༢༠༡༣ ཟླ་ ༡༢ ཚེས་ ༡༠ རེས་གཟའ་མིག་དམར་ཉིན་ས་གནས་འཇི་ཎི་ཝར་འགྲོ་བ་མིའི་ཐོབ་ཐང་དུས་དྲན་ཐེངས་ ༦༥ པ་སྲུང་བརྩིས་གཟབ་རྒྱས་ཞུས་པ།

དེ་ཡང་སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་སྐབས་བཅོ་ལྔ་པའི་གོ་སྒྲིག་དང་བཅས་མི་མང་ལྔ་བརྒྱ་བརྒལ་བའི་སུད་སི་གྲོང་ཁྱེར་འཇི་ནི་ཝར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩིས་ཞུས་པ་དང།  ཞོགས་པ་ཚོུད་  ༡༡་་༡༥  འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཨ་མའི་མདུན་ཐང་དུ་ཚོགས་གཞོན་བསམ་པ་ལགས་ནས་མཛད་སྒོ་དབུ་འཛུགས་ཀྱིས་གསལ་བསྒྲགས་གནང་། མང་ཚོགས་ནས་ངར་ཤུགས་ལྡན་པའི་སྐད་འབོད་བསྐྱོན།

མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་དང་དགེ་འདུན་རྣམ་པས་དབུས་མང་ཚོགས་ནས་སྨོན་གསུང་འདོན།  དེ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འདུན་ཐང་བར་སྐད་འབོད་དང་བཅས་གོམ་བགྲོད་གནང།  དེ་གར་གསུང་བཤད་དང་ལས་རིམ་ཁག  དེ་ཡང། སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས་གསུང་བཤད་།  ས་གནས་ Ville de Carouge  གི་འཛིན་སྐྱོང་དབུ་ཁྲིད་སྐུ་ཞབས་  Nicolas Walder  མཆོག་ནས་གསུང་བཤད།  སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་མིག་དམར་རཡིཐ་ལགས་ནས་གསུང་བཤད། ཡིག་ཐོག་ཚིག་དོན་གཏན་འབེབས་ལྟར་མང་ཚོགས་ནས་སྐད་འབོད་གནང་རྒྱུ།

གསུང་བཤད་རིམ་པ་གཉིས་པ།

ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་ལྡན་རྣམ་གླིང་ལོསིང་འཇར་ལགས།  སུད་སི་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་རབ་གསལ་བདེ་ཆེན་ལགས། ཡིག་ཐོག་ཚིག་དོན་གཏན་འབེབས་ལྟར་མང་ཚོགས་ནས་སྐད་འབོད་གནང་རྒྱུ།      མི་མང་ཟློས་གར་ནས་འགོ་ཁྲིད་པས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་རྒྱུ།  རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེས་དབུས་དགེ་འདུན་རྣམ་པས་དབུ་ཁྲིད་ནས་ བདེན་ཚིག་སྨོན་ལམ་གསུང་འདོན།

མི་མང་ཚོགས་གཙོ་སྦྲེལ་པོས་མཇུག་བསྡོམས་གསུང་བཤད་བཅས།  ༡༤་༡༥    ཐེངས་འདིའི་ལས་རིམ་མཇུག་བསྡུ་གནང་སོང་བ་བཅས།  སྒོ་སྤེ་ཡོན་ཏན།

འདྲ་པར།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 7 སྡོམས་རོགས།