༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སུད་སི་ཆིབས་སྒྱུར་གསལ་བསྒྲགས།
༄༅། །རིས་སུ་མ་མཆིས་པའི་ཆོས་ཞུ་བ་སེར་སྐྱ་ཡོངས་ཀྱི་སྙན་ལམ་དུ།
ཆེད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༤ པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སུད་སི་ཆིབས་སྒྱུར་གདན་ཞུ་གནང་མཁན་རིག་འཛིན་འདུས་སྡེ། ཨེཕ་པི་སི་བོད་ཀྱི་ཐེབས་རྩ་དང་ཨེཕ་པི་ཨེམ་ཌི་བཅས་མཐོུང་ནས་ ༧གོང་ས་མཆོག་གི་ཕྱི་ལོ་ ༢༠༡༣ ཟླ ༤ པའི་སུད་སི་ཆིབས་སྒྱུར་གྱི་དྲྭ་རྒྱ་ ༢༠༡༢ ཟླ ༡༠ ཚེས་ ༢༢ ཉིན་འགོ་འབྱེད་གནང་རྒྱུ་ཡིན་འདུག དེ་བཞིན་ཕྱག་འཁྱེར་ཚོང་སྒྱུར་ ༢༠༡༢ ཟླ ༡༠ ཚེས་ ༢༤ ཉིན་ནས་ འགོ་འཛུགས་གནང་གཏན་འཁེལ་འདུག འབྲེལ་བ་བྱ་ཡུལ་དྲྭ་རྒྱའི་ཁ་བྱང་ནི་ www.dalailama2013.ch
གསུང་ཆོས་དང་མང་ཚོགས་བཀའ་སློབ་མཛད་རིམ་གཤམ་གསལ།
༢༠༡༢ ཟླ ༤ ཚེས་ ༡༣ རེ་གཟའ་སྤེན་པ་ཉིན།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་བཀའ་ཁྲིད་གནང་རྒྱུ།
༢༠༡༢ ཟླ ༤ ཚེས་ ༡༤ རེ་གཟའ་ཉི་མ་ཉིན།
སྔ་འདྲོ་། སྒྲོལ་དཀར་རྗེས་གནང་གི་དབང་སྩལ་རྒྱུ།
ཉིན་རྒྱབ། བཟང་སྤྱོད་དང་འབྲེལ་བའི་བཀའ་སློབ་འདྲིན་ཆེ་རྒྱུ།
བཅས་ཀྱི་བརྡ་ཁྱབ་གསལ་བསྒྲགས་སུ། སུད་སི་དོན་ཁང་ནས་ ༢༠༡༢ ཟླ ༡༠ ཚེས་ ༡༧ ལ།
------------------------------------------------------------------------------------------
༄༅། ས་གནས་འཐུས་ཚོགས་དང་། བོད་རིགས་ཚོགས་པའི་ཚོགས་གཙོ་ལྷན་རྒྱས་ལ་།ཆེད་ཞུ། སྔོན་དུ་ ༢༠༡༢ ཟླ ༡༠ ཚེས་ ༡༧ ཉིན་གསལ་བསྒྲགས་སོང་དོན་ནང་ཕྱི་ལོ་ ༢༠༡༣ ཟླ་ ༤ པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སུད་སི་ཆིབས་སྒྱུར་གྱི་དྲྭ་རྒྱ་ ༢༠༡༢ ཟླ ༡༠ ཚེས་ ༢༢ ཉིན་འགོ་འབྱེད་གནང་རྒྱུ་དང་ཕྱག་འཁྱེར་ཚོང་སྒྱུར་ ༢༠༡༢ ཟླ ༡༠ ཚེས་ ༢༤ ཉིན་ནས་འགོ་འཛུགས་གནང་རྒྱུ་ཞེས་སོང་ཡོད་པ་དེ་ལྟར་ཡང་། ད་རིང་
ཆིབས་སྒྱུར་གདན་ཞུ་གནང་མཁན་ནས་དེར་དུས་ཚོད་ཕྲན་བུ་ཕྱིར་འགྱངས་གནང་འདུག་པས་ ༢༠༡༢ ཟླ ༡༠ ཚེས་ ༣༡ ཉིན་དྲྭ་རྒྱ་དང་ཕྱག་འཁྱེར་ཚོང་སྒྱུར་གཏན་འཁེལ་བྱུང་བའི་བརྡ་ལན་བྱུང་སོང་བ་དེ་དོན་དགོངས་འཇགས་ཞུ།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།