༢༠༡༨ ལོའི་གསུམ་བཅུའི་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་ཐད་ཀྱི་ཚོགས་འདུ་སུད་སིའི་ཛུ་རིག་བོད་རིགས་མི་མང་ཚོགས་ཁང་དུ་ཡོ་རོབ་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་དང་ལྷན་དུ་འཚོགས།

ཕྱོགས་བཞུགས་སྤྱི་འཐུས་སྐུ་ངོ་རྒན་དབང་ཆེན་ལགས་དང་ཟམ་མདོ་བྱམས་པ། དེ་བཞིན་ས་གནས་སྐུ་ངོ་སྐུ་ཚབ་དོན་གཅོད། ཡོ་རོབ་བོད་རིགས་སྤྱི་འཐུན་ཚོགས་པ་ཁག་གི་ཚོགས་གཙོ་དང་འཐུས་མི། སུད་སི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གཞོན་གཙོས་རྒྱུན་ལས་རྣམ་པ། དེ་བཞིན་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་ཡོ་རོབ་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ལྷན་འཛོམས་ཐོག་གསུམ་བཅུའི་དུས་དྲན་ཐེངས་༥༩ བའི་ལས་འགུལ་ཆེན་མོ༼ཡོ་རོབ་བོད་དང་མཉམ་དུ་ཡོད༽ཅེས་པའི་ལས་འགུལ་གོ་སྒྲིག་ཐད་བགྲོ་གླེང་ཚོགས་འདུ་ཛུ་རིག་བོད་རིགས་ཚོགས་ཁང་དུ་འཚོགས།

དེ་རིང་ཉིན་རྒྱབ་ས་གནས་ཆུ་ཚོད་༢ པའི་ཐོག་ཕྱོགས་སོ་སོ་ནས་ཕེབས་པའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྣམ་པ་དང་སྐུ་ཚབ་རྣམ་པ། དེ་བཞིན་ཚོགས་འདུར་མཉམ་ཞུགས་གནང་བཞིན་པའི་རྒྱུན་ལས་རྣམ་པས་རང་ཉིད་ངོ་སྤྲོད་དང་། ཕྱོགས་བཞུགས་སྤྱི་འཐུས་སྐུ་ངོ་རྒན་དབང་ཆེན་ལགས་དང་ཟམ་མདོ་བྱམས་པ། དེ་བཞིན་ས་གནས་སྐུ་ཚབ་དོན་གཅོད་སོགས་ཀྱི་ལས་འགུལ་གོ་སྒྲིག་བྱེད་ཕྱོགས་དང་འབྲེལ་བའི་ངོ་སྤྲོད་གསུངས་བཤད་གནང་།

སུད་སི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོས་ཚོགས་འདུའི་དབུ་འབྱེད་གསུངས་བཤད་གནང་བ་དང་ལས་འགུལ་འདིའི་ཆེད་དུ་གྲུབ་ཟིན་པའི་ལས་དོན་གྲ་སྒྲིག་གང་དག་བྱས་ཡོད་པ་རེ་རེ་བྱེད་ནས་ངོ་སྤྲོད་དང་བསྒྲགས་དེ་དག་གི་ཐད་ལ་བོད་རིགས་སྤྱི་འཐུན་ཚོགས་པའི་ཚོགས་གཙོ་དང་འཐུས་མི་རྣམ་པ་ལྷན་དུ་བགྲོ་གླེང་ལྷུག་པོ་གནང་ནས་རེ་རེ་བཞིན་ཐག་གཅོད་གནང་།

ཐེངས་འདིར་ཚོགས་འདུ་ཕེབས་མཁན་ནི་ཡོ་རོབ་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་གཉིས་དང་ས་གནས་སུད་སིའི་སྐུ་ཚབ་དོན་གཅོད། དེ་བཞིན་སྦལ་རྒྱམ་བོད་རིགས་ཚོགས་པའི་ཚོགས་གཞོན་དང་ཨི་ཊི་ལེ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། ཨོ་རི་ཁྲི་རེའི་བོད་རིགས་སྤྱི་འཐུན་ཚོགས་པའི་ཚོགས་གཙོ། དབྱིན་ཡུལ་གྱི་བོད་རིགས་ཚོགས་པའི་སྐུ་ཚབ།   སུ་པན་བོད་རིགས་སྤྱི་འཐུན་ཚོགས་པའི་ཚོགས་གཙོ། ས་གནས་སུ་བེ་སྒྲེན་ས་གནས་བོད་མི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ།

ཕ་རན་སེ་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་སོགས་རེད་འདུག

མཐར་ཚང་མ་ལྷན་འཛོམས་ཀྱིས་དེ་རིང་བོད་ནང་དུ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་ལུས་མེ་བསྲེག་གནང་བར་གདུངས་སེམས་མཉམ་བསྐྱེད་དང་མྱ་ངན་ངག་བཅད་གནང་སོང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 5 སྡོམས་རོགས།