༈ སུད་སི་དང་། ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་བོད་ལྗོངས་མང་གཙོའི་དུས་ཆེན་ཐེངས་ ༥༥ སྲུང་བརྩིས་གཟབ་རྒྱས་ཞུས་པ།

༈  བོད་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་ལུག་གྲོ་བཞིན་ཟླ་བའི་ཚེས་ ༢༢ ཕྱི་ལོ་ ༢༠༡༥  ཟླ་ ༩ ཚེས་ ༥  ཉིན་སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་ནས་གོ་སྒྲིག་ཞུས་ཏེ་བཙན་ བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༥ འཁོར་བའི་དུས་ཆེན་མཛད་སྒོ་ཧ་ཅང་གཟབ་རྒྱས་བྱུང་སོང།  དེ་ཡང་ཉིན་དེར་ཞོགས་པ་ཚོུད་ ༩་་༣༠  ནས་རི་ཀོན་མི་མང་སྤྱི་ཁང་ནང་སྔ་དྲོའི་ལས་རིམ་དྲི་བ་དྲི་ལན་དང་སྤྱི་སྨན་ དགོངས་འཆར་འགོ་འཛུགས་གནང་ཞིང།  དྭོགས་འདྲི་ཞུ་ཡུལ་ནི་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ།  ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས།  སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་མཆོག  མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་དང་ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་ ལགས།  དེ་བཞིན་མི་མང་གི་ཕྱི་འབྲེལ་བ།  རྩིས་པ།  དངུལ་གཉེར།  བོད་སློབ་སྤྱི་ཁྱབ་འགན་འཛིན།  དྭང་བླང་དཔྱ་ཁྲལ་དང་གསར་འཕྲིན་དྲ་རྒྱའི་འགན་འཛིན།  ཟློས་གར་སྤྱི་ཁྱབ་འགན་འཛིན་སོགས་མཛད་གཙོ་རྣམས་ཡིན།

སུད་སི་དང་།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་གུས་ བརྩིས་འཚམས་འདྲི་དང་བཅས་ལས་རིམ་དབུ་འཛུགས་ཀྱི་གསལ་བརྡ་གནང་ཞིང།  ཚང་མས་སྤྱི་པའི་སྒྲིག་འཛུགས་ལ་ལར་ཞེན་ལྷག་བསམ་གཡོ་མེད་ཐོག་ནས་སྤྱི་སྨན་ དགོངས་འཆར་དང་བཅར་འདྲི།  ཞེན་བསྐུལ་སོགས་ཇི་ཡོད་ལྷག་བསམ་རྣམ་དག་གི་གནང་རོགས་ཅེས་ཞེན་བསྐུལ་གནང་ བསྟུན་བཅར་འདྲི་སྒོ་འཛུགས་གནང་སོང།  བལ་གཞོན་འཇམ་དབྱངས་ལགས་དང་། བསྟན་འཛིན་ཚེ་རིང་ལགས།  བསྟན་འཛིན་ལྷ་མོ་ལགས།  རི་ཁུག་ཚང་རིན་ཆེན་བསོད་ནམས་ལགས་བཅས་ནས་ལས་རིམ་གཙོ་སྐྱོང་གནང་།

བགྲོ་གླེང་གི་ལས་རིམ་ནང་མི་གྲངས་ ༡༥ ཙམ་ནས་བཅར་འདྲི་ཞུ་རྒྱུའི་གོ་སྐབས་ཐོབ་ཡོད་ལ།  སྐབས་འདིར་ས་གནས་འཐུས་ཚོགས་ཀྱི་ལས་དོན་སྐོར་དང་།  འོས་བསྡུའི་ལས་རིམ་སྐོར་སོགས་དྲི་བ་ཁག་ལ་གསལ་བཤད་ལན་འདེབས་གནང་སོང་བ་བཅས་ མཇུག་བསྡོམས་མི་མང་ཚོགས་གཞོན་དང་ས་འཐུས་བསྟན་འཛིན་ལྷ་མོ་ལགས་ནས་ཐུགས་རྗེ་ ཆེ་ཞེས་གསུངས།

ཉིན་རྒྱབ་རི་ཀོན་སློབ་གྲྭའི་ཚོགས་ཁང་དུ་སྐུ་མགྲོན་རྣམ་པའི་དབུས་མི་མང་རྣམས་ལྷན་འཛོམས་གནང་རྒྱུ་ཞིང་།

༡༤།༠༠ ཙམ་ལ་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱིས་ཐོག་མར་མཁན་བླ་དགེ་འདུན་རྣམ་པའི་ དབུས་སྐུ་མགྲོན་རྣམ་པ་དང་།  མཛད་གཙོ་རྣམས་ནས་ཁ་བའི་རི་པའི་སྐྱེ་འགྲོ་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ དང་། འཇིག་རྟེན་ཞི་བདེ་དེད་དཔོན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ དཔར་མཐོང་གྲོལ་རིན་པོ་ཆེ་རོལ་གླིང་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲིར་མངའ་ གསོལ་ཞུས།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འགེགས་མཚན་མ་མཐའ་དག་ མྱུར་དུ་ཞི་ནས་སྐུ་ཚེ་བསྐལ་བ་ཁྲི་ཕྲག་བར་དུ་བརྟན་པ་དང་། ཐུགས་ཀྱི་དགོངས་དོན་འབད་མེད་ལྷུན་གྱི་གྲུབ་པའི་ཆེད་མགྲོན་གཙོ་རྣམ་པ་དང་། མི་མང་ཚོགས་གཙོ་མཆོག་ནས་རྟེན་གསུམ་འདེགས་འབུལ་ཞུས། མི་མང་ཟློས་གར་ནས་དབུ་ཁྲིད་དེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ། དམངས་གཙོའི་གསར་བཞད། བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་ པ་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་ སྐར་མ་ཅིག་བཅས།

ལོ་འཁོར་ལས་བསྡོམས་༸སྙན་སྒྲོན་ཞུ་རྒྱུ་ཁག

སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཚོགས་གཞོན་པདྨ་ལགས། མི་མང་ཟློས་གར་ངོར་ཁང་གསར་བཀྲ་ཤིས་ལགས། བོད་སློབ་འཆི་མེད་རྡོ་རྗེ་ལགས།  དཔྱ་ཁྲལ་བསྟན་འཛིན་འོས་ཟེར་ལགས།  གསར་འཕྲིན་དྲ་རྒྱ་སྒོ་སྤེ་ཡོན་ཏན་ལགས། མི་མང་རྩིས་པ་ཟླ་བ་ནོར་བུ་ལགས།
ཡུ་རོབ་གཞོན་ནུའི་མཐུན་ཚོགས་གཡུང་དྲུང་བསྟན་བདེ་ལགས།  སུད་སི་བོད་ཀྱི་བེུད་ཚོགས་པ་ནེ་ལུང་དབྱངས་སྐྱིད་ལགས།
སུད་བོད་མཐུན་གྲོགས་ཚོགས་པ་ (Ulrich Soltermann) བཅས་དང་།
གསུང་ བཤད་ལས་རིམ་ནང་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག  ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་བཅས་དང་། དེ་ནས་དགོང་དྲོའི་གསོལ་ཚིགས་བར་སེང་དང་གསོལ་ཚིགས་གྲུབ་བསྟུན་མི་མང་ཟློས་གར་ ནས་གཞས་སྣ་གླུ་གཞས་ལེའུ་བཞི་སྐོར་གཟིགས་འབུལ་ཞུས་པར་མི་མང་རྣམས་ཐུགས་སྣང་ ཆེན་པོ་བྱུང་ཡོད། ༼BINGO༽ བྷིང་གྷོ་དབུ་འཁོར་སྐུ་རྩེད་གནང་། ནེ་ལུང་ཚེ་རིང་སྟོབས་ལྡན་ལགས་ནས་སྣེ་ཁྲིད་ཀྱིས་མང་ཚོགས་ནས་སྒོར་གཞས་འཁྲབ་ གནང་།  ༢༢།༣༠  མཛད་རིམ་བཀྲ་ཤིས་ལེ་འགྲིག་ངང་འཇུག་སྒྲིལ་ཞུས་སོང་བ་བཅས་ཀྱི་གནས་ཚུལ་རགས་ བསྡུས་སུ་སྒོ་སྤེ་ཡོན་ཏན་གྱིས།

འདྲ་པར་ཁག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 6 སྡོམས་རོགས།