༢༠༡༤ ཟླ་ ༣ ཚེས་ ༡༠ རེས་གཟའ་ཟླ་བའི་ཉིན་སུད་སིའི་རྒྱལ་ས་བྷེརན་དུ་བོད་མིའི་རང་དབང་སྒེར་ ལངས་བྱས་ཏེ་མི་ལོ་ཧྲིལ་པོ་ ༥༥ འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་པ།

སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་དང་བོད་དོན་རོགས་བསྐྱོར་བ་བཅས་མི་མང་ཆིག་སྟོང་ལྔ་བརྒྱ་ལྷག་སྐོར་ནས་བོད་མིའི་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་ ༥༥ འཁོར་བའི་དུས་དྲན་ཉིན་མོ་སུད་སིའི་རྒྱལ་ས་བྷེརན་༼མུན་སཊར་པལཙི་༽ཞེས་པར་ཚང་འཛོམས་གནང་། ཐོག་མར་མི་མང་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ནས་མཛད་སྒོ་དབུ་འཛུགས་ཞུས་ཐོག་མང་ཚོགས་ལ་འཚམས་འདྲི་དང་ལས་རིམ་ཁག་སྙན་སྒྲོན་ཞུས་སོང་། མི་མང་ཟློས་གར་ནས་འགོ་ཁྲིད་མང་ཚོགས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གསུང་རྗེས་ ཞི་བའི་སྐད་འབོད་གནང་སོང་། སྐད་འབོད་གནང་བཞིན་ཐོག་སྐར་མ་བཞི་བཅུ་བར་གྱི་རྒྱང་ཐག་༼ཨུན་ཊེན་ ཝཡི་སན་ཧའུསི་པལཙི༽བར་ཞི་བའི་གོམ་བགོད་ངང་ཕེབས་གནང་། སྐུ་ཚབ་དོན་གཅོད་ཁང་ནས་འཛིན་སྐྱོང་བཀའ་ཤག་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོག་སྦྱང་གནང་བ་དང་། དེ་བཞིན་སུད་བོད། ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས། སུད་སི་བོད་ཀྱི་བུད་མེད་ཚོགས་པ་བཅས་ནས་རིམ་བཞིན་དུས་དྲན་དང་འབྲེལ་གསུང་བཤད་ཁག་གནང་། མི་མང་ཟློས་གར་ནས་གསུམ་བཅུའི་དྲན་གླུ་གཏོང་གནང་ཡོད། ཕ་རནསི་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་དང་། རྒྱ་རིགས་མང་གཙོ་ནུས་ཤུག་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ (Wang Longmen ) ལགས་བཅས་བོད་མིའི་རང་དབང་སྒེར་ལངས་ཉིན་ཆེད་དུ་སུད་སིར་ཕེབས་ནས་མང་ཚོགས་ལ་བཀའ་སློབ་གནང་སོང་། མི་མང་ཚོགས་གཙོ་གངས་གཞོན་ཚང་བློ་བཟང་ལགས་ནས་གསུང་བཤད་དང་རྒྱ་མིའི་གཞུང་ཚབ་ཁང་ལ་ཞུ་སྙན་འབུལ་རྒྱུ་སྒྲོག་སྦྱངས་གནང་། མི་མང་ཚོགས་གཞོན་ནས་མཇུག་བསྡོམས་གསུང་བཤད་གནང་རྗེས་དུས་དྲན་མཛད་སྒོ་ཉིན་རྒྱབ་ཚོུད་ ༣ པའི་ཐོག་མཇུག་སྒྲིལ་ཞུས་ཡོད་པ་རེད། འདྲ་པར་་
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།