༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་སྦྱར་ཡིག་འགྲེམས་སྤེལ་གནང་བ།

༄༅། །འདི་གར་བོན་པོའི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་བཏང་གནས་ནང་འཁོད་དོན་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ ༣ ཚེས ༦ བོད་ཟླ་དང་པོའི་ཚེས་ ༢ ཉིན་མདོ་ཁམས་རྫ་ཁོག་ག་ཡུལ་གྲོང་སྡེ་ནས་གཞོན་སྐྱེས་གསུམ་གྱིས་སྦྱར་ཡིག་སྦྱར་བ་དང་ཁྲོམ་ཐོག་ཏུ་འགྲེམས་སྤེལ་བྱས་པ་སོགས་ཐབས་ལམ་སྣ་ཚོགས་ཤིག་བྱས་ཡོད་འདུག
དེ་ཡང་སྦྱར་ཡིག་གི་ནང་དོན་ནི། ང་ཚོའི་བོད་ལ་རང་དབང་དགོས། ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་སོགས་འཁོད་ཡོད་པ་དང་དེའི་མཐར་ཁོང་གསུམ་གྱི་མིང་ཡང་གསལ་པོར་བཀོད་ཡོད་པ་རེད།
དེ་བཞིན་ཁོང་གསུམ་པོ་དེ་སྔོན་ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་ཀྱང་ཞི་རྒོལ་ཁོངས་སུ་ཞུགས་ཡོད་པའི་གནས་ཚུལ་འབྲེལ་ཡོད་ནས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སུ་འགྲེལ་བརྗོད་གནང་འདུག
ཞི་རྒོལ་བའི་ན་གཞོན་དཔའ་བོ་གསུམ་ནི་ ༡༽ཚེ་རིང་སྐྱིད་པོ།༼ཕོ༽ རང་ལོ་ ༢༥ ༢༽བྱམས་པ་དངོས་གྲུབ།༼ཕོ༽ ཕོ་རང་ལོ་ ༣༣ ༣༽ བློ་བཟང་ཐུབ་བསྟན། ༼ཕོ་༽ རང་ལོ་ ༣༠ ཡིན་པ་དང་།
ད་ལྟའི་ཆར་ཁོང་གསུམ་རྒྱ་ནག་གཞུང་ནས་འཛིན་བཟུང་གི་བཀའ་ཁྱབ་བཀྲམ་ཟིན་ཡང་ཁོང་གསུམ་ཤི་གསོན་ཅི་བྱུང་དང་གར་སོང་ཆ་མེད་དུ་གྱུར་སྟབས། ཁོང་རྣམ་པའི་ཚབ་ཏུ་ཚེ་རིང་སྐྱིད་པོའི་ཕ་སངས་དཔའ་དང་བྱམས་པ་དངོས་གྲུབ་ཀྱི་སྤུན་མཆེད་རྨོ་ལྕགས་གཉིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག ད་དུང་ཁོང་གསུམ་གྱི་ཁྱིམ་མིར་ཉེས་ཆད་རྒྱ་སྒོར་ཁྲི་གཉིས་རེ་བཅད་ཡོད་འདུག་པ་བཅས། །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 7 སྡོམས་རོགས།