྱས་གསུངས། གསུང་བཤད་བར་མཚམས་བཞག་ཏེ་གསོལ་ཇའི་བར་སེང་སྐར་མ་ ༠།༤༠ཙམ་གནང་རྗེས་བསྐྱར་འཛོམས་ཀྱི་༸དཔལ་ལྡན་ཚོགས་གཙོ་མཆོག་ནས་གསུང་བཤད་མུ་མཐུད་གནང་།གསུང་བཤད་ནང་ཁོང་གི་སློབ་གཉེར་གནང་ཕྱོགས་ཀྱི་རིམ་པ།ནང་མི་མང་པོ་ཡོད་པ་བཞིན་སྐུ་ལས་སྐྱོན་སྟངས། དེ་ནས་བོད་སྤྱི་པའི་ལས་དོན་ཐོག་དང་༧རྒྱལ་བ་དོན་གྱི་བདག་པོའི་བཀའ་དགོངས་གཡོ་མེད་ལས་དོན་སྒྲུབ་ཐབས་ལྷག་བསམ་གཡོ་མེད་གནང་པ་བཅས་གསལ་བཤད་གྲུབ་མཚམས་མང་ཚོགས་ནས་བཀའ་འདྲི་ཞུ་མཁན་མི་གྲངས་ ༢༢ ཀྱི་མཚན་ཐོ་ཕུལ་ཡོད་ནའང་མཐར་དུས་ཚོད་ལྡང་མིན་དཀའ་ངལ་ལ་སོང་བཀའ་འདྲི་ཞུ་མཁན་མི་གྲངས་ ༡༢དང་། འབོད་བསྐུལ་ཞུ་མི་གྲངས་ ༢ བཅས་བསྡོམས་མི་གྲངས་ ༡༤ བྱུང། ༼ ད་རེས་མང་ཚོགས་ནས་དྲི་བ་ཞུ་རྒྱུའི་དོན་གནད་དང། ༸དཔལ་ལྡན་ཚོགས་གཙོ་མཆོག་ནས་ལན་འདེབས་གསལ་བཤད་གནང་པའི་དོན་གནད། དྲི་བ་ཞུ་མཁན་རྣམ་པའི་མཚན་གཞུང་བཅས་འདིར་འགོད་རྒྱུར་ཡིག་རྫོབ་ཆེ་བས་འབྲི་འགོད་ཞུས་མེད།༽ དགོང་དྲོའི་ཕྱག་ཚོད་༥།༥༠ཐོག་མི་མང་ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་ལགས་མཇུག་བསྡོམས་ཀྱི་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། མི་མང་ཚོགས་གཙོ་མཆོག་ནས་༸དཔལ་ལྡན་ཚོགས་གཙོ་མཆོག་ལ་རྟེན་འབྲེལ་མཇལ་དར་ཕུལ།

དེ་བཞིན་རྒྱབ་སྐྱོར་དང་གདན་ཞུ་འབུལ་མཁན་ཚོགས་ཆུང་གི་ཚོགས་གཙོ་དཔའ་བོ་ཐུབ་བསྟན་ལགས་ནས་༸དཔལ་ལྡན་ཚོགས་གཙོ་མཆོགམི་མང་གི་ཚོགས་གཙོ་སྦྲེལ་པོ་མཆོག་དང་། མཛད་རིམ་སྙན་སྒྲོན་བཏང་འཛིན་གནང་མཁན་ས་འཐུས།འཆི་མེད་རྡོ་རྗེ་ལགས། གདུགས་ཙ་ཚང་བསྟན་འཛིན་འོད་ཟེར་ལགས།ཆོས་འཁོར་གླིང་བསྟན་འཛིན་ཚེ་རིང་ལགས་བཅས་ལ་རྟེན་འབྲེལ་དང་ཐུགས་རྗེ་ཆེ་ཞུའི་མཇལ་དར་ཕུལ་རྗེས་མཐར་ཕྱག་ཚོད་ ༦།༠༠ ཐོག་དེ་ཉིན་གྱི་ལས་རིམ་རྒྱལ་ཁའི་ངང་སྒྲོལ་བ་བཅས་ཀྱི་སྙན་ཐོ་སྙིང་བསྡུས་སུ།གསར་འགོད་པ།  བསམ་པ་དོན་གྲུབ།

འདྲ་པར།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 4 སྡོམས་རོགས།